སེམས་ཀྱི་རང་གཤིས།

ལན་རེར   ཉི་མའི་འོག་ན་ནག་འཐོམ་མེར
ལན་རེར   ཟླ་བའི་ངོགས་ན་དཀར་གསལ་ལེར
གཉེན་དང་འཕྲད་ན་བལ་བཞིན་འཇམ
དགྲ་དང་འཕྲད་ན་མཚོན་ལས་རྩུབ
སེམས   ཁྱོད་དང་ངའི་ནང་སྙིང་ཡིན
སེམས་ང་ཚོའི་ཧ་ཅང་མཐོང་དཀའ་བའི་ལྷ་ཡི་འཛུམ་ཞལ་ཡིན

སེམས་ལ་གཟུགས་སྒྲ་དྲི་རོ་རེག་བྱ་མེད
སེམས་འདི་ནམ་ཡང་འགུལ་བསྐྱོད་ཀྱི་གོ་རིམ་ཞིག་ཡིན་པས
མངོན་ལྐོག་གི་ངོས་གཉིས་ན
སེམས    རེས་གསལ་རེས་མོག་གིས་མཚམས་མེད་དུ་འགུལ་གྱིན་ཡོད
སེམས   ལན་རེར་ང་ཚོ་དམ་ལྷན་གཅིག་ཏུ་ཡོད
སེམས    ལན་རེར་ང་ཚོ་དང་རིང་དུ་གྱེས་ནས་ཡོད
སེམས་འདི་དཀར་པོ་ཆོས་ལ་བསྒྱུར་བསམ་དུས
སེམས་འདིས་ནག་པོའི་ལས་མཐའ་དག་དྲན་འོངས
སེམས་འདི་ནག་པོ་དགྲ་རུ་བསྒྱུར་སྙམ་དུས
སེམས་འདིས་དཀར་པོའི་ཆོས་དམ་དུམ་རེ་མཐོང་ཡོང

སེམས   རང་ཉིད་ཀྱི་དགྲ་ཡིན་པའི་ཀུ་སྒྲ་དེ
གངས་ཏི་སིའི་དབུ་རྩེ་ལས་བདེན་སྟོབས་ཀྱིས་སྤུར་ཡང
སེམས    ནམ་ཡང་རང་ཉིད་ཀྱི་གྲོགས་དང་མགོན་ཡིན་པའི་འདུ་ཤེས་ཀྱིས
ང་ཚོ་ནམ་ཡང་སེམས་ཀྱི་རྗེས་ཁོ་ནར་བསྙེགས
ཆོས་པ་ཚོས་སེམས་འཚོལ་བའི་སླད་དུ
དབེན་གནས་དང་རི་ཁྲོད་གྲངས་མེད་འགྲིམས
འཇིག་རྟེན་པ་ཚོས་སེམས་འཚོལ་བའི་སླད་དུ
རང་ཉིད་ལ་ཁོར་ཡུག་དང་མཛེས་ལྗོངས་གང་མང་བསྐྲུན
སེམས   དུས་གཏན་དུ་སེམས་ཡིན་པས
གནམ་འོག་ན
སེམས་དུང་ཕྱུར་མང་པོ་ཐག་པ་གཅིག་གིས་སྦྲེལ་འདུག
ས་ཆེན་གྱི་སྟེང་ན
སེམས་དུང་ཕྱུར་མང་པོ་འགལ་ཟླར་ལངས་འདུག
སེམས་སྤྲོ་པའི་དུས་སུ     སེམས་དང་སེམས་འོ་ཆུ་བཞིན་འདྲེས་འགྲོ
སེམས་སྐྱོ་བའི་དུས་སུ   སེམས་དང་སེམས་དགྲ་ཟླ་བཞིན་འཐབ་འོང
སེམས་ཀྱིས་རང་ཉིད་བསྐྲུན་ཅིང
སེམས་ཀྱིས་སླར་ཡང་རང་ཉིད་རྨེག་མེད་དུ་བཏང་འགྲོ
སེམས     དུས་ནམ་ཡང་སེམས་ཡིན་པས
སེམས་དང་སེམས་གྱི་བར་ན
གཏན་དུ་སོང་མི་ཚར་བའི་བགྲོད་ལམ་རིང་མོ་ཞིག་ཡོད་ཨང

ལན་རེར    སེམས་ཀྱི་ནང་རོལ་ལ་ཉི་འོད་འཕྲོས
ལན་རེར     སེམས་ཀྱི་ནང་རོལ་ལ་མུན་པ་འཐིབས
ཁེར་རྐྱང་གིས་སེམས་ལ་ལག་སྙོབ་བྱེད་དུས
སེམས་ཀྱིས་ཡ་ཕུག་ན་མུན་པ་དང་མཚོན་ཆ་རྐྱང་རྐྱང་གིས་བཀང་འདུག
                                                                                 ༢༠༠༤.༥.༡༥

རྩོམ་ཁུངས། ༢༠༠༤ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་རང་གཤིས།

2010-07-14 གུ་རུ་དོན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།