ང་དང་གངས་ལྷའི་སྙིང་གཏམ།

ངས་ལྷིང་འཇགས་བྲལ་བའི་མི་ཡུལ་གྱི་ཀློང་དུ
བྱིས་སྒྲུང་གི་མངར་ཁ་གཞིབ་ཅིང
གཏམ་རྒྱུད་ཀྱི་ཁ་དོག་འཚོས
ཁྱོད་ཀྱིས་གྱེས་གདུང་གི་བཞུར་རྒྱུན
འཇིག་རྟེན་གཞན་ནས་གཞན་ལ་དེད

ཁྱོད་ནི་དྭངས་གཙང་གི་ཡང་རྩེ་སྟེ
ངའི་ཚེ་སྲོག་གི་མཆོད་རྐོང་ན་འཁྱིལ་བའི་འབྲི་མར་སེར་པོ
ཁྱོད་ཀྱི་ལྷག་བསམ་གྱི་ལང་ཚོའི་ཚེ་འབར་བཞིན
བཙོན་ན་གྱར་བའི་ཁྲི་ཕྲག་བསམ་བློ་མང་བོའི་སྒྲོན་མེ་རུ་འབར
ཁྱོད་ཀྱི་འོད་གུར་ལ
འཚུབ་མས་རྒོལ་སླ་ཞིང
དུས་ཀྱིས་གཙེས་ངེས་མོད
ལོ་རྒྱུས་ཀྱི་དབང་བོ་རྟག་ཏུ་བརྟན

ནམ་ཞིག་ལ་ཤམྦྷ་ལའི་ཞིང་ཁམས་སུ
ང་ཚོས་སྔར་བཞིན
ཝུ་ཆང་གི་གཙང་བོའི་འགྲམ་ནས
གྱེས་གདུང་གི་སྐྱོ་སྣང་བོར་ཞིང
བདུད་རྩི་དང་སྐོར་བྲོ་མཆོད་དེ
དྭངས་གཙང་གི་བྱིས་སྒྲུང་གྱེར་ཆོག 
                              ཀྲུང་གོ་ཚན་རྩལ་སློབ་གླིང་ནས༢༠༠༠ལོའི་ཟླ༡༠པའི་ཚེས་༣ཉིན་གྱི་མཚན་མོར།

རྩོམ་ཁུངས། ༢༠༠༠ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་དང་གངས་ལྷའི་སྙིང་གཏམ།

2010-09-19 དཔལ་མོ། ཀློག་གྲངས། མཆན ཡོད།

ངས་ལྷིང་འཇགས་བྲལ་བའི་མི་ཡུལ་གྱི་ཀློང་དུ
བྱིས་སྒྲུང་གི་མངར་ཁ་གཞིབ་ཅིང
གཏམ་རྒྱུད་ཀྱི་ཁ་དོག་འཚོས
ཁྱོད་ཀྱིས་གྱེས་གདུང་གི་བཞུར་རྒྱུན
འཇིག་རྟེན་གཞན་ནས་གཞན་ལ་དེད

ཁྱོད་ནི་དྭངས་གཙང་གི་ཡང་རྩེ་སྟེ
ངའི་ཚེ་སྲོག་གི་མཆོད་རྐོང་ན་འཁྱིལ་བའི་འབྲི་མར་སེར་པོ
ཁྱོད་ཀྱི་ལྷག་བསམ་གྱི་ལང་ཚོའི་ཚེ་འབར་བཞིན
བཙོན་ན་གྱར་བའི་ཁྲི་ཕྲག་བསམ་བློ་མང་བོའི་སྒྲོན་མེ་རུ་འབར
ཁྱོད་ཀྱི་འོད་གུར་ལ
འཚུབ་མས་རྒོལ་སླ་ཞིང
དུས་ཀྱིས་གཙེས་ངེས་མོད
ལོ་རྒྱུས་ཀྱི་དབང་བོ་རྟག་ཏུ་བརྟན

ནམ་ཞིག་ལ་ཤམྦྷ་ལའི་ཞིང་ཁམས་སུ
ང་ཚོས་སྔར་བཞིན
ཝུ་ཆང་གི་གཙང་བོའི་འགྲམ་ནས
གྱེས་གདུང་གི་སྐྱོ་སྣང་བོར་ཞིང
བདུད་རྩི་དང་སྐོར་བྲོ་མཆོད་དེ
དྭངས་གཙང་གི་བྱིས་སྒྲུང་གྱེར་ཆོག 
                              ཀྲུང་གོ་ཚན་རྩལ་སློབ་གླིང་ནས༢༠༠༠ལོའི་ཟླ༡༠པའི་ཚེས་༣ཉིན་གྱི་མཚན་མོར།

རྩོམ་ཁུངས། ༢༠༠༠ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།