མིང་མེད།

ད་ལྟ    ངས་གཞི་ནས་འཚོ་བའི་བླ་གནས་ལ་རེག་བྱུང
འགུལ་སྟངས་ཤིག་གིས་ཀྱང
རྣམ་ཤེས་ལྡོམ་པོ་ཞིག་དང་ཤ་ཁྲག་གདོས་བཅས་ཤིག་ལ
ཉིང་མཚམས་སྦྱར་བའི་ཆེས་ཐོག་མའི་ཆོ་ག
ཟིལ་བ་ཐར་ཐོར      ལང་ཚོའི་འདབ་མ་ནས་འགྲིལ་ཏེ
སྨན་ཆུང་གི་གཏིང་རིམ་དུ་སིམ་སོང

དེ་ནས               ལྐོག་གཡོ་དང་ཚུལ་འཆོས་རྗེན་པར་གྱུར་ཅིང
རང་གཤིས་རྣལ་མ་ཞིག་གི་དབྱངས་རྟ
མཚན་མོའི་སྙན་ལམ་དུ་མངོན་ཆུང་ངང་མཆེད་ཡོང
ཁྱོད་ཀྱི་ཁ་ཕྱེས་པ་ཙམ་གྱིས་ཀྱང
རྫོགས་ཆེན་གྱི་ས་བཅུའི་ལམ་ཆེན་གསལ་ལྷང་ངེར་སོང་ཞིང
མིག་ཟུང་གིས་འཁོར་བ་འདི་ག་ལེར་ག་ལེར་ཟུམ

སྐབས་འདིར      གྱེན་དུ་ཡང་ཡང་ཕྱོགས་པ་ནི
ཟླ་འོད་ཀྱིས་སྐོམ་པའི་ཀུ་མུད་ཀྱི་ཞལ་རས
ང་མར་འཁོར་ནས་ཁྱོད་ཀྱི་སྟོང་ཆ་ཡང་ཡང་སྐོང་དུས
ད་གཟོད་ཐ་དད་གཉིས་གཞི་གཅིག་ཏུ་གྲུབ་ཅིང
དབུ་མ་ལྟ་བུའི་ངེས་འབྱུང་བརྗོད་མེད་ཅིག
རུས་རྐང་གི་གསེང་དང་རྩ་ལམ་གྱི་རྒྱུན་ལ་ཁྱབ་སོང

མཇུག་མཐར     མེ་ཏོག་གི་སྦུབས་་བརླན་གྱིས་གཤེར་དུས
སྨན་ཆུང་གི་མཆི་མ་ཀྲིག་ཀྲིག་གི་མཐོང་ལམ་དུ
ཡུན་རིང་བོར་སྒང་གཤོང་འགྲིམ་མཁན་གྱི་རྒྱང་བཞུད་པ
དབུགས་ཧལ་ཧལ་གྱིས་འགྱེལ་ཅིང
འཆི་བའི་བདེ་བ་ཞིག་བཟོད་བླགས་པའི་ངང
སྟོང་ཉིད་ཀྱི་ངོ་བོར་སིམ་ནས་ཡོང 
                                ༢༠༠༢. ༡༠. ༢༠

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མིང་མེད།

2010-06-16 ལྷ་བུ། ཀློག་གྲངས། མཆན ཡོད།

ད་ལྟ    ངས་གཞི་ནས་འཚོ་བའི་བླ་གནས་ལ་རེག་བྱུང
འགུལ་སྟངས་ཤིག་གིས་ཀྱང
རྣམ་ཤེས་ལྡོམ་པོ་ཞིག་དང་ཤ་ཁྲག་གདོས་བཅས་ཤིག་ལ
ཉིང་མཚམས་སྦྱར་བའི་ཆེས་ཐོག་མའི་ཆོ་ག
ཟིལ་བ་ཐར་ཐོར      ལང་ཚོའི་འདབ་མ་ནས་འགྲིལ་ཏེ
སྨན་ཆུང་གི་གཏིང་རིམ་དུ་སིམ་སོང

དེ་ནས               ལྐོག་གཡོ་དང་ཚུལ་འཆོས་རྗེན་པར་གྱུར་ཅིང
རང་གཤིས་རྣལ་མ་ཞིག་གི་དབྱངས་རྟ
མཚན་མོའི་སྙན་ལམ་དུ་མངོན་ཆུང་ངང་མཆེད་ཡོང
ཁྱོད་ཀྱི་ཁ་ཕྱེས་པ་ཙམ་གྱིས་ཀྱང
རྫོགས་ཆེན་གྱི་ས་བཅུའི་ལམ་ཆེན་གསལ་ལྷང་ངེར་སོང་ཞིང
མིག་ཟུང་གིས་འཁོར་བ་འདི་ག་ལེར་ག་ལེར་ཟུམ

སྐབས་འདིར      གྱེན་དུ་ཡང་ཡང་ཕྱོགས་པ་ནི
ཟླ་འོད་ཀྱིས་སྐོམ་པའི་ཀུ་མུད་ཀྱི་ཞལ་རས
ང་མར་འཁོར་ནས་ཁྱོད་ཀྱི་སྟོང་ཆ་ཡང་ཡང་སྐོང་དུས
ད་གཟོད་ཐ་དད་གཉིས་གཞི་གཅིག་ཏུ་གྲུབ་ཅིང
དབུ་མ་ལྟ་བུའི་ངེས་འབྱུང་བརྗོད་མེད་ཅིག
རུས་རྐང་གི་གསེང་དང་རྩ་ལམ་གྱི་རྒྱུན་ལ་ཁྱབ་སོང

མཇུག་མཐར     མེ་ཏོག་གི་སྦུབས་་བརླན་གྱིས་གཤེར་དུས
སྨན་ཆུང་གི་མཆི་མ་ཀྲིག་ཀྲིག་གི་མཐོང་ལམ་དུ
ཡུན་རིང་བོར་སྒང་གཤོང་འགྲིམ་མཁན་གྱི་རྒྱང་བཞུད་པ
དབུགས་ཧལ་ཧལ་གྱིས་འགྱེལ་ཅིང
འཆི་བའི་བདེ་བ་ཞིག་བཟོད་བླགས་པའི་ངང
སྟོང་ཉིད་ཀྱི་ངོ་བོར་སིམ་ནས་ཡོང 
                                ༢༠༠༢. ༡༠. ༢༠

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།