མི་རབས་བཞི་བ་ཚང་ལ་བསྐྱར་དུ་བལྟས་པ།

                                                                           ༡ 
              དུས་རབས་ཤིག་གི་ངོ་གདོང་སྐྱུར་པོ་དེ་འཇིག་འགྲོ་དུས་ཀྱི་དེ་རིང་ང་ཚོས་དུས་རབས་གསར་བ་ཞིག་ལ་སྔུན་བསུས་ཏེ་མི་རབས་གསར་བ་ཞིག་ལ་འབོད་པའི་ལག་བརྡ་བྱེད་འདོད་དེ།   སྦྲ་ནག་དང་གངས་རིའི་འདབས་ནས་གླུ་དབྱངས་རེ་བཏང་སྟེ་སྣང་བ་སྐྱིད་པོ་བྱེད་དགོས་པ་ངེད་ཚོས་མ་ཤེས་པ་ག་ལ་ཡིན་སྲིད།   འོན་ཀྱང་སྣང་བ་སྐྱིད་པོ་བྱས་ཏེ་འདུག་འདོད་པའི་ཀུན་སློང་དེ་དུས་རབས་ཉེར་གཅིག་པས་ཡོངས་སུ་བརླགས་སོང༌།  ཨར་འདམ་དཀྲུགས་ནས་འུར་ལ་བསྐུར་པའི་ལ་དང་ལུང་བ་དག་གིས་གྱོན་པའི་གདོང་འབག་རྫུན་མ་དེ་མཐོང་འོང་བའི་དུས་སུ་ང་ཚོ་ཁུ་སིམ་མེར་གཉིད་འདོད་དམ།   འཕྲུལ་འཁོར་དག་གི་སོ་བར་ན་རང་ཉིད་བརླག་ལ་ཉེ་བའི་དུས་རབས་ཤིག་གི་འགྲམ་རྒྱུད་དུ་ངེད་ཚོས་གླུ་གཞས་གཏོང་མི་འདོད །  ངེད་ཚོས་ཁྱོད་བཟང་ང་བཟང་གི་རྒྱབ་ན་བསྐུངས་པའི་ཁྱོད་ཤི་ང་གསོན་གྱི་གཡུལ་འགྱེད་དེ་ལ་ཁ་གཏད་ལྕོག་དགོས་པའི་ངེས་ཤེས་ཟབ་མོ་ཞིག་རྙེད་ཡོད།  དེ་ནི་གོམ་བགྲོད་ཐེངས་ཤིག་གི་བསྒྲགས་གཏམ་ཡིན་ཞེས་བཤད་ཆོག་ལ་རང་ཉིད་ལ་བཏོན་པའི་འདྲི་གཞི་མང་བོའི་ནང་གི་འདྲི་གཞི་དང་པོ་དེའང་ཡིན་སྲིད།
            ཁ་བ་དཀར་གཙང་གཙང་གི་ངོས་སུ་ཕབས་པའི་རྐང་རྗེས་དག་བགྲེས་པོ་ཚོས་འུར་ཟིང་ཁྲོད་མཐོ་ནས་མཐོ་རུ་བཏེགས་ནའང་ཉི་མའི་དྲོད་ཁོལ་གྱིས་འཇིག་འགྲོ་བའི་ཆོས་ཉིད་དེར་བསམ་གཞིག་ཅིག་བྱེད་དགོས་པའི་དུས་ལ་བབས་འདུག་པ་འདྲ ། དེའི་ཕྱིར་ངེད་ཚོས་ལམ་ཁ་ཞིག་བདམས་ཡོད།  དུས་རབས་འདི་དང་མི་རབས་གསར་བ་འདིར་འོས་པའི་ལམ་ཁ་གསར་པ་ཞིག་བདམས་ཡོད།    གལ་ཏེ་ཁྱོད་ཚོ་འགྲོ་མི་འདོད་ན་མ་ཡོང་ན་ཆོག་ལ་ལྟ་མི་འདོད་ན་མ་བལྟས་ཀྱང་ཆོག་པའི་བཀའ་ཁྱབ་བསྒྲགས་པ་ཡིན།  དེ་ནི་ངེད་ཚོས་་“རང་མོས་གདམ་ཀ”ཐེངས་ཤིག་ཡིན་ལ་ངེད་ཚོའི་མི་ཚེའི་རིན་ཐང་མངོན་འགྱུར་ཐུབ་མིན་གྱི་འགག་རྩ་ཞིག་ཀྱང་ཡིན། ཡང་གཅིག་བཤད་ན་ཁ་ཐོར་ཡ་བྲལ་གྱི་གཞོན་སྐྱེས་གང་མང་ཞིག་གི་བསམ་བློའི་དཔུང་རྡང་གཅིག་ཏུ་སྦྲེལ་ཞིང་ཇ་ཁ་དང་ཆང་ཁ་ནས་ཕུགས་བསམ་གྱི་འཇིག་རྟེན་ཞིག་བཞེངས་པའི་མིང་ལ་མི་རབས་བཞི་བ་ཞེས་བཏགས་ཡོད་པ་ཀུན་ལ་ཆ་རྒྱུས་ཡོད་པ་བཞིན་ནོ།།
                                                                          ༢
            དུས་རབས་མི་འདྲ་བའི་ནང་དུ་མི་རབས་མི་འདྲ་བ་རེ་བྱུང་དང་འབྱུང་བཞིན་པ་དེ་ནི་བརྗོད་མི་དགོས་པ་ཞིག་རེད།    འོན་ཀྱང་རང་ཅག་བོད་པ་ཚང་ལ་ཅི་ཞིག་བྱུང་སོང༌།  སྤོབས་པ་དང་སྙིང་སྟོབས་ཁྱེར་ཏེ་གཤར་འོང་བའི་གཞོན་སྐྱེས་མི་རབས་དག་ལ་ཞྭ་མོ་ནག་པོ་རེ་གོན་ཏེ་རྒྱང་ཕུད་དུ་གཏོང་གང་ཐུབ་བྱེད་ཀྱི་འདུག   དེའི་ཕྱིར་ངེད་ཚོ་མི་རབས་ཤིག་ཡར་ལ་འགྲེང་དགོས་པ་ནི་བསྐྱར་འབྲི་ཡང་འབྲི་བྱེད་མི་འདོད་ལ་ཁྱོད་ཀྱིས་གྱོན་པའི་གདོང་འབག་རྫུན་མ་དེ་རང་གིས་གྱོན་མི་འདོད་པའི་རྐྱེན་བྱས་ཏེ་བྱུང་བ་ཞིག་ཡིན།  ང་ཚོ་ནི་རང་ཉིད་ཀྱི་ཉེ་སར་གཅར་ཏེ་འུ་ཚོར་འོས་ཤིང་འཚམ་པའི་ལམ་ཁ་ཞིག་འདེམས་རྒྱུ་དེ་ཡིན།   ཁྱོད་ཀྱིས་འདེམས་བསྒྲིགས་བྱས་ཟིན་པའི་ཚིག་རྒྱན་རིག་པའི་གཞུང་<མེ་ལོང་མ>ལྟ་བུ་ཞིག་ངེད་ཚོས་གཏན་ནས་དང་ལེན་བྱེད་མི་འདོད་ཀི    དེ་ནི་གཞུང་ལུགས་ཤིག་མ་ཡིན་པར་དེ་ནི་རྒྱལ་བོ་ཕྱུག་པོ་ཞིག་གི་བརྩེ་དུང་བརྗོད་པའི་སྙན་རྩོམ་རིང་མོ་ཞིག་ཡིན་པ་ལས་སྙན་ངག་གི་གཞུང་ལུགས་ཤིག་ཏུ་འཇོག་མི་འདོད་ལ་བཞག་ན་དགོས་པ་ཞིག་ཀྱང་ཡོད་པ་མི་རྟོགས་ཀི   གལ་ཏེ་དགོས་པ་ཞིག་ཡོད་ན་ནམ་ཡང་སྙན་ངག་པ་ཡོད་དོ་ཅོག་ལམ་ཁ་ཞིག་བརྒྱུད་དེ་འགྲོ་རྒྱུ་དེ་ལས་གཞན་ཅི་ཞིག་འདུག   ཚིག་རྒྱན་རིག་པའི་གཞུང་<མེ་ལོང་མ>དེ་བོད་དུ་དར་བ་ནས་མཁས་བརྒྱ་མགྲོན་གཅིག་གི་དར་ཆ་རལ་བོ་དེ་འཕྱར་ནས་ད་བར་དུ་ཡོང་བ་རེད་ལ་དེ་ནི་བོད་ཀྱི་སྙན་ངག་འཕེལ་རྒྱས་འགྲོ་མི་ཐུབ་པའི་འགག་རྩ་ཞིག་རེད་ཅེས་བརྗོད་ན་མི་ཆོག་པ་ཞིག་མེད་པར་སྙམ། གཞུང་ལུགས་ཞེས་པའི་ལུང་ཁུག་ཅིག་ནས་ཕྱི་རོལ་གྱི་འཇིག་རྟེན་མཐོང་མི་ཐུབ་ལ་རང་དབང་གི་ཕ་ས་དང་རྟོག་བཏགས་ཀྱི་ཕ་ཁྱིམ་གོར་མོ་ཞིག་དེ་བས་ཀྱང་རྙེད་པའི་སྐལ་བ་ནི་ཉིན་མོའི་སྐར་མའི་རྗེས་སུ་སོང་ཟིན་པ་རང་ཅག་ལ་ངེས་ཟིན་གསར་བ་ཞིག་རྙེད་འོས་པའི་ཚོད་དུ་བསླེབས་འདུག འོན་ཀྱང་བགྲེས་པོ་ཀླད་མཁྲེགས་འགའ་ཤས་ཀྱིས་ད་དུང་རུས་པ་ཞིག་མུར་གྱིན་རང་ཉིད་ཚོར་ཡོད་པའི་རིག་གཞུང་ལས་གཞན་པར་དེ་འདྲ་ཞིག་མེད་པར་བརྗོད་པ་ནི་རང་མགོ་རང་གིས་བརྡུངས་པ་ལས་ཅི་ཞིག་ཡོད། གཞུང་ལུགས་སྐམ་པོ་དེ་ནམ་ཡང་མི་དང་རང་བྱུང་ཁོར་ཡུག་སོགས་ལ་མི་ཕྱོགས་པར་འུད་བསྟོད་དང་རབ་བཏགས་ད་དུང་འཁྱོག་བརྗོད་སོགས་བྱེད་རྒྱུ་ལས་དགོས་པ་ཞིག་གཏན་ནས་མི་འདུག    ཡང་གཅིག་བཤད་ན་དེ་ནི་དངོས་ཡོད་ལས་བརྒལ་བའི་འུད་བསྟོད་ཅིག་དང་བདེན་པ་དོན་དུ་མི་གཉེར་བའི་དཀྱོགས་བཤད་རྐྱང་རྐྱང་རེད་འདུག     
                                                                                                           ༣
            སྤྱི་ལོ་༢༠༠༧ལོའི་ཟླ༧པའི་ཚེས་༡༧ཉིན་བདག་གིས“མི་རབས་བཞི་བའི་བསྒྲགས་གཏམ་”ཞེས་པ་ཞིག་བྲིས་ཏེ་མི་རབས་བཞི་བ་ཚང་དངོས་སུ་དབུས་བརྙེས་པར་ཁྱབ་བསྒྲགས་བྱས་ཡོད།་   དེ་དང་མཉམ་དུ“མི་རབས་བཞི་བའི་གོམ་བགྲོད་བྱེད་ཚུལ”སོགས་གཅིག་རྗེས་གཉིས་མཐུད་དུ་སྤེལ་རྗེས་སྤྱི་ཚོགས་ཡོངས་སུ་ལབ་གླེང་འདྲ་མིན་སྣ་ཚོགས་ཤིག་བྱེད་ཀྱི་འདུག དེ་ནི་ངེད་ཚོས་ཁྱོད་ཚོར་སྦྱིན་པའི་སྒུལ་ཤུགས་རིགས་ཤིག་ཡིན་སྲིད་ལ་རང་ཉིད་ཚོར་མཚོན་ན་ཐོག་མའི་སྟ་གོན་གྱི་དངོས་གཞི་ཞིག་ལས་ཅི་ཡང་མིན། ང་ཚོས་ནི་རང་ཉིད་ཚོའི་ཁྲག་རྩའི་སྦུབས་སུ་འཚང་བའི་ན་ཟུག་གི་འཁུན་སྒྲ་དང་ཕ་མས་རང་ལ་གནངས་པའི་མགོ་མོ་མཐོན་པོ་འདི་གཞན་གྱི་རྐང་འོག་ཏུ་འཇོག་མི་དགོས་པའི་ཁེར་རྐྱང་གི་འཇིག་རྟེན་ཞིག་བདམས་ཡོད། ཡང་གཅིག་བཤད་ན་དེ་ནི་ངེད་ཚོས་དགའ་དུས་སྙིང་གཏམ་བཤད་ས་ཞིག་དང་སྡུག་དུས་མཆི་མ་འདོན་སའི་མལ་ཁང་དེའང་ཡིན་ཆོག   
                     མི་རབས་བཞི་བ་ཚང་ལམ་ལ་ཆས་དུས་ཐུན་མོང་གི་མིང་བྱང་ཞིག་གི་འོག་ནས་ལམ་ལ་ཆས་པ་ཞིག་ཡིན་ལ་དེ་ལ་ཐུན་མོང་གི་ཕུགས་བསམ་ཞིག་ཡོད་པ་ནི་རང་ཉིད་ཚོས་སྙེག་པའི་འཇིག་རྟེན་ལ་བདག་པོ་དམ་པོ་ཞིག་རྒྱག་རྒྱུ་དང་རང་མོས་ངང་བདམས་ཟིན་པའི་མི་རབས་འདིའི་ཆེད་དུ་ནམ་ཡང་གོམ་བགྲོད་བྱེད་མཚམས་མི་འཇོག   གཞན་ངེད་ཚོར་ཐུན་མོང་གི་རྩོམ་གཤིས་ཟེར་བ་ཞིག་མི་དགོས་ལ་ཐུན་མོང་གིས་བརྩི་དགོས་པའི་སྒྲིག་ལམ་ཟེར་བ་ཞིག་དང་ཐུན་མོང་གི་བཀུར་རུང་བའི་དམ་པ་ཞིག་ཀྱང་མི་དགོས།   སྤྱི་ཚོགས་ཤིག་གི་འགན་ཁུར་དང་མ་ཁུར་དེ་ཡང་རྩོམ་པ་པོ་རང་རང་གི་འདོད་མོས་ལྟར་ཡིན་པ་ལས་གཞན་ཞིག་གིས་བཀོད་སྒྲིག་བྱེད་མི་དགོས་པར་རང་དབང་གི་མདུན་དུ་སྐྱོད་ཆོག ད་དུང་མི་རབས་བཞི་བ་ཚང་གིས་ཐུན་མོང་གིས་སྤེལ་བའི་རྩོམ་མམ་ཡང་ན་ཐུན་མོང་གིས་སྤེལ་བའི་བྱ་འགུལ་མ་གཏོགས་གཞན་གྱི་དོན་དག་ཅི་ཞིག་བྱུང་ཡང་མི་རང་རང་གིས་འགན་ཁུར་གྱི་ཡོད་ལ་མི་རེ་རེའི་སྨྲ་བརྗོད་ཀྱི་རང་དབང་ལ་ཐུན་མོང་གིས་ཐེ་གཏོགས་བྱེད་མི་རུང༌།  ངེད་ཚོས་ད་སྔ་བྲིས་པའི་སྙན་ངག་དག་གོ་སླ་བ་ནས་དཀའ་བ་དང་གོ་དཀའ་བ་ནས་མག་མོག་གི་རྣམ་པ་ཅན་ཞིག་ཏུ་གྱུར་སོང་བ་དེར་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ངེས་ཅན་ཞིག་ཡོད་ལ་དེ་ནི་ངེད་ཚོར་འཁང་ར་བྱེད་རྒྱུ་མ་ཡིན་པར་སྤྱི་ཚོགས་ལ་འཁང་ར་བྱེད་དགོས་པ་ཞིག་རེད། ངེད་ཚོ་ནི་ནམ་ཡང་ཉིད་ཀྱི་བདག་པོ་ངོ་མོ་དེ་ཡིན་པར་ཧབ་ཐོབ་བྱེད་ཀྱི་ཡོད་ལ་རང་ཉིད་མ་རྙེད་པར་གཞན་ཞིག་རྙེད་ཡོད་ཟེར་བ་ནི་སྐྱག་རྫུན་ཁོ་ན་ལས་མ་འདས་པས་དེ་འདྲའི་ལབ་རྐྱལ་དག་གི་སྐད་ཆར་གད་སྙིགས་ཀྱི་ཕུང་བོ་ཞེས་བརྗོད་ཀྱི་ཡོད།  ཡང་ཅིག་བཤད་ན་མི་རེ་རེའི་མཛེས་རྟོག་གི་ལྟ་བ་མི་འདྲ་བ་ཇི་བཞིན་བྱ་དངོས་གང་ཞིག་ཏུ་བལྟས་ཀྱང་དེ་ལ་བདེན་པ་ཡོད་མེད་དེ་མི་རང་རང་གིས་ཐག་གཅོད་དགོས་པ་ལས་གཞན་ཞིག་གི་རྗེས་སུ་འབྲང་བ་ནི་བྲན་གཡོག་ཅེས་པའི་ཐ་སྙད་དེ་ལས་གཞན་དམིགས་སུ་བཀར་ཏེ་བཤད་རྒྱུ་ཞིག་མེད་པར་འདུག     དྲང་བོར་བཤད་ན་བདག་ཉིད་ཀྱི་མཛེས་རྟོག་གི་ལྟ་བ་དེ་རྒྱ་སྐྱེད་དུ་གཏོང་བ་དང་ཁོད་ཡངས་སུ་གཏོང་རྒྱུ་དེ་མི་རང་ཉིད་འཇིག་རྟེན་འདིར་སྐྱེས་པའི་དགོས་པ་ཉག་ཅིག་ཏུ་འདོད་ཀྱི་ཡོད།  བདག་ཉིད་ཀྱི་མཛེས་རྟོག་གི་ལྟ་བ་དེ་སྒྱུ་རྩལ་གྱི་གཏིང་ཟབ་ས་ཞིག་ནས་མ་གཏོགས་རྙེད་མི་སྲིད་པས་ངེད་ཚོས་ནི་སྒྱུ་རྩལ་གྱི་ཞིང་ཁམས་ཤིག་ནས་རང་ཉིད་ཀྱི་མཛེས་རྟོག་གི་ལྟ་བ་ཡང་དག་པའམ་གཡའ་དག་པའི་རང་གཤིས་དམར་རྗེན་དེ་ཕྱི་རུ་སྔོགས་འདོན་བྱེད་འདོད།
                                                                               ༢༠༠༨ལོའི་ཟླ་༧པའི་ཚེས༢༠ཉིན་གཙོས་གྲོང་ཁྱེར་དུ་སྦྱར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་བཞི་བ་ཚང་ལ་བསྐྱར་དུ་བལྟས་པ།

2009-10-03 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།