གཡག་རྒྱབ་ཀྱི་བུ་མོ།

འབྲོང་ཕྲུག་ལྷ་ཆེན་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-06

                                              《སྦྲང་ཆརགྱི་བར་བཅུག་རི་མོསློབ་གྲྭར་བསྐྱོད་པའི་ལམ་དུཞེས་པ་མཐོང་རྗེས་ཐོལ་བྱུང་དུ་བྲིས་པ།
ཞོསག་པ་དེར།
ཁ་བ་མ་བབས།
གྲང་རླུང་ཡང་མ་ལྡང༌།
རྒྱང་རིང་གི་གནམ་མཐའ་ནས།
ཉི་མ་སེར་པོ་ཞིག་ག་ལེར་འཛུམ་ཞིང༌།
སྤྲིན་པ་དཀར་པོ་ཞིག་ཀྱང་དལ་བུར་གཡོ།

ཞོགས་པ་དེར།
ཐོ་རེངས་སྐར་ཆེན་དང་ཁྱོད་གཉིས།
གཡག་རྒན་ཁྲ་ཐོའི་འཕོངས་ན་སྙིང་དུ་སྡུག
ཉི་འོད་ཀྱི་སྔ་རོལ་ནས་བཟུང༌།
སྐྱ་རེངས་ཀྱི་བསུ་མ་ཇི་བཞིན།
ངས་ཡུན་རིང་ལ་རེ་ཞིང་སྒུག་པ་ནང་བཞིན།
ངའི་སྙན་ངག་གི་མེ་ཏོག་ཚལ་ན་ཡིད་དུ་འོང༌།

ཞོགས་པ་དེར།
ཁུ་བྱུག་གི་གསུང་སྙན་ཁྲོད་དུ།
རྩྭ་ལྗང་དང་མེ་ཏོག་གི་བྲོ་གར་ཁྲོད་དུ།
ཕྱེ་ལེབ་ཀྱི་གར་སྟབས་ཁྲོད་དུ།
གཡང་དཀར་གྱི་འབའ་གཞས་དང་རྟ་ཕོའི་རྨིག་སྒྲའི་ཁྲོད་དུ།
འབྲི་མོའི་བཞོ་དབྱངས་ཁྲོད་དུ།
ཁྱོད་ཀྱི་སྐེ་དཀྲིས་དམར་པོ་ལྷབ་ལྷུབ་ཏུ་སྐྱོད།
ཁྱོད་ཀྱི་ལན་བུ་ཕྲ་བོ་ཡུག་ཡུག་གཡོ།
ཁྱོད་ཀྱི་བྱིས་བློ་གཉོམ་པོ་ལྷུག་ལྷུག་འཛུམ།

ཞོསག་པ་དེར།
གསང་བ་མང་བོའི་ཁྲོད།
ད་དུང་གསང་བས་བཞད་པའི་མེ་ཏོག་དམར་ཆུང་མ།
སླར་ཡང༌།  གསང་བ་ག་ཚོད་ཁྲོད་བཞད་ཡོང༌།

ཞེན་ཆགས་ཡོད་ཚད་རེ་ཞིག་རྒྱབ་ཏུ་བཞག་ནས།
བདག་ཀྱང་ཁྱོད་དང་མཉམ་དུ་སློབ་གྲྭར་བསྐྱོད་འདོད།
ངའི།  གཡག་རྒྱབ་ཀྱི་བུ་མོ་ཆུང་ཆུང༌།
མེ་ཏོག་དམར་པོའི་ཚུལ་གྱིས།
ཡིད་དུ་འོང་བའི་འཛུམ་ཆུང་སྦོས་རོགས་ཞུ།
རི་ཞིག   སྦོས་རོགས་ཞུ།

རྩོམ་ཁུངས། ༢༠༠༩ལོའིི་སྦྲང་ཆར་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཡག་རྒྱབ་ཀྱི་བུ་མོ།

2010-06-06 འབྲོང་ཕྲུག་ལྷ་ཆེན་རྒྱལ། ཀློག་གྲངས། མཆན ཡོད།

                                              《སྦྲང་ཆརགྱི་བར་བཅུག་རི་མོསློབ་གྲྭར་བསྐྱོད་པའི་ལམ་དུཞེས་པ་མཐོང་རྗེས་ཐོལ་བྱུང་དུ་བྲིས་པ།
ཞོསག་པ་དེར།
ཁ་བ་མ་བབས།
གྲང་རླུང་ཡང་མ་ལྡང༌།
རྒྱང་རིང་གི་གནམ་མཐའ་ནས།
ཉི་མ་སེར་པོ་ཞིག་ག་ལེར་འཛུམ་ཞིང༌།
སྤྲིན་པ་དཀར་པོ་ཞིག་ཀྱང་དལ་བུར་གཡོ།

ཞོགས་པ་དེར།
ཐོ་རེངས་སྐར་ཆེན་དང་ཁྱོད་གཉིས།
གཡག་རྒན་ཁྲ་ཐོའི་འཕོངས་ན་སྙིང་དུ་སྡུག
ཉི་འོད་ཀྱི་སྔ་རོལ་ནས་བཟུང༌།
སྐྱ་རེངས་ཀྱི་བསུ་མ་ཇི་བཞིན།
ངས་ཡུན་རིང་ལ་རེ་ཞིང་སྒུག་པ་ནང་བཞིན།
ངའི་སྙན་ངག་གི་མེ་ཏོག་ཚལ་ན་ཡིད་དུ་འོང༌།

ཞོགས་པ་དེར།
ཁུ་བྱུག་གི་གསུང་སྙན་ཁྲོད་དུ།
རྩྭ་ལྗང་དང་མེ་ཏོག་གི་བྲོ་གར་ཁྲོད་དུ།
ཕྱེ་ལེབ་ཀྱི་གར་སྟབས་ཁྲོད་དུ།
གཡང་དཀར་གྱི་འབའ་གཞས་དང་རྟ་ཕོའི་རྨིག་སྒྲའི་ཁྲོད་དུ།
འབྲི་མོའི་བཞོ་དབྱངས་ཁྲོད་དུ།
ཁྱོད་ཀྱི་སྐེ་དཀྲིས་དམར་པོ་ལྷབ་ལྷུབ་ཏུ་སྐྱོད།
ཁྱོད་ཀྱི་ལན་བུ་ཕྲ་བོ་ཡུག་ཡུག་གཡོ།
ཁྱོད་ཀྱི་བྱིས་བློ་གཉོམ་པོ་ལྷུག་ལྷུག་འཛུམ།

ཞོསག་པ་དེར།
གསང་བ་མང་བོའི་ཁྲོད།
ད་དུང་གསང་བས་བཞད་པའི་མེ་ཏོག་དམར་ཆུང་མ།
སླར་ཡང༌།  གསང་བ་ག་ཚོད་ཁྲོད་བཞད་ཡོང༌།

ཞེན་ཆགས་ཡོད་ཚད་རེ་ཞིག་རྒྱབ་ཏུ་བཞག་ནས།
བདག་ཀྱང་ཁྱོད་དང་མཉམ་དུ་སློབ་གྲྭར་བསྐྱོད་འདོད།
ངའི།  གཡག་རྒྱབ་ཀྱི་བུ་མོ་ཆུང་ཆུང༌།
མེ་ཏོག་དམར་པོའི་ཚུལ་གྱིས།
ཡིད་དུ་འོང་བའི་འཛུམ་ཆུང་སྦོས་རོགས་ཞུ།
རི་ཞིག   སྦོས་རོགས་ཞུ།

རྩོམ་ཁུངས། ༢༠༠༩ལོའིི་སྦྲང་ཆར་དེབ་དང་པོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།