དོར་ཞིས་འབུམ་རམས་པར་གསུངས་པའི་ཚིག་བསྡུས་ཏེ་བྲིས་པ།

    【བདུན་ཕྲག་གཅིག་གི་སྔ་རོལ་ལ།  འབུམ་རམས་པ་ཀུན་དགའི་དཔྱད་རྩོམ་ཁ་བྱང་འདེམས་པའི་ཚོགས་ཐོག་ནས།  དགེ་རྒན་ཆེན་མོ་དོར་ཞི་ལགས་ནས་གཞེན་སྐུལ་གྱི་ཚུལ་དུ་གསུངས་པ་དེ་དོན་སྙིང་ཤིན་དུ་ཆེ་བ་དང༌།  ད་ལྟའི་བོད་ཀྱི་ཤེས་ཡོན་པའི་སྡེ་ལ་དེ་བས་ཀྱང་སྨན་དུ་བསམ་ནས་གནས་འདིར་ཟིན་བྲིས་སུ་བཏབ་པ་བསྡུས་ཏེ་བྲིས་པ་ཡིན་ལགས】
སངས་རྒྱས་ཀྱི་རྩོམ་མང་པོ་བསྒྱུར་ཡང༌།  འགྱུར་ཟིན་པ་དེ་བོད་ཀྱི་ཡིན་པ་ལས་རྒྱ་གར་གྱི་མ་ཡིན། 
བོ་དོང་གི་རྩོམ་ཀློག་མི་བདེ་ལ་ཙོང་ཁ་པའི་རྗེས་ནས་བཟུང་རྩོམ་འབྲི་ཚུལ་ཇེ་ཞིབ་དང་ཇེ་ལེགས་སུ་སོང་ཡོད་པ་རེད།
མི་ལ་རས་པའི་རྩོམ་དང་དེའི་རྣམ་ཐར་གྱིས་བོད་མིའི་མི་གཤིས་ཁྱད་པར་བ་ཞིག་མཚོན་ཡོད།  དེ་ཞིབ་འཇུག་བྱས་པ་བརྒྱུད། ཕན་ཆད་ཀྱི་བོད་མིའི་སྙིང་སྟོབས་ཐུན་མོང་མ་ཡིན་པ་དེ་ཞིབ་འཇུག་བྱེད་དགོས།
བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་ཅི་རེད།  གནས་ཚུལ་ངོ་མ་དང་ཐོད་གཏུག་པ་གལ་ཆེ།  ལོ་རྒྱུས་དངོས་དང་སྦྱར་བས་གོ་རྒྱུ་ཆེན་པོ་ཡོད།
རིག་གནས་སྣ་ཚོགས་པར་གྲུབ་ཡང་རྩ་བ་གང་འཛིན་དགོས། 
ནུབ་ཕྱོགས་ཀྱི་ཞིབ་འཇུག་བྱེད་སྟངས་ལེགས་པོ་བེད་སྤྱོད་དགོས།  ཁོང་ནས་ཀྱང་ཐབས་དེས་བོད་ཀྱི་རིག་གནས་ཞིབ་འཇུག་བྱས་ན་ཤིན་དུ་ལེགས་པོ་རེད་གསུངས་ཡོད།
ལྟ་སྤྱོད་སྒོམ་གསུམ་གྱི་སྟེང་ནས་སངས་རྒྱས་ཆོས་ལུགས་ཀྱི་དགོངས་པ་གསལ་བོར་རྟོགས་ཡོང༌།
“ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད།།  དོན་དམ་པར་ནི་ཐམས་ཅད་མེད།།”
ཐལ་འགྱུར་བ་རྐྱང་བ་དེ་མི་ལ་རས་པ་དང་ས་སྐྱ་པཎ་ཆེན་ལ་ཡོད།  རྒྱ་ནག་གི་ཀྲོ་ཡོན་གྱིས་མཛད་པའི་དཔེ་ཆའི་ནང་ནའང་ཡོད་དེ།  ངས་སྒྱུར་གྱིན་ཡོད།
དཔྱད་རྩོམ་སོགས་འབྲི་བ་ལ་ཡང་དག་པའི་དམ་བཅའ་དང༌།  རྒྱུ་མཚན་ཡང་དག་པ་བརྟན་པོ་ཞིག་མེད་ན།  འདམ་ལ་བརྡབ་པའི་ཕུར་བ་ཇི་བཞིན་དུ་བག་ཆགས་འཇོག་ཐུབ་པ་དཀའ།  རིགས་པ་ཡང་དག་པའི་ཚད་མ་ལ་བརྟེན་ནས་ལྟ་བ་གཏན་ལ་འབེབས་པ་ལས།  རང་གི་ལྟ་བ་ཁོ་ན་ བརྗོད་པས་མི་ཆོག་གི 
ལྟ་ཚུལ་ག་འདྲ་ཡོད་ཀྱང་གནས་ལུགས་གཅིག་མ་གཏོགས་པ་མེད།  ད་སྐབས་ཀྱི་དཔྱད་རྩོམ་རྣམས་ལ་ཚད་མའི་ཐབས་བེད་སྤྱད་ན་ལེགས་པོ་ཡོང་ངེས་ཡིན།  དེང་རབས་ཀྱི་ཞིབ་འཇུག་བྱེད་ཐབས་དང་བོད་རང་གི་གོམས་གཤིས་སུ་གྱུར་བའི་ཚད་མ་ལ་སོགས་པའི་ཞིབ་འཇུག་བྱེད་སྟངས་ཟུང་དུ་འབྲེལ་ན་བཟང༌།
བོད་རང་གི་མཁས་པ་རྣམས་ཐང་ལ་བུད་དེ་སྐད་ཆ་བཤད་ན་འགྲིག

 རང་གི་གཏམ། 

དགེ་རྒན་ཆེན་མོ་དོར་ཞི་ལགས་དགུང་ལོ་བགྲེས་ནའང་བོད་དང་འབྲེལ་བའི་དཔེ་ཆ་ཀློག་པ་ལ་ཐུགས་ཤིན་དུ་སྤྲོ་བས་ཕྱི་ནང་གི་དཔེ་ཆ་དང་གཞུང་ལུགས་གང་མང་མང་ལ་ལྟ་གི་ཡོད།  ཁོའི་སློབ་མ་འབུམ་རམས་པ་དག་ཀྱང་དགའ་བ་དེ་ལ་གཞོལ་གྱི་ཡོད་པས།  མ་འོངས་པ་ན་ཁོང་དགེ་སློབ་ཚང་མས་བོད་ཀྱི་ཤེས་རིག་དང་རིག་གནས་ཀྱི་ཆེད་ལ་ལག་རྟགས་དགའ་ཞིག་འཇོག་ཐུབ་པར་སྨོན།  གཞན་དེང་སྐབས་སློབ་ཆེན་གྱི་བོད་ཀྱི་དགེ་རྒན་སྐོར་ཞིག་གིས་གཞན་གྱི་རིག་གནས་ཕར་ཞོག་རང་གི་རིག་གནས་ཀྱང་ཅི་ཡིན་ཆ་མ་འཚལ་པར་ལུས་ཡོད་པ་རྣམས་ཀྱིས་རིག་པ་མ་རྡིབ་གོང་ལ།  རང་ལ་འགྱོད་པ་མེད་པ་ཞིག་བྱ་ཆེད་ཡང་བསྐྱར་རྙེད་དཀའ་བའི་རང་གཞན་གཉི་ཀའི་དཔེ་ཆ་དང་རིག་གཞུང་སྣ་ཚོགས་ཐང་ནས་བླངས་ཏེ་ཐོད་ལ་གཏུགས་པར་མཁྱེན།  ལྷག་པར་དུ་སློབ་མའི་ཆུ་ཚད་དགེ་རྒན་གྱི་ཡར་ནང་ལ་ཤོར་བའི་གནས་ཚུལ་མཐོང་གི་ཡོད་པས།  རྒྱགས་ཕྱེ་སྟེར་མཁན་དགེ་རྒན་འགའ་རེའི་རྩམ་ཁུག་ནང་ལ་སྐྱུར་དྲི་དང་གྲང་རླུང་མ་ཡིན་པའི་རིགས་གཞན་ཞིག་གིས་ཁ་གང་བར་ཡང་ཡང་སྨོན།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དོར་ཞིས་འབུམ་རམས་པར་གསུངས་པའི་ཚིག་བསྡུས་ཏེ་བྲིས་པ།

2009-09-04 ངལ་རྫི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།