མི་ལོ་ཉེར་བདུན་དང་དེའི་ལྷིང་འཇགས།

བྱེའུ་དེ   རྒྱང་རིང་དུ་འཕུར་མ་ཐུབ་ན་ཡང
ཉི་འོད་ཁྲོད་རང་ཉིད་ཀྱི་སྒྲ་སྤུར་ཕྱི་དོར་ཡང་ཡང་བྱེད་ལ
མཚན་མོའི་སྦུབས་སུ    ལམ་ལམ་འཚེར་བའི་སྐར་མའི་ཁྲོད
རང་ཉིད་ལ་ཁྱིམ་གཞི་ཞིག་ཡོད་པར་དྲན་པ་ཡང་ཡང་ཤོར

འདབ་ཆགས་ཤིག་ཡིན་ན་གནམ་འཕང་གཏོད་དགོས་ཏེ
བར་སྣང་ན་ལྷབ་ལྷུབ་ཀྱི་སྤྲིན་པ་དང་ཆར་རླུང་ཁོ་ན་ཡོད་པ་མི་ཡིན
དུད་སྨུག་གིས་བཅིངས་པའི་རི་རྩེ་གང་མང་ཡང་མཐོང་སྲིད་ལ
གས་ཆག་ཏུ་གྱུར་བའི་སྐར་རྡོ་ལ་ཡང་འཕྲད་ངེས་ཏེ
བར་སྣང་དུ་ཕོ་བྲང་གཞན་ཞིག་ཡོད་མིན་གྱི་བདེན་ལམ་ཡང་གཞི་ནས་ཚོར་ཐུབ

བཞུད་ཟིན་པ་ནི་བོར་གཏོར་དུ་གྱུར་པའི་ལུག་ཁྱུ་ཞིག་ཡིན་ནམ
ལུག་རྫི་ནི་ལྷ་ཡི་ལུང་གཏམ་ལ་འཐིམ་པའི་གླུ་བ་དེ་ཡིན་ནམ
སྐྱོ་ལྷང་ལྷང་གི་གླུ་སྐད་དེས་མཚན་གང་བོའི་བདེ་འཇགས་དཀྲོགས
མིག་བཙུམ་ནས་ཕམ་ཉེས་རེ་རེ་བཞིན་བཀླགས་ན
མི་ཚེ་ནི་རླུང་ཁྲོད་དུ་འཐོར་བཞིན་པའི་བྱེ་མ་ཡིན་ལ
རི་ལུང་དུ་འཐིམ་བཞིན་པའི་གསལ་ལ་མི་གསལ་བའི་གླུ་སྐད་ཀྱང་མ་ཡིན་ནམ

ད་ནི་རང་ལ་དབང་བའི་རྫ་བུམ་རེ་རེ་བཞིན་བཅག་ནས
ཆེས་མཇུག་མཐའི་ཁ་དོག་ཕྱོགས་བཞིར་འཐོར་ཞིང
ཅི་ཡང་མ་བཤད་ལ་ཅི་ཡང་མ་བསྒྲུབས་པའི་བར་སྟོང་དེ
གྲོང་རོང་ཟབ་མོ་ཞིག་གིས་ཆེ་ཆེར་ཕྱེས་ལ
ཕ་རོལ་དུ་ཅིས་ཀྱང་བརྒལ་མ་ཐུབ་པའི་ཕམ་ཁ་ནི
སད་ཀྱིས་བཅོམ་པའི་མེ་ཏོག་གི་མྱུ་གུ་ཆུང་ཆུང་བཞིན
མཛེས་སྡུག་གི་དབྱར་ཁ་ནི་ཁོ་ལ་མི་དབང་བ་དང་འདྲ་ལ
འདབ་མ་ཆད་པའི་གཤོག་ཐོགས་བཞིན
རང་ཉིད་ཀྱིས་སྙེག་པའི་བྲག་ཐེམ་ལ་བར་ཐག་ཅི་འདྲའི་རིང་ཨང
ད་ནི་རང་ཉིད་མུན་ནག་ལ་བྱིངས་བཞིན་པའི་མཚན་མོ་ཞིག་སྟེ
གཡས་གཡོན་དུ་མི་ཚོགས་ཀྱི་འཇིགས་སྣང་ལ་བགྲད་པའི་མིག་མདངས་ལས
གང་ཞིག་ལ་དཔྱད་བརྗོད་གཏོང་བའི་ཤབ་ཤུབ་ཀྱི་སྒྲ་ཡང་མེད་དེ
ཡོད་ཚད་ཀྱིས་ནོག་ཟིན་པའི་སྒྲོ་སྤུ་ཕྱི་དོར་བྱེད་ཞོར
རུས་ཟིན་པའི་གློ་སྙིང་ལ་ཇིལྟར་གསོ་བཅོས་བྱེད་ཐབས་འཚོལ

ད་ལྟ་ནི་ང་རང་མི་ལོ་ཉེར་བདུན་ལ་སོན་པའི་མཚན་གུང་ཞིག་སྟེ
ཉེ་འཁོར་ན་རང་ལ་དབང་བ་ཅི་ཞིག་ལྷགས་འདུག་གམ
                                                ༢༠༠༣.༢.༡༩

རྩོམ་ཁུངས། ༢༠༠༤ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ལོ་ཉེར་བདུན་དང་དེའི་ལྷིང་འཇགས།

2010-07-14 ཁེར་སྐྱེས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།