ངང་མོ། འཕུར་ཁར་ངའི་དབྱར་གཞུང་ཁྱེར་ལ་སོང་།

ངང་མོ    
འཕུར་ཁར་ངའི་དབྱང་གཞུང་ཁྱེར་ལ་སོང
མེ་ཏོག་ལས་འབར་བའི་ལང་ཚོ
འཇའ་ཚོན་ལས་བཞུར་བའི་རྨི་ལམ
ངས་སྔ་མོ་ནས
ཁྱོད་ཀྱི་བྲང་གཞུང་གི་དུས་ཚིགས་རེ་རེ་མཆོད་པ་རུ་བཏེགས་ཟིན
དར་ལྕེ་བཞིན་རླུང་ཁར་ཟད་བཞིན་པའི་སྐྲ་ལོ་རིང་བོ་འདི
ས་ཆེན་ཞིག་འཇིག་པའི་ཁྲག་རྩ་རྗེས་མ་ཡིན་ལ
ཁྱོད་ཀྱི་གཤོག་གར་ཟླུམ་པོའི་སྟངས་སྟབས་བར་ནས
རླུང་རྟ་ལེབ་མོ་ཞིག་དང་མཚུངས་པར
ཕྱི་མིག་དམར་པོ་གང་དེའི་ཡང་སྙིང་བསམ་གྱིན
སྟོང་འཇགས་ཀྱི་བྱང་ཐང་ཞིག་ནས་བསྐལ་བའི་བར་གཉིད་དུ་ཡུར་ན་འདོད་ཨང

ངང་མོ
འཕུར་ཁར་ངའི་དབྱར་གཞུང་ཁྱེར་ལ་སོང
སྦྲང་ཆུང་ལྟར་རྩེན་པའི་རྣམ་ཤེས
སྤྲིན་པ་བཞིན་འགྱུ་བའི་ལས་དབང
ངས་སྔ་མོ་ནས
ཁྱོད་ཀྱི་རང་དབང་གི་གཤོག་པ་ནམ་མཁའ་རུ་སྦྱིན་བསྲེག་བྱས་ཚར
སྨིན་དྲུག་ལྟར་འཐོར་ལ་ཁད་ཀྱི་མཆི་མའི་དོག་པ་འདི
མཚོ་ཆེན་ཞིག་སྐམ་པའི་ལན་ཚྭ་ཐ་མ་ཡིན་ལ
ཁྱོད་ཀྱི་མགུར་དབྱངས་སྙན་མོའི་ཞིམ་མངར་ཁྲོད་ནས
སྐད་ཅིག་མའི་སྐར་མདའ་ཞིག་དང་འདྲ་བར
སྨོན་ལམ་དཀར་པོ་ཞིག་གི་ཟབ་ཚད་འཇལ་གྱིན
མུ་མེད་ཀྱི་དབྱིངས་རིམ་ཞིག་ཏུ་ནམ་ཡང་ཡལ་བར་སོང་ན་འདོད་ཨང
ངང་མོ་ཡ་ངང་མོ
འཕུར་ཁར་ཅིས་ཀྱང་ངའི་དབྱར་གཞུང་ཁྱེར་ལ་སོང
                                             ༢༠༠༢. ༩. ༡༠

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངང་མོ། འཕུར་ཁར་ངའི་དབྱར་གཞུང་ཁྱེར་ལ་སོང་།

2010-06-16 ནེའུ་ཆུང་། ཀློག་གྲངས། མཆན ཡོད།

ངང་མོ    
འཕུར་ཁར་ངའི་དབྱང་གཞུང་ཁྱེར་ལ་སོང
མེ་ཏོག་ལས་འབར་བའི་ལང་ཚོ
འཇའ་ཚོན་ལས་བཞུར་བའི་རྨི་ལམ
ངས་སྔ་མོ་ནས
ཁྱོད་ཀྱི་བྲང་གཞུང་གི་དུས་ཚིགས་རེ་རེ་མཆོད་པ་རུ་བཏེགས་ཟིན
དར་ལྕེ་བཞིན་རླུང་ཁར་ཟད་བཞིན་པའི་སྐྲ་ལོ་རིང་བོ་འདི
ས་ཆེན་ཞིག་འཇིག་པའི་ཁྲག་རྩ་རྗེས་མ་ཡིན་ལ
ཁྱོད་ཀྱི་གཤོག་གར་ཟླུམ་པོའི་སྟངས་སྟབས་བར་ནས
རླུང་རྟ་ལེབ་མོ་ཞིག་དང་མཚུངས་པར
ཕྱི་མིག་དམར་པོ་གང་དེའི་ཡང་སྙིང་བསམ་གྱིན
སྟོང་འཇགས་ཀྱི་བྱང་ཐང་ཞིག་ནས་བསྐལ་བའི་བར་གཉིད་དུ་ཡུར་ན་འདོད་ཨང

ངང་མོ
འཕུར་ཁར་ངའི་དབྱར་གཞུང་ཁྱེར་ལ་སོང
སྦྲང་ཆུང་ལྟར་རྩེན་པའི་རྣམ་ཤེས
སྤྲིན་པ་བཞིན་འགྱུ་བའི་ལས་དབང
ངས་སྔ་མོ་ནས
ཁྱོད་ཀྱི་རང་དབང་གི་གཤོག་པ་ནམ་མཁའ་རུ་སྦྱིན་བསྲེག་བྱས་ཚར
སྨིན་དྲུག་ལྟར་འཐོར་ལ་ཁད་ཀྱི་མཆི་མའི་དོག་པ་འདི
མཚོ་ཆེན་ཞིག་སྐམ་པའི་ལན་ཚྭ་ཐ་མ་ཡིན་ལ
ཁྱོད་ཀྱི་མགུར་དབྱངས་སྙན་མོའི་ཞིམ་མངར་ཁྲོད་ནས
སྐད་ཅིག་མའི་སྐར་མདའ་ཞིག་དང་འདྲ་བར
སྨོན་ལམ་དཀར་པོ་ཞིག་གི་ཟབ་ཚད་འཇལ་གྱིན
མུ་མེད་ཀྱི་དབྱིངས་རིམ་ཞིག་ཏུ་ནམ་ཡང་ཡལ་བར་སོང་ན་འདོད་ཨང
ངང་མོ་ཡ་ངང་མོ
འཕུར་ཁར་ཅིས་ཀྱང་ངའི་དབྱར་གཞུང་ཁྱེར་ལ་སོང
                                             ༢༠༠༢. ༩. ༡༠

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།