༢༠༠༩ལོ་བསུ་བ།

ནངས་མོ་དེར།

ཉི་འོད་ནི་ཁྲག་དྲོན་གྱིས་བསྒྲོན་པའི་མཆོད་མེ་ཞིག་དང་འདྲ་བར།

ང་ཚོའི་ཉིན་གཅིག་གི་སྟོང་བསམ་གྱི་བར་སྣང་དང༌།

སུ་ཞིག་གི་སྤོབས་པ་དང་འདྲ་བའི་རི་རབ་ཀྱི་རྩེ་མོ་འདྲེས་མཚམས་ན།

ལོ་གཅིག་གི་ཉི་མ་སུམ་བརྒྱ་དྲུག་ཅུའི།

བསམ་ཡུལ་ལས་འདས་པའི།    ལྐོག་གྱུར་མང་བོ་ཞིག་གི

སྒེ་ཆེན་ཡང༌།

འཁྱག་རླུང་གིས་ཅུང་ཙམ་འདར་བཞིན་པའི།

སྨུག་སྤྲིན་སྲབ་མོ་ཞིག་གི་སྐེ་དཀྲིས་ཡང་མོར་བཏེགས་པའི།

༢༠༠༩ལོའི་ཉི་འོད་སྨྲ་དཀའ་བ་དེས་ཕྱེ་བྱུང༌།

ལྔ་ལམ་དུ་ཕྱིན་པའི།

ཤོ་བོ་ཞིག་ལྟར་ཕྱིར་ཡོང་མེད་པའི།

རང་ཅག་གིས་ཉི་མ་སུམ་བརྒྱ་དྲུག་ཅུར་བཀོལ་པའི།

ཁ་སང་དེ་ཡང༌།

དྲོད་ཆེན་པོ་མེད་པའི་ཉི་འོད་དེས་ཁ་གདངས་ཙམ་གྱིས་མིད་སོང༌།

ཁྱོད་ཀྱིས།   མཆོང་ལྡིང་གི་གར་ལ་རོལ་བའི།

མེ་ལྕེ་དམར་པོ་ཞིག་དང་འདྲ་བའི་རང་གི་ཁྲག་དྲོན་འཁྱག་ཏུ་མ་འཇུག་དང༌།

ཁྱོད་ཀྱིས།   ཨར་འདམ་དང་བྲག་གི་སྲ་མཁྲེགས་རྟོལ་གྱིན་ཡོད་པའི།

འབྱུང་བ་གང་གིས་ཀྱང་མ་གྲུབ་པའི།

རང་གི་སྤོབས་པ་དེ་མདུང་རིང་ཞིག་ལྟར་མཐོ་རུ་ཐོགས་དང༌།

གསང་བའི་དེབ་ཆུང་ཞིག་གི་རྒྱབ་ཤོག་སྔོན་པོ་དང་འདྲ་བའི།

ནམ་མཁའ་འདིའི་འོག་ནས།

ང་ཚོས་འཚོལ་མི་ཐུབ་པ་ཞིག་དང༌།  བཙལ་ན་མི་རྙེད་པ་ཅི་ཞིག་ཡོད།

          སེམས་ཀྱི་པར་ལ་བཏབ་པའི་རི་ཁ་བ་ཅན།

ལྷ་སྒྲུང་གི་བསླུ་བྲིད་དང་འདྲ་བར།

མཛེས་སྡུག་གི་རྒྱབ་ཤོག་སྔོན་པོ་རྙིང་མི་སྲིད་པའི་ནམ་མཁའ།

དེའི་ཁ་གཏད་ཀྱི།

མ་ཡུམ་གྱི་བརྩེ་བ་དང་འདྲ་བའི།

གཤོང་ས་རེ་རེའི་སྙིང་གར་འཁྱིལ་བའི་མཚེའུ་དང་ལྟེང་ག

ལོ་རྒྱུས་ཀྱི་ཤ་ཁྲག་རླུང་དང་དུས་ཚོད་ཀྱིས་བལྡགས་རྗེས་ཀྱི།

རུས་པ་དཀར་སིང་ངེའི་གངས་རི།

དེ་མིན།  ནམ་མཁའི་སྐར་མ་བརྩི་སའི་གཞོང་བ་ལྟ་བུའི་སྤང་ལྗོངས།

ངས།   རང་ཉིད་ཀྱི་སེམས་ཁམས་རྒྱུད་ཀྱིན།

ཚེ་ཕྱེད་ཀྱི་མ་ཟིན་པའི་སྒྱུ་འཕྲུལ་ལྟ་བུའི་རྩེ་ར་ནི་དེ་ཡིན་ལ།

ངས།   ཐག་རིང་ནས་ཀྱང༌།

རང་གི་སྙིང་ཆུང་གི་འཕར་སྒྲ་ལས་གསལ་བོར་ཐོས་པའང་དེ་ཡིན།

བ་ཆུང་གི་འཛུམ་ཀོང་དང༌།

ཆུང་མའི་མིག་མདངས་ཀྱི་ཟབ་ས་ནས་ཀྱང་རྙེད་དཀའ་བའི།

རི་ཁ་བ་ཅན་ལགས།

ངས་ལྕགས་ཀྱིས་མ་བརྡུངས་ལ།

ཕ་བོང་གིས་མ་བརྩིགས་པའི་ཁྱོད་ཀྱི་སྒོ་གླེགས་འབྱེད་རྒྱུ་ནི།

ལུས་ངག་ཡིད་གསུམ་གཏའ་མར་བཞག་རུང༌།

ཅི་འདྲའི་དཀའ་ཨང༌།

སེམས་ཀྱི་པར་ལ་བཏབ་པའི་རི་ཁ་བ་ཅན་ལགས།

རྩོམ་ཁུངས། ༢༠༠༩ལོའིི་སྦྲང་ཆར་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༢༠༠༩ལོ་བསུ་བ།

2010-06-02 ཚེ་རིང་བཀྲ་ཤིས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།