བར་ཐག་གླེང་བ།

                    ༡
ཁེར་རྐྱང་གི་མེ་ཚེ་དང་དྲན་གདུང་གི་སྡུག་བསྔལ
ད་དུང་རོལ་མི་ཚར་བའི་ལོངས་སྤྱོད་དེ་དག
ནུབ་རླུང་བཞིན      ལྷིང་འཇགས་ཀྱི་ས་གཞི་ལ་འཇབ་རྒོལ་བྱེད་དུས
ལྐོག་གྱུར་གྱི་འཚོ་བ་འདི
འུ་ཐུག་གིས་རོལ་ལམ     ཡང་ན་སྐྱོ་གདུང་གིས་རོལ
                  ༢
སྒེའུ་ཁུང་ཕྱི་རོལ་གྱི་གཡའ་ལོ་བཞིན་འཕུར་བའི་སེམས་པ་དང
གྲང་རླུང་ལྟར་ལྡང་བའི་མི་ཁ་གཉིས
དུས་རབས་འདིའི་མངའ་ཁོངས་ན་རྟེན་ཅིང་འབྲེལ་བས
བགྲོད་ལམ་འདི་གུ་དོག་ཀྱང      ང་ལ་འཁང་ར་ཅི་ཡང་མེད
གནམ་འོག་འདི་ཆེ་དྲགས་ཀྱང      ང་ལ་རྟེན་ས་ཅི་ཡང་མེད
སུས་བཤད་ཀྱང
གདམ་ང་ནི་རང་དབང་གི་ཁྱིམ་གཞི་ཡིན
                    ༣
འཇམ་ཐིང་ཐིང་གི་མཚན་མོ་འདིའི་ཕར་ངོགས་ན
རིང་སྤྱང་ལྟ་བུའི་ང    སུ་ཞིག་གི་དོན་དུ
སྨྱོ་ཧམ་གྱིས་འདུར་ཏེ་རྔོན་པའི་མདའ་ཁར་ལྷུང
ངོ་མ     འཁྱོལ་དཀའ་བའི་ལོ་ཟླ་འདི་དག་ལ
མི་དྲན་ཟེར་རྒྱུ་དངོས་གནས་དཀའ་མོ་རེད
                 ༤
རོལ་དབྱངས་ལྟ་བུའི་མི་ཚེ་ཅིག་གམ
མི་ཚེ་ལྟ་བུའི་རོལ་དབྱངས་ཀྱི་བར་གསེང་ན
ཀེང་རུས་ལས་གྲུབ་པའི་གཟུགས་བརྙན་དང
ལིས་པེ་ལྟ་བུའི་སྙན་ངག་པ་དེ
མྱ་ངམ་གྱི་ཐང་ལ་ཨུ་ཚུགས་ཀྱིས་འཁྱམ་དོན་ཅི
                           ༥
ལྷོ་ཕྱོགས་ནས་འབྱོར་བའི་ཁྱོད་ཀྱི་ཁ་པར་ལས
ཉི་མ་ལྷ་སའི་ཡུལ་ལྗོངས་དང
རྒྱལ་ས་པེ་ཅེན་གྱི་འཚོ་བ་ལས
གྲོང་ཁྱེར་ཧྲང་ཧེའི་གནས་བབ་ང་ལ་འོས་ཤིང་འཚམཟེར
ངོ་མ་དེ་འདྲ་ཡིན་ནམ     མལ་ཁང་དུ་ངས་ཀྱང་དེ་ལྟར་ལབ
                    ༦
རི་གྲོང་གི་ཁོར་ཡུག་འདི་ལས
ཁ་བའི་མྱ་ངན་གྱིས་ས་གཞི་ལ་སེམས་གསོའི་མཆི་མ་གཏོར་མཁན་གྱི་ཁྱོད
ས་ཐག་རིང་ས་ཞིག་ལ་ཕྱིན་ནའང
ཚེ་སྲོག་གི་རུས་རྐང་མ་འཐོར་བར་དུ་ངས་བརྗེད་ག་ལོ་འོས
                     ༧
བར་ཐག་ཇི་འདྲ་རིང་ཡང
གློག་རྡུལ་རོལ་རྩེད་ཀྱི་སྣེ་མོ་ནས
རྫོགས་རྒྱུ་མེད་པའི་གཏམ་གླེང་ལ་རོལ་ཏེ
སྟོང་བསམ་གྱི་མེ་ལོང་ངོས་འདྲ་རིས་སྣ་ཚོགས་འཆར་བ
ཏག་ཏག་ཟླ་བ་གཉིས་ཀྱི་ཡར་སྔོན་རེད
                 ༨
ཤོག་བྱ་བཞིན་འཕུར་བའི་གཟུགས་མེད་ཀྱི་སེམས་པ
སྐར་མདའ་ཞིག་གི་ཟོལ་གྱིས་ཡུལ་གྲུ་གང་རུང་ལ་ལྷུང་དུས
ཁྱོད་ང་དང་བར་ཐག་རིང་ས་ཞིག་ན་ཡོད
དེ་ནི་རི་གྲོང་གི་དབྱར་གཞུང་ཞིག་སྟེ
རྫོངས་སྐལ་མེད་པའི་སྐྱེལ་མ་ཐེངས་གཅིག་གི་རྗེས་སུ
ཁོ་བོས་ཁེར་རྐྱང་གི་ལོ་ཟླ་བསྐྱལ་བའི་གཏམ་རྒྱུད་ཡིན
                    ༩
དགོང་ཀའི་མཚམས་སྤྲིན་བཞིན་ཡལ་བའི་ཁྱོད་རང
ངའི་དྲན་གདུང་གི་གཏིང་ཟབ་ས་ན་འཛུམ་ཡོད
དྲན་པའི་ཉིན་ཐོ་དང་འཚོ་བའི་ཁ་དོག་གི་གསེབ་ནས
གླུ་གཞས་གསེང་མཐོར་ལེན་དོན    ཁྱོད་ཀྱིས་ཤེས་ན
ང་ཁྱོད་ལ་དབང་བའི་བསྒྲགས་གཏམ་ཡིན

རྩོམ་ཁུངས། ༢༠༠༤ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བར་ཐག་གླེང་བ།

2010-06-28 གཉན་འཛུམ་དཀར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།