རས་ལྭ་སྔོ་སྐྱ་གྱོན་པའི་བུ་མོ་ཁྱོད

མི་ཚོགས་གཙང་བོ་ལྟར་བསྐོར་ལམ་དུ་བཞུར་དུས

མ་ནི་འཁོར་ལོ་གཙང་བོའི་ཤུགས་ཀྱིས་སྒུལ

གཙང་བོ་བཞུར   འཁོར་ལོ་འཁོར

རས་ལྭ་སྔོ་སྐྱ་གྱོན་པའི་བུ་མོ་ཁྱོད

ཆུ་ཁར་གཡེང་བའི་མེ་ཏོག་གི་འདབ་མ་བཞིན

མི་ཚོགས་ཀྱི་ཁྲོད་ན་ལྷང་ངེར་མངོན

དོ་དགོང

ངས་སྐར་ཚོགས་ཀྱི་ཁྲོད་ནས་སླར་ཡང་ཁྱེད་རང་མཐོང་བྱུང

དེ་རིང་གི་མི་ཚོགས་དེ

འོད་དུ་འཚེར་བའི་སྐར་ཚོགས་འདི་ཡིན་ན   ཁྱེད་རང

སྐར་ཚོགས་ཀྱི་དབུས་ན་དལ་གྱིས་རྒྱུ་བའི་ཟླ་བ་འདི་ཅི་ལ་མིན

དངུལ་རྭའི་བུ་མོ་བརྡ་འཕྲིན་སྒྲོལ་མ

ད་ལྟ  ངས་མིག་ཟུང་བཙུམ་རུང

སེམས་ཁོང་གི་ངོ་གདོང་མང་བོའི་སྐར་ཚོགས་ཁྲོད་ན

ཁྱེད་རང་ཟླ་བ་ལྟར་དལ་གྱིས་རྒྱུ་བས    རྗེས་སུ

ངས་སྨག་རུམ་སྟུག་པའི་མཚན་མོ་རེ་རེར་ཡང

མིག་ཟུང་བཙུམ་སྟེ་ཟླ་བར་ལྟ་སྲིད

ཟླ་བའི་ཞི་དུལ་དང་ཟླ་བའི་འཛུམ་མདངས

ཟླ་བའི་གོམས་འགྲོས་དང་ཟླ་བའི་ཕྱིར་མིག་འཚོ་སྲིད

 

རྩོམ་ཁུངས། ༢༠༠༩ལོའི་འོད་འབར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རས་ལྭ་སྔོ་སྐྱ་གྱོན་པའི་བུ་མོ་ཁྱོད

2010-04-15 ཐང་སྲས་རྟ་ལོ། ཀློག་གྲངས། མཆན ཡོད།

མི་ཚོགས་གཙང་བོ་ལྟར་བསྐོར་ལམ་དུ་བཞུར་དུས

མ་ནི་འཁོར་ལོ་གཙང་བོའི་ཤུགས་ཀྱིས་སྒུལ

གཙང་བོ་བཞུར   འཁོར་ལོ་འཁོར

རས་ལྭ་སྔོ་སྐྱ་གྱོན་པའི་བུ་མོ་ཁྱོད

ཆུ་ཁར་གཡེང་བའི་མེ་ཏོག་གི་འདབ་མ་བཞིན

མི་ཚོགས་ཀྱི་ཁྲོད་ན་ལྷང་ངེར་མངོན

དོ་དགོང

ངས་སྐར་ཚོགས་ཀྱི་ཁྲོད་ནས་སླར་ཡང་ཁྱེད་རང་མཐོང་བྱུང

དེ་རིང་གི་མི་ཚོགས་དེ

འོད་དུ་འཚེར་བའི་སྐར་ཚོགས་འདི་ཡིན་ན   ཁྱེད་རང

སྐར་ཚོགས་ཀྱི་དབུས་ན་དལ་གྱིས་རྒྱུ་བའི་ཟླ་བ་འདི་ཅི་ལ་མིན

དངུལ་རྭའི་བུ་མོ་བརྡ་འཕྲིན་སྒྲོལ་མ

ད་ལྟ  ངས་མིག་ཟུང་བཙུམ་རུང

སེམས་ཁོང་གི་ངོ་གདོང་མང་བོའི་སྐར་ཚོགས་ཁྲོད་ན

ཁྱེད་རང་ཟླ་བ་ལྟར་དལ་གྱིས་རྒྱུ་བས    རྗེས་སུ

ངས་སྨག་རུམ་སྟུག་པའི་མཚན་མོ་རེ་རེར་ཡང

མིག་ཟུང་བཙུམ་སྟེ་ཟླ་བར་ལྟ་སྲིད

ཟླ་བའི་ཞི་དུལ་དང་ཟླ་བའི་འཛུམ་མདངས

ཟླ་བའི་གོམས་འགྲོས་དང་ཟླ་བའི་ཕྱིར་མིག་འཚོ་སྲིད

 

རྩོམ་ཁུངས། ༢༠༠༩ལོའི་འོད་འབར།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།