གཡམ་རྒྱུགས་དང་ལད་ཟློས་ཀྱི་ནག་ཉེས།

     དྲ་ལམ་བརྒྱུད་ནས་ཤེས་གསལ་ལྟར་ན་གནས་ལུགས་མི་བརྗོད་མཁན་གྱི་མི་རབས་ཤིག་སྟེ་གཡམ་རྒྱུག་ཁོ་ནར་དགའ་བའི་དཔུང་སྡེ་འཇིགས་སྣང་ཅན་ཁ་ཤས་འཚར་ལོངས་འབྱུང་བཞིན་པ་འདི་དག་གིས་བོད་ལ་སེམས་ཁུར་བྱས་བཞིན་ཡོད་ཟེར་ཞོར་དཔྱད་རྩོམ་མགོ་རྔ་མེད་པ་རེ་སྤེལ་བཞིན་འདུག་ལ་བསྒྲགས་གཏམ་ཡིན་ཟེར་ནས་རིང་ལུགས་མེད་པའི་གཉིད་སྐད་ལྡབ་ལྡིབ་རེ་ཤོད་བཞིན་འདུག འདི་ཚོ་ནི་ནར་མ་སོན་པའི་བྱིས་པ་ཚོས་སྐྱག་པ་ངོ་མ་ཤེས་པ་དང་འདྲ་པོ་འདུག  ལྷག་པར་དུ་ནང་བསྟན་ཆོས་ལུགས་ལ་ཞིབ་འཇུག་དང་ཚིག་རྐང་གཅིག་ཀྱང་ལག་ལེན་བྱེད་མ་མྱོང་བའི་བྱིས་པ་དམར་རྗེན་འགས་བདག་ཅག་གི་སྟོན་པ་ཉེས་ཅན་ལ་བརྩི་ཞིང་རང་ཅག་བོད་པ་ཚོ་བླུན་རྨོངས་པ་ཁོ་ནར་བརྩི།   དོན་དངོས་སུ་ཁོ་ཚོའི་གྲས་སུ་ཞིབ་འཇུག་བྱས་ཏེ་དཔྱད་རྩོམ་འབྲི་མཁན་ཉུང་ལ་གནས་ལུགས་ངོ་མ་ཞིག་རྙེད་དེ་སྐད་ཆ་ཤོད་མཁན་དེ་བས་ཀྱང་ཉུང༌།  ཐ་ན་བླ་སྤྲུལ་གྱི་རྣམ་བཤད་ཙམ་ཡང་ཀློག་མ་མྱོང་བའི་ཁོ་ཚོས་འཛམ་གླིང་གི་མི་འབོར་ས་ཡ་༡༢ཙམ་གྱིས་ལག་ལེན་བྱེད་བཞིན་པའི་ནང་བསྟན་ཆོས་ལུགས་ལ་ཉེས་འགེལ་བྱེད་བཞིན་ཡོད།
      ནང་བསྟན་ཆོས་ལུགས་ལ་མཚོན་ན་དེང་དུས་ཚན་རིག་དང་མཐུན་ཞིང་ཚན་རིག་དང་མཉམ་འབྲེལ་བྱེད་ཐུབ་པ་ཞིག་ཏུ་བརྩིས་ཏེ་ནུབ་ཕྱོགས་ཀྱི་ཚན་རིག་པ་མང་པོས་དངོས་སུ་ཁས་ལེན་དང་ལག་ལེན་བྱེད་བཞིན་པ་ཞིག་ཡིན་ལ་འཛམ་གླིང་གི་ཆོས་ལུགས་དབུ་ཁྲིད་མི་སྣ་དང་ཆོས་ལུགས་མི་སྣ་མང་པོས་ཚད་མཐོ་བའི་གདེང་འཇོག་བྱེད་པར་འགོ་རྩོམ་བཞིན་ཡོད།
    དུས་རབས་ཉི་ཤུ་བའི་དུས་འགོ་ཙམ་ནས་བཟུང་སྟེ།   དངོས་ཐོག་བདེན་འཚོལ་གྱི་ཚན་རྩལ་རིག་གནས་ཀྱིས་ནང་པའི་མཚན་ཉིད་རིག་པར་སྤྲོ་སྣང་ངེས་ཅན་ཞིག་རྙེད་འགོ་ཚུགས་པ་དང༌།  དེ་ནས་བཟུང་ནང་པའི་མཁསདབང་དངཚན་རིག་པ་ཚོའི་བར་ལ་གནས་ཚད་དང་རྣམ་པ་མི་འདྲ་བའི་ཚོགས་འདུ་དང་བགྲོ་གླེང་རིམ་པ་དུ་མ་ཞིག་བསྐོངས་ཚོགས་བྱས་པ་དང། སྐབས་དེ་ཚོར་སེམས་ཀྱི་ངོ་བོའམ་ཡང་ན་ཚན་རིག་གི་ལྟོས་གྲུབ་རྣམ་བཞག་དང་འབྲེལ་བའི་སྟོང་ཉིད་བཅས་ཀྱི་སྐོར་ལ་དཔྱད་ཞིབ་བྱེད་རྒྱུར་བརྩོན་པ་རེད། དེ་ཙམ་མ་ཟད་ང་ཚོས་ནང་པའི་ཆོས་དང་དེང་རབས་ཚན་རིག་གཉིས་གཤིབ་བསྡུར་གྱིས་ངོ་སྤྲོད་བྱེད་ཐུབ་པ་ཡིན་ན། བོད་ཀྱི་མི་རབས་གསར་བ་དང་སློབ་གཉེར་བ་སྤྱིར་ནང་པའི་བསྟན་པ་འདི་བཞིན་གོ་བདེ་བ་དང༌།   ཉམས་སུ་ལེན་སླ་བ།  སྐབས་དོན་དང་འབྲེལ་ཆགས་པ་བཅས་ཡོང་རྒྱུར་ཕན་པ་ཆེན་པོ་ཡོད་ལ་ལྷག་པར་དུ་ཆོས་ནི་དགོན་པ་ཁོ་ནར་ལག་ལེན་བྱེད་དགོས་རབས་གླེང་མཁན་གྱི་བོད་ཀྱི་མཁས་པ་ཡིན་ཟེར་མཁན་དེ་ཚོ་དང་དེ་དག་ལ་ལད་ཟློས་བྱེད་མཁན་ཚོར་གོ་རྟོགས་དང་ངེས་ཤེས་གཞན་ཞིག་རྙེད་པར་ཡང་ཕན་པ་ཡོད་ཚོད་རེད།
   ཚན་རིག་ནི་མངོན་སུམ་གྱི་ཚད་མ་དང་དཔང་རྟགས་ལ་གཞི་བཅོལ་བའི་རིག་གནས་ཀྱི་མ་ལག་ཅིག་ཡིན་པར་བསམ་ན་དེ་ཉེ་བའི་དུས་རབས་ནང་དུ་འཕེལ་རྒྱས་ཀྱི་ཚད་གཞི་ཆེས་མཐོ་པོ་ཞིག་ཏུ་སོན་ཡོད་ཀྱང༌།  སྤྱིའི་ཆ་ནས་བཤད་ན་དེའི་ཁ་ཕྱོགས་དང་ཀུན་སྤྱོད་ཀྱི་ཕྱོགས་ལ་ཞན་ཆ་ཡོད་པ་དེ་ཚོ་ནང་པའི་ཆོས་ཀྱིས་ཁ་གསབ་བྱེད་ཐུབ།
     ད་དུང་ལོ་ངོ་༢༠ཡི་སྔོན་ལ་བོད་མུན་ནག་ཏུ་ངོས་བཟུང་ཡོད་པའི་རྒྱ་ནག་གི་ཤེས་ཡོན་པ་ཚོས་ཀྱང་ད་ལྟ་གཞི་ནས་བོད་ཀྱི་སྤྱི་ཚོགས་ལ་ལྟ་ཕྱོགས་མི་འདྲ་བ་བཟུང་ཡོད། དེ་ནི་ཁོ་ཚོས་བོད་ཡུལ་ངོ་མ་དང་བོད་པ་ངོ་མ་མཐོང་སོང་རྐྱེན་རེད།  མི་ལོ་བཞི་བཅུ་ལྷག་ཙམ་གྱི་ནང་ཚུད་ནས་གྲག་འགུལ་ཅི་ཡང་མེད་པའི་མི་རིགས་ཤིག་གློ་བུར་དུ་ས་གྲགས་རྡོ་གྲགས་བྱེད་ཐུབ་སོང་བ་དང་འཛམ་གླིང་གི་གྲངས་ཉུང་མི་རིགས་གཞན་དང་མ་མཐུན་པར་རྒྱལ་སྤྱིའི་མི་དམངས་ཀྱིས་ཆེས་དོ་སྣང་བྱེད་ས་ཞིག་ཏུ་གྱུར་ཡོད་པ་ནི་བོད་འདིའི་རི་ཆུ་ལུང་གསུམ་དང་ཆོས་ལུགས་ཁོ་ནའི་དབང་གིས་ཡིན།
    དེའི་རྐྱེན་གྱིས་ཆོས་ལུགས་ལ་ཉེས་འགེལ་བྱེད་བཞིན་པའི་ལྟ་བ་གླེང་མཁན་དེ་ཚོས་ཆོས་ལུགས་ཟེར་བ་དེ་བསང་གསོལ་བྱེད་པ་འདྲ་པོ་དང་ཁ་དོན་འདོན་པ་འདྲ་པོ།   ཡང་ན་མོ་འདེབས་པ་དང་ཞབས་བརྟན་སྒྲུབ་བཞིན་པ་ལྟ་བུར་ངོས་བཟུང་ཡོད་པ་དང་ལྷག་པར་དུ་ཆོས་ནི་དགོན་པ་ཁོ་ནར་ལག་ལེན་བྱེད་རྒྱུ་ཞིག་ཡིན་པ་ལྟ་བུར་ངོས་འཛིན་བཞིན་འདུག  དེ་དག་གིས་ཆོས་མ་ཤེས་པ་མ་ཟད་ཆོས་མི་ཤེས་ཚུལ་དེ་ཡང་ཧ་ཅང་གིས་ཐབས་སྐྱོ་བོའི་སྒོ་ནས་མ་ཤེས་པ་དེ་འདྲ་རེད།འདིའི་རིགས་ཀྱི་ཤེས་ཡོན་པ་ཚོ་འབྲོག་པ་སྤྱང་པོ་ཞིག་ལའང་མི་དོ།   དེའི་རྐྱེན་གྱིས་འདིའི་རིགས་ནི་ང་ཚོའི་དངོས་ཡོད་གནས་ཚུལ་ཁྲོད་དུ་དངོས་ཐོག་བདེན་འཚོལ་བྱས་འབྲས་ཀྱི་མི་རིགས་ལ་ཤ་མི་ཚ་མཁན་དེ་ཚོ་རེད།  འདིའི་རིགས་ནི་སྐད་ཆ་བཤད་ཚར་རྗེས་འགན་ལེན་མི་ཤེས་མཁན་དེ་ཚོ་རེད།   འདིའི་རིགས་ནི་རང་ཉིད་མངོན་གསལ་དོད་པོ་བྱེད་པར་དགའ་མཁན་ཁག་ཅིག་རེད།  ད་དུང་ཁོ་ཚོས་ཕྱི་གླིང་དུ་གྲགས་ཆེ་བའི་དཔེ་དེབ་ཁ་ཤས་དང་མི་སྣ་ཁ་ཤས་ཀྱི་མིང་དང་ཚིག་དུམ་རེ་བེད་སྤྱོད་བཏང་ཏེ་དཔྱད་རྩོམ་གྱི་རྒྱབ་རྟེན་ལ་འཇོག་བཞིན་ཧ་ཅང་གིས་མཁས་ཉམས་དོད་པོ་བྱེད་བཞིན་འདུག  དེ་ཚོ་ནི་ཤེས་ཡོན་པའི་སྐྱུག་བྲོ་བའི་ཟུར་ངོས་ཤིག་རེད།
      ཁོ་ཚོས་བཅིངས་གྲོལ་དང་རྗེས་ལུས། མདུན་བསྐྱོད་དང་གསར་བརྗེ་ལྟ་བུའི་སྔོན་འདས་ཀྱི་ཚིག་དེ་འདྲ་མང་པོ་ཞིག་གཙིགས་སུ་བཟུང་ནས་ལྟ་བ་གླེང་བཞིན་པར་དཔྱད་ན་ཁོ་ཚོར་ཐོབ་པའི་སློབ་གསོའི་ནང་དུ་མིའི་རིགས་ཀྱི་བྱམས་བརྩེ་རྨང་ནས་དོར་འདུག  ཁོ་ཚོའི་ཚིག་ཁ་ཤས་ལ་ལྟས་ན་ཕལ་ཆེར་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་དགོངས་དོན་ཡང་རྟོགས་མེད་པ་དང་འདྲ་བས་ཁོ་ཚོ་ནི་ཞོགས་དུང་ལྟ་བུའི་ལྟ་བ་ལ་ལད་ཟློས་དང་བསྐྱར་གླེང་བྱེད་མཁན་དག་རེད་ལ་དེ་ལས་ཀྱང་ཁོ་ཚོ་ནི་གཡམ་རྒྱུག་ཁོ་ནར་དགའ་མཁན་རྐྱང་རྐྱང་རེད།   ཁོ་ཚོ་ནི་རང་གི་རྐང་མགོ་འདམ་ལ་བྱིངས་ཡོད་པ་བརྗེད་དེ་ད་དུང་གཞན་ལ་རྐང་མགོ་འདམ་ལ་བྱིངས་མི་རུང་བའི་ཐ་ཚིག་སྒྲོག་བཞིན་འདུག་པའི་ཞར་བ་རྐྱང་རྐྱང་རེད།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཡམ་རྒྱུགས་དང་ལད་ཟློས་ཀྱི་ནག་ཉེས།

2009-09-04 ཚེ་རིང་སྐྱིད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།