ངང་སྒུག་གི་གོ་རིམ།

                                            ངང་སྒུག་ནི་སྡུག་བསྔལ་ཞིག
                                                       ངང་སྒུག་ནི་བདེ་སྐྱིད་ཅིག
                                                                  
 _____ཁ་བྱང་དང་འབྲེལ་བའི་གཏམ།
ཞོགས་པ་ནས་ས་སྲོད་བར་དུ     རང་ཉིད་དུས་ཚོད་ཀྱི་སྔོན་དུ་འགྲེང་ནས
ངས་བློ་སེམས་རྩེ་གཅིག་གིས་ཁྱོད་ཀྱི་སྙིང་ཉེ་བའི་གོམ་སྒྲར་སྒུག
བརྩེ་དུངས་ནི་ཆང་རག་བསྙལ་བའི་གོ་རིམ་དེ་མ་ཡིན་ནམ
ད་ནི་ངས་ལོ་ཆང་ཁམ་པ          ཟླ་ཆང་བསིལ་མ      ཞག་ཆང་དྲོན་མོ
སེམས་པ་འདིའི་ཆེས་གཙང་ས་ནས་ཁྱོད་ལ་ག་ལེར་འདྲེན

བརྩེ་དུངས་ནི་འགྲེལ་མི་ནུས་པའི་ཚོར་སྣང་རིགས་ཤིག་ཏུ་སྣང་བས
ཚོར་སྣང་དེ་ཡིད་ལ་བཅགས་པའི་ཚོར་སྣང་ནི་བདེ་སྐྱིད་ཅིག་དང་སྡུག་བསྔལ་ཞིག
ཚོར་སྣང་དེ་ཕྱི་རུ་ཕྱུང་བའི་ཚོར་སྣང་ཡང་སྡུག་བསྔལ་ཞིག་དང་བདེ་སྐྱིད་ཅིག
ད་ལྟ      ང་རང་ཁུ་སིམ་སིམ་གྱི་རང་ཉིད་དང་བསྡོངས་ནས་ཁུ་སིམ་སིམ་ངང་བསྡད་ཡོད
ཁྱོད་ཉིད་ཀྱང་ངའི་ཁུ་སིམ་སིམ་གྱི་བར་སྣང་དུ་འབྱོན་པར་ངས་ཡུན་རིང་སྒུག
འདི་ལྟ་བུའི་སྐབས་སུ       ངས་རང་ཉིད་ཀྱི་ལྷད་མེད་པའི་ཆ་མང་ཡང་རིམ་བཞིན་རྟོགས་པས
ངས་རང་ཉིད་ཁྱོད་དང་དྲང་ཐིག་གཅིག་ཏུ་གཞལ་བའི་སྤོབས་པ་ངང་གིས་རྒྱས་ཤིང
ཁྱོད་ལ་སེམས་ཀྱིས་སྒུག་པའི་དམ་བཅའ་ཡང་གོར་མོ་རྡོ་ལ་ཕབ

ཕྱི་རོལ་གྱི་དུས་ཚིགས་ང་ལ་འབྲེལ་བ་མེད
མིག་མདུན་གྱི་བྱ་དངོས་ང་ལ་འབྲེལ་བ་མེད
དུངས་སེམས་ཀྱིས་འཁུར་བའི་ལན་ཆགས་མ    ཁྱོད་རང་དངོས་གནས་མི་ངལ་ལམ
བདག་གི་བསམ་གཞིག་ནི་ཁྱོད་ཀྱི་རང་དབང་གི་རྩེད་ར་མ་ཡིན་པར
བདག་གི་སེམས་གཞིས་ནི་ཁྱོད་ཉིད་ངལ་གསོ་བའི་ལོག་མལ་ལགས
ད་ལྟ      ངས་རང་སེམས་ཀྱི་སྒོ་མོ་ཁྱོད་ཕྱོགས་སུ་བརྒྱངས་ཡོད
ཞོགས་པ་ཡལ་སོང     ས་སྲོད་ཡལ་སོང     ངས་ད་དུང་འགྱོད་མེད་ངང་ཁྱོད་ལ་སྒུག
                                                                                  ༢༠༠༢. ༩. ༦ཉིན་ཟི་ལིང་ནས།

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངང་སྒུག་གི་གོ་རིམ།

2010-06-13 ཁྲི་སེམས་དཔའ། ཀློག་གྲངས། མཆན ཡོད།

                                            ངང་སྒུག་ནི་སྡུག་བསྔལ་ཞིག
                                                       ངང་སྒུག་ནི་བདེ་སྐྱིད་ཅིག
                                                                  
 _____ཁ་བྱང་དང་འབྲེལ་བའི་གཏམ།
ཞོགས་པ་ནས་ས་སྲོད་བར་དུ     རང་ཉིད་དུས་ཚོད་ཀྱི་སྔོན་དུ་འགྲེང་ནས
ངས་བློ་སེམས་རྩེ་གཅིག་གིས་ཁྱོད་ཀྱི་སྙིང་ཉེ་བའི་གོམ་སྒྲར་སྒུག
བརྩེ་དུངས་ནི་ཆང་རག་བསྙལ་བའི་གོ་རིམ་དེ་མ་ཡིན་ནམ
ད་ནི་ངས་ལོ་ཆང་ཁམ་པ          ཟླ་ཆང་བསིལ་མ      ཞག་ཆང་དྲོན་མོ
སེམས་པ་འདིའི་ཆེས་གཙང་ས་ནས་ཁྱོད་ལ་ག་ལེར་འདྲེན

བརྩེ་དུངས་ནི་འགྲེལ་མི་ནུས་པའི་ཚོར་སྣང་རིགས་ཤིག་ཏུ་སྣང་བས
ཚོར་སྣང་དེ་ཡིད་ལ་བཅགས་པའི་ཚོར་སྣང་ནི་བདེ་སྐྱིད་ཅིག་དང་སྡུག་བསྔལ་ཞིག
ཚོར་སྣང་དེ་ཕྱི་རུ་ཕྱུང་བའི་ཚོར་སྣང་ཡང་སྡུག་བསྔལ་ཞིག་དང་བདེ་སྐྱིད་ཅིག
ད་ལྟ      ང་རང་ཁུ་སིམ་སིམ་གྱི་རང་ཉིད་དང་བསྡོངས་ནས་ཁུ་སིམ་སིམ་ངང་བསྡད་ཡོད
ཁྱོད་ཉིད་ཀྱང་ངའི་ཁུ་སིམ་སིམ་གྱི་བར་སྣང་དུ་འབྱོན་པར་ངས་ཡུན་རིང་སྒུག
འདི་ལྟ་བུའི་སྐབས་སུ       ངས་རང་ཉིད་ཀྱི་ལྷད་མེད་པའི་ཆ་མང་ཡང་རིམ་བཞིན་རྟོགས་པས
ངས་རང་ཉིད་ཁྱོད་དང་དྲང་ཐིག་གཅིག་ཏུ་གཞལ་བའི་སྤོབས་པ་ངང་གིས་རྒྱས་ཤིང
ཁྱོད་ལ་སེམས་ཀྱིས་སྒུག་པའི་དམ་བཅའ་ཡང་གོར་མོ་རྡོ་ལ་ཕབ

ཕྱི་རོལ་གྱི་དུས་ཚིགས་ང་ལ་འབྲེལ་བ་མེད
མིག་མདུན་གྱི་བྱ་དངོས་ང་ལ་འབྲེལ་བ་མེད
དུངས་སེམས་ཀྱིས་འཁུར་བའི་ལན་ཆགས་མ    ཁྱོད་རང་དངོས་གནས་མི་ངལ་ལམ
བདག་གི་བསམ་གཞིག་ནི་ཁྱོད་ཀྱི་རང་དབང་གི་རྩེད་ར་མ་ཡིན་པར
བདག་གི་སེམས་གཞིས་ནི་ཁྱོད་ཉིད་ངལ་གསོ་བའི་ལོག་མལ་ལགས
ད་ལྟ      ངས་རང་སེམས་ཀྱི་སྒོ་མོ་ཁྱོད་ཕྱོགས་སུ་བརྒྱངས་ཡོད
ཞོགས་པ་ཡལ་སོང     ས་སྲོད་ཡལ་སོང     ངས་ད་དུང་འགྱོད་མེད་ངང་ཁྱོད་ལ་སྒུག
                                                                                  ༢༠༠༢. ༩. ༦ཉིན་ཟི་ལིང་ནས།

རྩོམ་ཁུངས། ༢༠༠༢ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།