ཆབ་ཆ་ནས་ངས་འདི་ལྟར་དྲན།

དོ་ནུབ    ང་མཐོ་སྒང་གི་གྲོང་རྡལ་ཆུང་ཆུང་ཆབ་ཆ་ན་ཡོད
ཕྱི་རོལ་དུ་བྱེ་རླུང་ཡུན་གྱིས་ལྡང་ནའང
ཆབ་ཆའི་དུས་ཚིགས་ཏག་ཏག་དབྱར་གཞུང་ལ་ཁེལ་འདུག་པས
སྣང་བ་ཞིག་ལ་དོ་ནུབ་ཀྱི་མཚན་མོ་ཧ་ཅང་འཇམ

འགྱུར་བཞིན་པའི་གྲོང་རྡལ    ནོག་གིན་པའི་མི་ཚོགས
ཆབ་ཆ་ཁ་སང་གི་ང་ཚོའི་ཆབ་ཆ་མ་རེད
གྲོགས་པོ་ཚོ་གློ་བུར་དུ་འདི་ལྟར་འཚབ་འཚུབ་ངང་འཛོམས་དུས
ང་ཚོ་ལ་སྙིང་གཏམ་དང་ཝུ་རག་ལས་ཅི་ཞིག་མཁོ་ཨང

ཆབ་ཆའི་གྲོང་ནས་ངས་ཕྱོགས་བཞིའི་རྒས་དྲགས་པའི་རི་ཚོགས་ལ་ཅེར་ནས
མ་འོངས་པའི་ཆབ་ཆ་ལ་ལྗང་མདོག་ཁ་ཤས་རྟོགས་བཟོ་བགྱིས
ཆབ་ཆ་ཡ     ཁ་བ་རི་པའི་ཆབ་ཆ      ལང་ཚོ་དར་ལ་བབས་པའི་ཆབ་ཆ
དོ་ནུབ    ངས་བུ་མོ་དེའི་སྒོ་རྟགས་སེམས་མཐའ་ནས་བོར་ཟིན་པས
ང་རང་ཁྱོད་ཀྱི་སྲང་ལམ་ཆེ་ཆུང་བརྒལ་ཞིང་ཁྱོད་ཀྱི་ལྷིང་འཇགས་དང་འདྲེས་ཡོད
ཆབ་ཆ     ཁྱོད་རང་རྟག་ཏུ་བདག་གི་རྨི་ལམ་དུ་འཁོར་ཞིང
ཁྱོད་རང་རྒྱུན་དུ་ངའི་སྨྱུག་རྩེ་རུ་འཁྱུག་འོངས

ཆབ་ཆ་ནས་ངས་ཅི་ཞིག་བརྗེད་སོང    ཆབ་ཆ་ན་ང་ལ་ཅི་ཞིག་ཡོད་དམ
དོ་ནུབ་སུན་སྣང་མཐའ་དག་ནང་སེམས་ཀྱི་མཁའ་མཐའ་ནས་སྤྲིན་པ་ལྟར་ཡལ་ཞིང
ཕྱིར་དྲན་ཁ་ཤས་ཀྱིས་ང་ལ་སྤྲོ་བ་བརྟས
ཆབ་ཆ་གྲོང་ནས་ངས་དམ་བཅའ་ཇི་འདྲའི་མང་པོ་ཞིག་བོར་མྱོང་ཨང

གྲོགས་པོ་ལགས    ཆབ་ཆ་ལ་མོས་པ་མེད་ན་ཆབ་ཆ་མ་གླེང་ཞིག
ཆབ་ཆ་ནི་དྭངས་གཙང་གིས་ཕྱུག་པའི་ཡུལ་ལྗོངས་ཤིག
ཆབ་ཆ་ནི་རེ་བཞག་གིས་ཁེངས་པའི་ཞིང་ས་ཞིག
ངང་ཕྲུག་ཇི་སྙེད་ཅིག་གནས་འདི་ནས་མཚོ་ཆེན་བརྒལ་ཏེ་རྒྱང་ལ་ཆས་ཤིང
སྐྱེས་ཆེན་གྲངས་མེད་ཅིག་ཡུལ་འདི་ནས་མདུན་ལམ་བསྙེགས་བཞིན་རྒྱལ་ཁམས་འགྲིམས
འདི་ནི་ངའི་སེམས་ནང་གི་གྲོང་རྡལ       འདི་ནི་ངའི་ཆབ་ཆ་ཡིན

ཆབ་ཆའི་དོ་ནུབ་ཀྱི་ཟླ་བ་སྔར་ལས་སྒོར་ཞིང
ཆབ་ཆའི་སང་ཞོགས་ཀྱི་ཉི་གཞོན་ལྷག་ཏུ་དྲོ་བར་སྨོན
      ༢༠༠༢ལོའི་ཟླ༦པའི་ཚེས༣ཉིན་གྱི་མཚན་མོར།

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་བཞི་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆབ་ཆ་ནས་ངས་འདི་ལྟར་དྲན།

2010-07-21 ཁྲི་སེམས་དཔའ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།