ཤིང་བལ།

མཛོད་དགེ་བ་ཆོས་འཕེལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-09-19

ཤི་གསོན་བྱེ་མའི་ལ་ཁར་འཛེགས་ཟིན་པའི
ཚེ་སྲོག་གོར་གོར་ཞིག་སྟེ
ད་ནི་འདུག་སྟངས་ཙམ་གྱིས་འཐོར་སྲིད

ཁྱོད་ཀྱི་ཕུང་བོ་ཚེ་སྲོག་ཕྲ་མོ་ཁྲི་མ་འབུམ་གྱིས་གང་བས
གཡག་རོག་གིས་རྨིག་རྡེབ་བྱེད་མི་ཕོད་ལ
ལུག་ཆུང་གི་འབའ་སྐད་ཀྱང་ག་ལེར་འབྱིན
ཁྱོད་ལ་ངེས་མེད་ཀྱི་ཕྱི་ནང་དབེན་པས
ཕྱི་ནང་གཉིས་ཀ་ཞིང་ཁམས་སུ་འཚེར་ཞིང
ཞིང་ཁམས་མཐའ་དག་ཕྱི་ནང་གཉིས་སུ་འཚེར

ནུབ་ནས་རླུང་དམར་གཡུག་ལ
ཤར་ནས་རླུང་ནག་འཚུབ་དུས
ཁྱོད་ཀྱི   ཆེས་མཐར་ཐུག་གི་དྭངས་མ་ནི
ཆེས་མྱུར་བ་ཉིད་དུ་རང་ལུས་འབྱུང་བར་བསྡུ་བ་དེ་ལགས

རླུང་སེམས་ཀྱིས་སྐུར་བཞེངས་པའི་སྐད་ཅིག་མ་ཞིག་སྟེ
འཁོར་བའི་ཕྲེང་ཐག་གཅོད་པར་རྩོམ་པའི་མཚམས་འདིར
ཅིས་ཀྱང་སྟོང་ལུས་སུ་ཐིམ་དགོས

རྩོམ་ཁུངས། ༢༠༠༠ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཤིང་བལ།

2010-09-19 མཛོད་དགེ་བ་ཆོས་འཕེལ། ཀློག་གྲངས། མཆན ཡོད།

ཤི་གསོན་བྱེ་མའི་ལ་ཁར་འཛེགས་ཟིན་པའི
ཚེ་སྲོག་གོར་གོར་ཞིག་སྟེ
ད་ནི་འདུག་སྟངས་ཙམ་གྱིས་འཐོར་སྲིད

ཁྱོད་ཀྱི་ཕུང་བོ་ཚེ་སྲོག་ཕྲ་མོ་ཁྲི་མ་འབུམ་གྱིས་གང་བས
གཡག་རོག་གིས་རྨིག་རྡེབ་བྱེད་མི་ཕོད་ལ
ལུག་ཆུང་གི་འབའ་སྐད་ཀྱང་ག་ལེར་འབྱིན
ཁྱོད་ལ་ངེས་མེད་ཀྱི་ཕྱི་ནང་དབེན་པས
ཕྱི་ནང་གཉིས་ཀ་ཞིང་ཁམས་སུ་འཚེར་ཞིང
ཞིང་ཁམས་མཐའ་དག་ཕྱི་ནང་གཉིས་སུ་འཚེར

ནུབ་ནས་རླུང་དམར་གཡུག་ལ
ཤར་ནས་རླུང་ནག་འཚུབ་དུས
ཁྱོད་ཀྱི   ཆེས་མཐར་ཐུག་གི་དྭངས་མ་ནི
ཆེས་མྱུར་བ་ཉིད་དུ་རང་ལུས་འབྱུང་བར་བསྡུ་བ་དེ་ལགས

རླུང་སེམས་ཀྱིས་སྐུར་བཞེངས་པའི་སྐད་ཅིག་མ་ཞིག་སྟེ
འཁོར་བའི་ཕྲེང་ཐག་གཅོད་པར་རྩོམ་པའི་མཚམས་འདིར
ཅིས་ཀྱང་སྟོང་ལུས་སུ་ཐིམ་དགོས

རྩོམ་ཁུངས། ༢༠༠༠ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།