ཙོང་ཆུའི་འགྲམ་གྱི་ནུབ་ཁ།

ཟི་ལིང་གི་ས་སྲོད་ནི་བསམ་མེད་ཀྱི་བྱིས་པ་པྲ་ཚགས་ཤིག
མལ་དུ་གཟིམ་རྩིས་ཀྱི་སྟ་གོན་ནས་རྩེད་མཚར་ཞིག་དང་མཚུངས
སྟོ་རླུང་བསིང་བསིལ་འདིའི་ས་སྲོད་ཀྱི་ཞིམ་མངར་ཀློང་ནས
ངས་ཐག་རིང་གི་ཞིང་སྡེ་དང་ལོ་ཏོག་མ་མཐོང་རུང
ཁང་བརྩེགས་དང་ཁང་བརྩེགས་ཀྱི་རྒས་གཉེར་ཟད་པོའི་ཁྲོད་དུ
ཁེར་རྐྱང་དང་ང་རྒྱལ་གྱི་སེམས་པ་ཆུང་ཆུང་འདི་རུམ་ནས
ཙོང་ཆུའི་འགྲམ་རྒྱུད་དུ་འཆམ་འཆམ་ལ་སྐྱོད་དུས
ངའི་ཡ་ཆུང་གངས་དཀར་སེམས་ན
བཤད་མི་ཤེས་པའི་ཚོར་བ་སྣ་ཚོགས་འཛིང་ག་བྱེད

ཁོད་ཡངས་པའི་རྒྱ་ལམ་གློག་བཞུ་ཡིས་བརྒྱན་ཅིང
ཐག་རིང་གི་རི་ཀླུང་སྨུག་པ་ཡིས་བཟུང་དུས
ང་རྡོ་གཅལ་ཞིག་གི་སྟེང་དུ་བསྡད་ནས་བསམ་བློ་བཏང
ཉི་ནུབ་དང་ཉི་ནུབ་ཀྱི་བརྒྱུད་རིམ
ང་ཚོ་ནར་སོན་པའི་ངང་ཚུལ་དང་ཀུན་ནས་འདྲ་ཨང
ཙོ་ཆུ་ཡ      ཁྱོད་ཀྱིས་མི་རྣམས་ཀྱི་དྲན་པའི་ངོས་ཀྱི
གསུབ་ཐབས་བྲལ་བའི་ཅི་ཞིག་རབ་རིབ་དང་མོག་པོར་བཏང་སོང
སྨག་ཇེ་གནག་ནས་ཇེ་སྟུག་ཏུ་འགྲོ་བཞིན་འདུག
ཙོང་ཆུ་ཡང་ཁ་རོག་གེར་མདུན་ནས་མདུན་ཕྱོགས་སུ་བཞུར་གྱིན་འདུག
འདང་རེ་བརྒྱབ་ན            རང་སེམས་ཀྱི་གཏིང་མཐའ་ནས
ཅི་ཞིག་ཡང་ཤེས་མེད་ཚོར་མེད་ངང་འཛད་བཞིན་ཡོད་པ་ལ་ཨང

མེ་འཁོར་ས་ཚིགས་ཀྱི་ཁང་བརྩེགས་སྟེང་དུ
དུས་ཚོད་ཀྱི་ངོ་གདོང་ཆེན་པོས་ཉེན་བརྡ་ཞིག་སྟོན་བཞིན་འདུག་ནའང
ང་རང་བསམ་གཞིགས་ཀྱི་ཙོང་ཆུའི་ཀློང་དུ་མུ་ནས་མུ་ལ་བྱིངས

ཙོང་ཆུ་ཡ           ངའི་དྲན་པཱ་གྱ་གྱུའི་སྣེ་མོ
སང་ཉིན་གྱི་མདུན་ལམ་ནི་འོད་སྟོང་ལྡན་པར་ཡིད་ཆེས་རུང
ཀྱག་ཀྱོག་གི་འཚོ་ལམ་བགྲོད་རྒྱུར་ང་ཚོས་སྔར་ནས་སྟ་གོན་བྱས་ཡོད
               ༢༠༠༡ལོའི་ཟླ༡༠པའི་ཚེས༡༡ཉིན་ཙོང་ཆུའི་ཁ་ནས།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་དང་པོ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཙོང་ཆུའི་འགྲམ་གྱི་ནུབ་ཁ།

2010-08-05 གེ་སར། ཀློག་གྲངས། མཆན ཡོད།

ཟི་ལིང་གི་ས་སྲོད་ནི་བསམ་མེད་ཀྱི་བྱིས་པ་པྲ་ཚགས་ཤིག
མལ་དུ་གཟིམ་རྩིས་ཀྱི་སྟ་གོན་ནས་རྩེད་མཚར་ཞིག་དང་མཚུངས
སྟོ་རླུང་བསིང་བསིལ་འདིའི་ས་སྲོད་ཀྱི་ཞིམ་མངར་ཀློང་ནས
ངས་ཐག་རིང་གི་ཞིང་སྡེ་དང་ལོ་ཏོག་མ་མཐོང་རུང
ཁང་བརྩེགས་དང་ཁང་བརྩེགས་ཀྱི་རྒས་གཉེར་ཟད་པོའི་ཁྲོད་དུ
ཁེར་རྐྱང་དང་ང་རྒྱལ་གྱི་སེམས་པ་ཆུང་ཆུང་འདི་རུམ་ནས
ཙོང་ཆུའི་འགྲམ་རྒྱུད་དུ་འཆམ་འཆམ་ལ་སྐྱོད་དུས
ངའི་ཡ་ཆུང་གངས་དཀར་སེམས་ན
བཤད་མི་ཤེས་པའི་ཚོར་བ་སྣ་ཚོགས་འཛིང་ག་བྱེད

ཁོད་ཡངས་པའི་རྒྱ་ལམ་གློག་བཞུ་ཡིས་བརྒྱན་ཅིང
ཐག་རིང་གི་རི་ཀླུང་སྨུག་པ་ཡིས་བཟུང་དུས
ང་རྡོ་གཅལ་ཞིག་གི་སྟེང་དུ་བསྡད་ནས་བསམ་བློ་བཏང
ཉི་ནུབ་དང་ཉི་ནུབ་ཀྱི་བརྒྱུད་རིམ
ང་ཚོ་ནར་སོན་པའི་ངང་ཚུལ་དང་ཀུན་ནས་འདྲ་ཨང
ཙོ་ཆུ་ཡ      ཁྱོད་ཀྱིས་མི་རྣམས་ཀྱི་དྲན་པའི་ངོས་ཀྱི
གསུབ་ཐབས་བྲལ་བའི་ཅི་ཞིག་རབ་རིབ་དང་མོག་པོར་བཏང་སོང
སྨག་ཇེ་གནག་ནས་ཇེ་སྟུག་ཏུ་འགྲོ་བཞིན་འདུག
ཙོང་ཆུ་ཡང་ཁ་རོག་གེར་མདུན་ནས་མདུན་ཕྱོགས་སུ་བཞུར་གྱིན་འདུག
འདང་རེ་བརྒྱབ་ན            རང་སེམས་ཀྱི་གཏིང་མཐའ་ནས
ཅི་ཞིག་ཡང་ཤེས་མེད་ཚོར་མེད་ངང་འཛད་བཞིན་ཡོད་པ་ལ་ཨང

མེ་འཁོར་ས་ཚིགས་ཀྱི་ཁང་བརྩེགས་སྟེང་དུ
དུས་ཚོད་ཀྱི་ངོ་གདོང་ཆེན་པོས་ཉེན་བརྡ་ཞིག་སྟོན་བཞིན་འདུག་ནའང
ང་རང་བསམ་གཞིགས་ཀྱི་ཙོང་ཆུའི་ཀློང་དུ་མུ་ནས་མུ་ལ་བྱིངས

ཙོང་ཆུ་ཡ           ངའི་དྲན་པཱ་གྱ་གྱུའི་སྣེ་མོ
སང་ཉིན་གྱི་མདུན་ལམ་ནི་འོད་སྟོང་ལྡན་པར་ཡིད་ཆེས་རུང
ཀྱག་ཀྱོག་གི་འཚོ་ལམ་བགྲོད་རྒྱུར་ང་ཚོས་སྔར་ནས་སྟ་གོན་བྱས་ཡོད
               ༢༠༠༡ལོའི་ཟླ༡༠པའི་ཚེས༡༡ཉིན་ཙོང་ཆུའི་ཁ་ནས།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་དང་པོ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།