མཚན་མོའི་སྐད་ཆ།

མདོ་འཛིན་པ་ཚེ་བཀྲ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-08-01

མཚན་མོ་སླེབས་བྱུང
སྨག་ནག་གི་འཇིག་རྟེན་ལ
ཟླ་འོད་བསིལ་བསིལ་གྱི་མཚན་མོ་སླེབས་བྱུང
གླི་སྐད་སིང་སིང་གི་མཚན་མོ་སླེབས་བྱུང
དབྱར་གཞུང་འདིའི་མཚན་མོ    ལྷོད་ཀྱིས་འགྱུ་བའི་སྨུག་པ་བཞིན་སླེབས་པས
ཕ་རིའི་ལྷིང་འཇགས་ཀྱི་རི་ཚོགས   ཁུ་སིམ་མེར
སྒེའུ་ཁུང་གི་ཕྱི་རོལ་ནས་རྒྱང་རིང་རྒྱང་རིང་དུ་བྱེར

དབུགས་འབྱིན་རྔུབ་ཙམ་གྱི་སྐད་ཅིག་མ་འདིར
ཁ་སང་འབྱོར་བའི་རི་གྲོང་གི་ཨ་མའི་ཁ་པར
དེ་རིང་གྱེས་པའི་བུ་མོ་དེའི་བདེ་དྲོད་ཀྱི་རུམ་ཁོང་བཞིན
ན་ཟུག་གིས་སེམས་ཀྱི་སྙི་སར་ཡུན་རིང་བཅགས་ནས
བདག་གི་མིག་ཆུ་ཡང
མཚན་མོ་འདིའི་ལྟེབ་ཁུག་ནས
ཉིན་གུང་གི་ཁ་བ་བཞིན་ཞུས
ནམ་ཕྱེད    ཆར་བ་ཤག་ཤག་གིས་ཁེར་རྐྱང་གི་ཁང་མིག་སྒུལ་ནས
ང་ལ་རློན་ཤིག་ཤིག་གི་མཆིན་པ་ཡང་གླན
ན་བུན་གྱིས་བཏུམས་པིའེ་རྩྭ་ཐང་ན  ལྷིང་འཇགས་ལ་གོམས་པའི་སྦྲ་ནག་དང་ཨ་མ
ཟིལ་རྩྭ་ཧྲག་ཧྲག་འགམ་པའི་ལུག་ཁྱུ་དཀར་པོ    ད་དུང་སྒོ་ཁྱི་དང་ནུ་བོ
ཆར་བའི་འབབ་རྒྱུན་དང་བསྟུན་ནས
མཚན་རིང་མོ་ཞིག་གིས་འདི་ལྟར་ང་ལ་མནར་གཅོད་ཡང་ཡང་བཏང

མི་ལོ་སུམ་ཅུའི་དབྱར་དགུན་སྟོན་དཔྱིད
མི་ལོ་སུམ་ཅུའི་གོམ་པ་དང་སྐད་ཆ་རྒུམ་ནས
གསལ་ལ་མི་གསལ་བའི་བཟོ་ལྟ་དང་སྨྲ་བརྗོད་སྣ་ཚོགས་ཀྱི་ཁ་གཏད་དུ
ལེན་རེར་ནག་རོག་རོག་གི་གྲིབ་མ་འཇག་རྩྭ་སྐམ་པོ་བཞིན་ས་རུ་དྲིལ་མྱོང་ལ
གང་ལྟར   རང་ཉིད་ལ་རང་ཉིད་ཀྱི་འཚོ་སྟངས་ཤིག་གོམས་པ་ནས་བཟུང
བར་ཐག་ཅིག་ལ་ཞེད་ནས  མཚན་མོ་འདིར
ངས་སུ་ལའང་ནང་སེམས་ཁེར་རྐྱང་གི་གསང་བ་དེ་བརྟོལ་མ་བསམ

རྒྱང་རིང་གི་དྲན་ཤིང་ལྕི་མོ   དབྱར་གྱི་ལོ་མ་སྣུམ་པོས་ཤག་ཤག་སྒུལཐེངས་རེར
བསིལ་བའི་དྲི་བཞིན་གྱིས་དཀྲོགས་པའི་གཙང་འགྲམ་གྱི་ཕྱིར་དྲན་ཡང
རི་ཟོམ་ན་འགྱུ་བའི་སྨུག་སྤྲིན་དཀར་པོ་བཞིན    ཤེས་མེད་ཚོར་མེད་ཀྱིས
རང་དགར་གླེང་ཆོག་པ་དང་འབྲི་བསམ་པའི་ཐ་སྙད་མང་པོ་ཞིག་ཀྱང
དེ་ལྟར་ཡལ་ནས་འདི་ལྟར་རྒས་པའི་དངངས་སྐྲག་ཅིག་གིས
གཉིད་མེད་པའི་མཚན་མོ་ག་ཚོད་ཅིག་ལ
ངས་མུན་ནག་གི་ཁ་དོག་འོད་སྣང་དུ་སྒོམ་ནས
མི་ཡུལ་ནས་སྔར་བཞིན་མི་ཡུལ་སྦྲེལ་བའི
གནམ་སའི་མཚམས་ཀྱི་དྲང་ལམ་བདེ་མོ་ཞིག་གི་ཆེད་དུ
སྲོག་གི་རྒྱུད་སྐུད་ཕྲ་མོ་ཤེད་ཀྱིས་རྡུང་མྱོང་ཨང

མཚན་མོ་འདི   འབྲི་བཞིན་པའི་སྙན་ངག་ཇི་བཞིན་ཧ་ཅང་ཟབ
མཚན་མོ་འདི  འདྲིས་གྱུར་པའི་མེ་ཕུང་བཞིན་ཤིན་ཏུ་དྲོ
མཚན་མོ་འདི   གནས་ལུགས་ཀྱི་བདེན་པ་འཆར་སའི་མེ་ལོང་ཞིག་གམ
ཡང་ན  མཚན་མོ་འདི་རང་ཉིད་བཀྲུ་དོར་བྱེད་སའི་ཁྲུས་གཞུང་ཞིག་ཡིན
གང་ལྟར མཚན་མོ་སླེབས་ཐེངས་རེར  ངའི་སྨྲ་བརྗོད་ལ་རང་དབང་མི་འདུག

རྩོམ་ཁུངས། ༢༠༠༥ལོའི་གངས་རྒྱན་མེ་ཏོག་དེབ་གསུམ་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་མོའི་སྐད་ཆ།

2010-08-01 མདོ་འཛིན་པ་ཚེ་བཀྲ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།