ཕོ་ལོ་ཉེར་ལྔ༌།

ཁང་སྐྱིད་བསོད་བསྟན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-06

རི་རོ་ལྟར་བྲིས་པའི་ཕོ་ལོ་ཉེར་ལྔ།
རླུང་རྟ་ལྟར་སྤུར་པའི་ཕོ་ལོ་ཉེར་ལྔ།
མིག་ཆུ་ལྟར་ཟགས་པའི་ཕོ་ལོ་ཉེར་ལྔ།

ཆུང་དུས་མ་བྱས་བསམ་པ་གང་མང་ཞིག
ཕོ་ལོ་ཉེར་ལྔའི་ལོ་རྒྱུས་ཀྱི་རི་མོ་བཀོད་ནས་རྫོགས།
ཆངཝ་དུས་བྱས་ཨང་བསམ་པའི་རེ་སེམས་དུ་མ།
ཕོ་ལོ་ཉེར་ལྔའི་མདུན་ལྗོངས་ན་རླུང་རྟ་བཞིན་འཕུར།
དེ་ནི་ཕོ་ལོ་ཉེར་ལྔའི་དགེ་སྡིག་ཡོད་ཚད་ཀྱི་རྩིས་ཐོ་རེད།
དེ་ནི་ཕོ་ལོ་ཉེར་ལྔའི་ལམ་དཀྱིལ་ངལ་གསོའི་མཚམས་ཀྱི་མིག་ཆུ་རེད།

ཕོ་ལོ་ཉེར་ལྔ།  མཛེས་སྡུག་གི་རི་མོ་རེད།
འབྲི་རྒྱུར་ལུས་པའང་ད་དུང་མང་བོ་ཡོད།
ཕོ་ལོ་ཉེར་ལྔ།  རི་རྩེ་ནས་སྤུར་བའི་རླུང་རྟ་རེད།
ད་དུང་ཡང་བར་སྣང་དུ་ལྡིང་ཞིང་འཕྱོ།
ཕོ་ལོ་ཉེར་ལྔ།   ཁྲུམ་ཁྲུམ་དུ་ཟགས་པའི་མིག་ཆུ་རེད།
ཐིགས་ཕྲན་རེ་རེ་ན་འགྱོད་སེམས་ཀྱི་སྐྱོ་སྣང་གྲངས་མེད་འཁུར།

ཕོ་ལོ་ཉེར་ལྔ།   ལམ་དཀྱིལ་དུ་ལུས་པའི་འགྲོན་པོ་རེད།
དོ་ནུབ་སྡོད་པའི་གནས་ཚང་ཞིག་ཀྱང་རྙེད་དཀའ།
སང་ཉིན་འགྲོ་སའི་ལམ་བུ་དེའང་ད་དུང་རྒྱང་ཐག་རིང༌།

རྩོམ་ཁུངས། ༢༠༠༩ལོའིི་སྦྲང་ཆར་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕོ་ལོ་ཉེར་ལྔ༌།

2010-06-06 ཁང་སྐྱིད་བསོད་བསྟན། ཀློག་གྲངས། མཆན ཡོད།

རི་རོ་ལྟར་བྲིས་པའི་ཕོ་ལོ་ཉེར་ལྔ།
རླུང་རྟ་ལྟར་སྤུར་པའི་ཕོ་ལོ་ཉེར་ལྔ།
མིག་ཆུ་ལྟར་ཟགས་པའི་ཕོ་ལོ་ཉེར་ལྔ།

ཆུང་དུས་མ་བྱས་བསམ་པ་གང་མང་ཞིག
ཕོ་ལོ་ཉེར་ལྔའི་ལོ་རྒྱུས་ཀྱི་རི་མོ་བཀོད་ནས་རྫོགས།
ཆངཝ་དུས་བྱས་ཨང་བསམ་པའི་རེ་སེམས་དུ་མ།
ཕོ་ལོ་ཉེར་ལྔའི་མདུན་ལྗོངས་ན་རླུང་རྟ་བཞིན་འཕུར།
དེ་ནི་ཕོ་ལོ་ཉེར་ལྔའི་དགེ་སྡིག་ཡོད་ཚད་ཀྱི་རྩིས་ཐོ་རེད།
དེ་ནི་ཕོ་ལོ་ཉེར་ལྔའི་ལམ་དཀྱིལ་ངལ་གསོའི་མཚམས་ཀྱི་མིག་ཆུ་རེད།

ཕོ་ལོ་ཉེར་ལྔ།  མཛེས་སྡུག་གི་རི་མོ་རེད།
འབྲི་རྒྱུར་ལུས་པའང་ད་དུང་མང་བོ་ཡོད།
ཕོ་ལོ་ཉེར་ལྔ།  རི་རྩེ་ནས་སྤུར་བའི་རླུང་རྟ་རེད།
ད་དུང་ཡང་བར་སྣང་དུ་ལྡིང་ཞིང་འཕྱོ།
ཕོ་ལོ་ཉེར་ལྔ།   ཁྲུམ་ཁྲུམ་དུ་ཟགས་པའི་མིག་ཆུ་རེད།
ཐིགས་ཕྲན་རེ་རེ་ན་འགྱོད་སེམས་ཀྱི་སྐྱོ་སྣང་གྲངས་མེད་འཁུར།

ཕོ་ལོ་ཉེར་ལྔ།   ལམ་དཀྱིལ་དུ་ལུས་པའི་འགྲོན་པོ་རེད།
དོ་ནུབ་སྡོད་པའི་གནས་ཚང་ཞིག་ཀྱང་རྙེད་དཀའ།
སང་ཉིན་འགྲོ་སའི་ལམ་བུ་དེའང་ད་དུང་རྒྱང་ཐག་རིང༌།

རྩོམ་ཁུངས། ༢༠༠༩ལོའིི་སྦྲང་ཆར་དེབ་དང་པོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།