མཆོད་མེ་དང་དཔལ་འབར།

      འཛམ་གླིང་གི་ཡུལ་གྲུ་སོ་སོ་ན་ཨོ་ལེམ་ཕེ་ཁིའི་དཔལ་འབར་བསྐོར་བསྐྱོད་བྱེད་པའི་དུས་མཚུངས་སུ།  ངའི་སེམས་ཁམས་སུ་དྲོད་ཁོལ་དང་སྣང་བ་བཀྱེད་མཁན་ནི་བོད་ཀྱི་མཆོད་མེ་ཡིན།  དགོན་སྡེ་ནས་ཞིང་གྲོང་དང༌།  སྒང་ཁ་ནས་གཤོང་ས།  རོང་ཁུལ་ནས་འབྲོག་ས།  ཁ་བ་རི་བོས་བསྐོར་བའི་ཡུལ་མཐའ་དང་རྒྱ་རྫོང་ནགས་ཀྱིས་འཚང་བའི་ལུང་གྲོག   གཡུ་ལོ་ཐགས་སུ་བཀོད་པའི་སྤང་ཐང་དང་གཡུ་ཞུན་ས་ལ་འཁྱིལ་འདྲའི་མཚོ་འགྲམ་དུ།  མཆོད་མེའི་གཟིམ་པ་མེད་པའི་འོད་ཀྱི་སྣང་བ་དེས་མི་རིགས་ཤིག་གི་གོད་ཆགས་དང་རྨ་ཁ་གླེང་གི་འདུག
     ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ།  ཧི་མ་ལ་ཡའི་རི་རྒྱུད་དུ་བོད་ཅེས་པའི་མི་རིགས་ཤིག་དང་དེ་ལ་བདོག་པའི་ཤེས་རིག་གིས་མིའི་རིགས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་ཕྱིར་སྣུར་མེད་པའི་འཚོལ་སྙེག་གི་མཚན་ལམ་འགྲིམ་བཞིན་འོང་གིན་ཡོད།  ཐོག་མར་གདོང་རྒྱུད་ལྷ་ནས་ཆད་པའི་སྒྲུང་གི་ནང་དུ་བོད་ཀྱི་རུས་རྒྱུད་རྐྱང་བ་ཆིག་ཐུབ་ཅིག་གནམ་སའི་བར་གྱི་ཐེམ་པལྟ་བུའི་དམུ་ཐག་རིང་བོ་ལ་བརྟེན་ཏེ་དོག་མོ་ས་ཡི་སྟེང་ལ་བབས་པ་ཡིན་ཞིང༌།  བོད་ཀ་གཡག་དྲུག་གི་རྗེ་རུ་མཛད་པའི་དུས་ནས་བཟུང་རུས་རྒྱུད་དང་རིགས་རྒྱུད༌།  ཐུན་མོང་གི་ས་ཁོངས་དང་བསམ་པའི་འདུ་ཤེས་ཆགས་པའི་ཡ་ཐོག་གི་བོད་ཀྱི་སྤྱི་ཚོགས་གྲུབ་ཅིང༌།  ཕྱྭ་དམུ་ལྡོང་སྟོང་དབྲ་འབྲུ་སྒ་དབལ་ལྡ་རྣམས་ཀྱི་སྤྱི་ཚོགས་ཚོགས་པ་བྱུང་རྗེས་རིམ་གྱིས་ས་སྒང་འདི་བོད་ཀྱི་མི་རིགས་འཚོ་བའི་གནས་སུ་གྱུར་བ་ཡིན་ལ།  མི་རབས་ནས་མི་རབས་ལ་བོད་ཀྱི་རུས་རྒྱུད་ཁུངས་དག་ལྷད་མེད་ཅིག་བལྟམས་པ་ཡིན།
      དེའི་རྗེས་སུ་བོད་ཀྱི་མི་རིགས་དེ་རྒྱལ་ཁབ་ཀྱི་ཕྱོགས་སུ་འཕར་བའི་གོམ་སྟབས་བཙན་པོའི་མངའ་བསྒྱུར་མཛད་པའི་དུས་ནས་བྱུང་བ་ཡིན།  བོད་བཙན་པོའི་རྒྱལ་ཁབ་དེ་ལོ་ངོ་སྟོང་ཕྲག་གཅིག་གི་རིང་ལ་གནས་ཐུབ་པ་བྱུང་ཞིང༌།  དེ་ལྟ་བུའི་སྲིད་ཀྱི་ཁ་ལོ་བསྒྱུར་བའི་རྒྱལ་ཁབ་ཅིག་ད་སྔ་འཛམ་པོ་གླིང་ན་མེད་པ་རེད་ལ།  བོད་ཀྱི་ཐུན་མོང་མ་ཡིན་པའི་ཆ་རྣམས་ཀྱང་དེའི་རིང་ལ་དར་ཞིང་རྒྱས་པར་ཐོན་ཏེ།  ཤེས་རིག་དང་དཔལ་འབྱོར།  གོམས་སྲོལ་དང་མི་གཤིས་ཚང་མ་དེ་དུས་སུ་གྲུབ་པ་ཡིན།  བཙན་པོའི་རྒྱལ་རབས་ཐོར་རྗེས་གཅིག་གྱུར་གྱི་བོད་ཆེན་པོ་དེ་རེ་ཞིག་ཁ་ཐོར་ནའང༌།  ལ་དགས་དང་གུ་གེ་དང་ཙོང་ཁའི་རྒྱལ་རབས་ལ་སོགས་པ་གཙོ་བྱས་པའི་བོད་བཙན་པོའི་རྒྱལ་རབས་ཕྱི་མ་བྱུང་ཞིང༌།  དེའི་རིང་ལ་བཙན་པོ་སྔ་མའི་སྐབས་ཀྱི་རྒྱུན་བཟུང་དེ་སྲིད་དང་དམག་གི་རྟིང་མར་ཤེས་རིག་འཕེལ་རྒྱས་གཏོང་བའི་ལམ་བདམས་ཤིང་དེར་ཞུགས་པ་རེད།  
      ལོ་རྒྱུས་ཀྱི་རྒྱུན་ནམ་ཡང་མི་འཇགས་པ་བཞིན་མི་རིགས་ཀྱི་འཕེལ་རྒྱས་ཀྱང་འགག་པ་མེད་པ་ཡིན།  བོད་བཙན་པོ་ཕྱི་མའི་དུས་སམ་སིལ་བུའི་དུས་ལ།  དབྱི་སི་ལམ་རིག་གནས་ཀྱིས་རྒྱ་གར་ལ་ཕྱོགས་ཐམས་ཅད་ནས་འཇིག་ཉེན་ཐེབས་པས་སངས་རྒྱས་བསྟན་པ་དང་བཅས་པའི་རྒྱ་གར་རིག་གནས་མ་ལག་དེ་བོད་ཀྱི་ས་ཐོག་འདི་ནས་མྱུ་གུ་འབུས་འགོ་བརྩམས་ཤིང༌།མཐའ་མར་བོད་ཀྱི་རིག་གནས་གྲུབ་བྱེད་ཀྱི་རྐང་དུ་ཚུགས་སོང་པ་རེད།  འདི་ནི་ལོ་ངོ་ལྔ་བཅུའི་སྔོན་ལ་བོད་ཀྱི་རིག་གནས་ལ་རྒྱའི་རིག་གནས་ཀྱིས་འཇིག་ཉེན་ཐེབས་དུས་བོད་ཀྱི་རིག་གནས་ཀྱི་ས་བོན་དེ་རྒྱ་གར་གྱི་ས་ཐོག་ལ་ཡང་བསྐྱར་ཐོར་བ་དང་ཅིས་མི་མཚུངས།  (ལོ་རྒྱུས་ཟེར་བ་དེ་ལྟར་འཁོར་ལོ་བཞིན་འཁོར་བའི་གནས་ལུགས་ཤིག་གིས་བཅིངས་ཡོད་པའི་བློ་དེ་སུ་ལའང་སྐྱེ་སྲིད་ཀྱི་རེད། )
      བོད་ལ་ནང་བསྟན་གྱི་གྲུབ་མཐའ་ཁག་དར་བས།  ས་སྐྱ་གོང་མ་རྣམ་ལྔ་ནས་བཟུང་རྗེ་ཙོང་ཁ་བ་ཆེན་མོའི་རྗེས་འཇུག་པའི་བར།  བོད་ཆེན་པོའི་སྲིད་ལུགས་རིམ་གྱིས་རིག་གནས་དེ་དང་ཀུན་ནས་འབྲེལ་བྱུང༌།  ཕྱི་ཚུལ་གྱི་སྟོབས་ཤུགས་ཡོངས་རྫོགས་རིམ་གྱིས་བོད་མིའི་སེམས་ཁམས་ཀྱི་གཏིང་ལ་སིམ་འཛུལ་བྱས་སོང༌།  ཐ་ན་སྟོབས་ཆེན་སོག་པོའི་དམག་ཀྱང་བོད་ཀྱི་མདུན་ནས་གདུག་རྩུབ་དང་ང་རྒྱལ་གྱི་མགོ་བོ་དུད་སོང་ལ་རྒྱ་གར་ནག་གཉིས་ཀྱི་བར་ནས་བོད་ཀྱི་གཟིམ་པ་མེད་པའི་མཆོད་མེ་མཐོན་པོར་བཏེགས་པ་ཡིན།  འོན་ཏེ་དུས་དེར་ང་ཚོ་དང་ཁ་ཐག་རིང་བའི་ཡུལ་གྲུ་ཀུན་ནས་མིའི་རིགས་ཀྱི་བདེན་པའི་བླ་སྲོག་སྟེ་རང་དབང་དང་འདྲ་མཉམ།  དམངས་གཙོ་སོགས་མི་ཆོས་རིང་ལུགས་ཀྱི་ཐོབ་ཐང་བརྩོན་ལེན་བྱེད་པའི་ལུས་འགུལ་གཞི་རྒྱ་ཆེན་པོ་ལངས་ཤིང་འཛིམ་གླིང་གི་ས་ཁྱོན་ཐམས་ཅད་གཡོ་འགུལ་ཐེབས་བཅུག་པ་རེད།  དེ་ནས་བཟུང་ང་ཚོ་སྣུམ་འཛད་ཀྱིན་པའི་མར་མེ་ཞིག་ལྟར་རང་གི་གྲུ་ཟུར་ནས་རེ་ཞིག་ལ་ལུས་སོང༌།  ད་བར་དུ་ལུས་སོང༌།དེ་རིང་འཛམ་པོ་གླིང་དུ་མི་ཀུན་གྱིས་མགོ་བོ་བཏེགས་ཏེ་གོམ་པ་མདུན་ལ་སྤོ་དུས་ང་ཚོས་རང་གི་མགོ་བོ་བཏུད་ག་ལ་ཆོག  གོམ་འཚམས་འཇོག་ཇི་ལྟར་ནུས།  ཕྱི་ཚུལ་ནས་བལྟས་ཙམ་གྱིས་བོད་ཀྱི་མར་མེ་དེ་འཛད་ཀྱིན་པའི་སྣང་བ་སྟེར་ནའང༌།  དོན་ལ་སྟོབས་ཤུགས་ཐ་དག་ཕྱི་གཟུགས་ཤིག་ནས་ནང་སེམས་ལ་སིམ་ནས་ཡོད་པས་ན།  ནང་གི་སྟོབས་ཤུགས་དང་ཡིད་ཆེས་དེས་བོད་ཀྱི་མཆོད་མེ་དེ་ཉིད་གསལ་ལྷང་ངེར་འབར་བཅུག་ཡོད།  
        དེ་རིང་དཔལ་འབར་ཞིག་འཛམ་གླིང་གི་ཕྱོགས་སོ་སོར་དྲག་པོའི་དཔུང་དང་ཆབས་ཅིག་བསྐོར་དུས།  ང་ཚོས་རང་གི་ནང་སེམས་ཀྱི་མཆོད་མེ་འཛམ་གླིང་གི་ཡང་རྩེར་སྒྲོན་འོས།  
        རྒྱལ་གྱུར་ཅིག  །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཆོད་མེ་དང་དཔལ་འབར།

2009-09-04 ངལ་རྫི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།