འདི་ནི་འུ་ཅག་གི་སློབ་གསོའི་ཐབས་ལམ་རེད།

དེ་རིང་ངས་ཁ་འདྲིས་ཞེ་འདྲིས་སུ་སོང་བའི་སློབ་གྲོགས་དགེ་རྒན་སྐོར་ཞིག་ལ་ཁ་བརྡ་བྱས་པ་ཡིན། ནམ་རྒྱུན་ལྟར་སྤྱིར་བཏང་གི་གནད་དོན་སྐོར་ཞིག་ནས་འགོ་བརྩམས་ཏེ་སློབ་གསོ་དང་སློབ་གྲྭའི་བདག་དམ་སོགས་ཀྱི་སྐོར་རེར་གླེང་མོད། བདག་ལ་དེའི་སྐོར་གྱི་ཤེས་བྱ་དབུལ་བས་སེམས་ཞི་མོས་ཁོ་ཚོའི་གླེང་གཞི་ལ་ཉན་རྒྱུ་ལས་རང་ཉིད་ཀྱི་འདོད་ཚུལ་ལྷུག་པོར་བརྗོད་པའི་སྤོབས་པ་ཡེ་ནས་མ་སྐྱེས།  ང་ཚོར་བརྗོད་གཞི་དངོས་ལ་ཞུགས་མ་ཐག་དགེ་རྒན་ཆེ་གེ་མོ་ཞིག་གི་གཏམ་གླེང་དེས་ངའི་ལུས་སེམས་གཉིས་ཀ་ཅུང་མི་བདེ་བ་ཞིག་ཏུ་བཏང་སོང་།  ཁོས་བཤད་རྒྱུར། ད་ལྟ་སློབ་གྲྭའི་ནང་གི་སློབ་ཁང་རེ་རེར་ལྟ་རྟོག་དཔྱད་ཆས་བཙུགས་ཡོད་པས་སློབ་མ་བདག་སྐྱོང་བྱེད་རྒྱུར་སྟབས་བདེ་བཟོས་འདུག་ཟེར། ཁྱིམ་བདག་ཚོས་རང་གི་བྱིས་པས་སློབ་གྲྭའི་སྒྲིག་ལམ་ལ་གཏོར་བརླགས་བྱས་པ་འགེབ་སྲུང་ཅི་ཐུབ་བྱེད། འོན་ཀྱང་ད་ལྟ་ལྟ་རྟོག་དཔྱད་ཆས་ཀྱིས་གཟུགས་བརྙན་བླངས་ནས་བདེན་དཔངས་བྱེད་ཐུབ་པས། ཁྱིམ་བདག་ལ་ཁ་གྲགས་རྒྱུ་མེད་པར་བཟོ་ཐུབ་ཟེར།  ཁོས་བཤད་རྒྱུར། ད་ལྟ་འཛིན་བདག་དགེ་རྒན་ཚོས་སློབ་མ་སོ་སོའི་ཁྱིམ་བདག་ལ་ལྟ་རྟོག་དྲ་གནས་རེར་སྤྲད་ཚེ་སློབ་མས་ཅི་བྱེད་ཁྱིམ་བདག་གིས་དྲ་བའི་ལམ་ནས་ཚེགས་མེད་དུ་མཐོང་ཐུབ་ཟེར།  ངས་སྐད་ཆ་འདི་དག་གོ་མ་ཐག་ངོ་མ་ཧ་ལས་ཤིང་ཧོན་ཐོར་སོང་།  འདི་ནི་རྣམ་དཔྱོད་ཡངས་པའི་དགེ་རྒན་བསམ་ཤེས་ཅན་དེ་ཚོས་ཡིད་ཚིམ་ཚིམ་ངང་འུ་ཅག་གི་བུ་རབས་ཚ་རྒྱུད་ཚོར་སྤེལ་བའི་སློབ་གསོའི་ཐབས་ལམ་ལེགས་པོ་ཞེས་པ་དེ་རེད། སྐད་ཆ་དེར་གཞིགས་ན་ལྟ་རྟོགས་དཔྱད་ཆས་དེ་ཕལ་ཆེར་ཁྱིམ་བདག་ཚོར་དམིགས་ནས་བཟོས་ཤིང་། ཁ་གཡེང་མིག་གཡེང་ལ་དགའ་བའི་སློབ་མ་རེ་རེའི་ཉེས་སྐྱོན་ཕྲ་མོ་ཙམ་ཡང་སྣ་ཟིན་སྤུ་ཟིན་གྱིས་བཟུང་རྗེས་ཁྱིམ་བདག་ལ་སྤྲད་ནས་བདེན་དཔང་བྱེད་དུ་འཇུག་པ་ནི་ཁོ་ཚོར་མཚོན་ན་ཇི་འདྲའི་ངོམ་རིན་ཡོད་པའི་ལག་རྗེས་ཤིག་ཏུ་འདོད་མོད།  འོན་ཀྱང་འགུལ་ས་འཕག་ས་ཅི་ཡང་མེད་པའི་འོག་ནས་བཙན་ཤེད་ཀྱིས་སློབ་གསོ་མྱོང་དུ་འཇུག་པའི་དགེ་རྒན་ཨུ་ཚུགས་ཅན་དེ་ཚོ་དང་མགོ་བོ་སྒུར་སྒུར་ངང་བསམ་བློའི་ཁྱབ་ཁུངས་དོག་མོ་ལས་འདའ་མི་ཕོད་པའི་སློབ་མ་དེ་ཚོར་ཡིད་ལ་དྲན་ཐེངས་རེར།  ངས་དེ་མུར་བཙོན་སྲུང་དང་བཙོན་མའི་བར་གྱི་འབྲེལ་བ་དེ་ཡིད་ལ་ལྷང་ངེར་དྲན་འོང་ཞིང་།  དེ་དང་བསྟུན་ནས་སྐྱ་ཆད་སྔོ་སྡུག་དང་བསྐྱར་ཟློས་ཆིག་རྐྱང་གི་བོད་ཀྱི་སློབ་གསོའི་གནས་བབ་རེ་རེར་དྲན་འོང་། ལོ་ངོ་བརྒྱ་ཕྲག་ལྷག་གི་ཡར་སྔོན་ནས་བཟུང་ང་ཚོས་སློབ་གསོའི་སྟེང་ནས་རང་གཅུན་གྱི་བསམ་བློའི་དོག་རྒྱ་དེ་འདོར་མ་ཐུབ་ལ།  ད་ལྟའང་དཔལ་འབྱོར་དང་འགྲོ་བ་མིའི་ཤེས་རིག་གི་འཕེལ་ཕྱོགས་འཛམ་གླིང་ཧྲིལ་བོ་ཅན་དུ་འགྱུར་བའི་སྐབས་འདི་ཤེད་ལ། བསམ་བློའི་འདུ་ཤེས་ཀྱི་སྟེང་ནས་བཙན་ཚུགས་སྒོས་རང་གཅུན་བྱས་ནས་མིའི་རང་དབང་གི་འདུ་ཤེས་ལ་ཕོག་ཐུག་བཟོ་བ་ནི་ནག་ཉེས་གནམ་གྱི་མི་གཤོང་བ་ཞིག་རེད་ཨང་། འདི་དག་ཞིབ་ཏུ་བསམ་བློ་རེར་བཏང་ན། རི་དྭགས་ཀྱི་གླིང་ཀ་རུ་ལྕགས་གཟེབ་དུ་བཅུག་པའི་སྲོགས་ཆགས་ཇི་བཞིན་མི་ཞིག་གིས་ཁ་རེར་ཀློང་ན་རྣམ་འགྱུར་རེར་སྟོན་པའི་བྲོ་གསེང་གི་ཟློས་གར་དེར་ངེད་ཅག་གི་སློབ་གསོའི་སྟེང་ནས་མངོན་སྲིད་ཅེས་རང་གིས་རང་ལ་ཚ་འདྲི་ཐེངས་ཅིག་བྱ་དགོས་བྱུང་། མི་ཞིག་གི་སེམས་ཁམས་ནི་བླ་མེད་ཀྱི་བསམ་བློའི་དགོངས་པ་དང་ཤེས་རིག་གི་ཉི་ཟེར་གྱིས་འདུལ་དགོས་པ་ལས། དམག་ཁྲིམས་ལྟར་བཙན་ཤེད་ཁོ་ནར་བསྟེན་ནས་སློབ་མའི་སེམས་ཁམས་འདུལ་སྦྱོང་བྱེད་འདོད་པ་ནི་ཇི་འདྲའི་ཐབས་སྡུག་གི་ལས་ཤིག་རེད་ཨང་།  

 མིའི་རིགས་རྣམ་ཤེས་ཀྱི་བཟོ་བསྐྲུན་པ་ཞིག་ཡིན་པའི་ཆ་ནས་བཤད་ན་ཐོག་མར་ཁ་གཏད་ཡུལ་མི་ཡིན་ལ། མི་གསོ་སྐྱོང་བྱ་རྒྱུ་དེའང་གནག་རྗིས་ཕྱུགས་སྐྱོང་བ་ལྟར་མ་ཡིན་པར་མི་གཤིས་དང་སེམས་ཁམས། བསམ་པའི་འཁྱེར་སོ་དང་རིག་པའི་རྣོ་མྱུར་སོགས་ལ་བརྟགས་མཁས་དགོས་པ་དང་། ལྷག་པར་དུ་བསམ་བློའི་འདུ་ཤེས་ཡོད་པའི་མི་བུ་འདི་ཚོར་ལུས་སེམས་གཉིས་ཀར་འཚར་ལོངས་འབྱུང་སའི་ས་ཁོངས་ཡངས་མོ་ཞིག་འདོན་སྤྲོད་བྱ་འོས། སློབ་གསོའི་བགྲོད་ལམ་ནི་ཀྱ་ཀྱོག་དང་རྙོག་འཛིང་གི་གོ་རིམ་ཞིག་ཡིན་པས། གོ་རིམ་དེའི་ཁྲོད་ནས་ང་ཚོས་ངེས་པར་དུ་ལོ་རྒྱུས་ལ་ཕྱིར་མིག་དང་མ་འོང་བར་རྒྱང་བལྟ་བྱས་ནས་མུ་མཐུད་དུ་འཚོལ་བསྙེགས་དང་བཅོས་བསྒྱུར་གྱི་ལམ་བུ་གསར་བ་རེར་འཚོལ་དགོས་ཤིང་། སློབ་གསོའི་འགན་ནུས་གཙོ་བོ་ཡང་དུས་རབས་ཀྱི་དགོས་མཁོ་སྐོང་ཐུབ་པ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པའི་ལུས་སེམས་བདེ་ཐང་གི་ཤེས་ལྡན་པ་སྐྱེད་བསྲིང་བྱ་རྒྱུ་དེ་རེད།

 འོན་ཀྱང་དེང་གི་དགེ་རྒན་ཡོན་ཏན་པ་འདི་ཚོས་ཨུ་ཚུགས་མཐར་སྐྱེལ་སྒོས་སློབ་མ་རེ་རེར་ལྕགས་ཀྱི་སྐམ་པས་བཙུར་ཞིང་ཁྲོ་ཡི་ཐོ་བས་བརྡུང་ནས་རང་ཉིད་ཀྱི་བློ་ཁམས་དང་མཐུན་པའི་རིགས་མཐུན་པ་རེར་བསྐྱེད་བསྲིངས་བྱ་རྒྱུ་ལས་དུས་རབས་དང་སྤྱི་ཚོགས་ཀྱི་དགོས་མཁོར་དམིགས་ནས་སློབ་མ་བསྐྱེད་བསྲིངས་བྱ་རྒྱུའི་འགན་ཁུར་གྱིན་མེད། འདི་ནི་མཐར་གཏུགས་ན་བཟོ་གྲྭ་ཞིག་ཞིག་གིས་སྤྱི་ཚོགས་ཀྱི་ངེས་མཁོ་ལ་མ་དམིགས་པར་རྨོངས་ཚོད་ཀྱིས་ཐོན་རྫས་གསར་སྐྲུན་བྱེད་པ་དང་གཅིག་མཚུངས་སུ་སོང་བས། དུས་རབས་ཞིག་གམ་ཡང་ན་མི་རིགས་ཤིག་ལ་མཚོན་ན་ཅི་འདྲའི་བསུབ་ཏུ་མེད་པའི་ནག་ཉེས་ཤིག་རེད་ཨང་།  ཡང་དགེ་རྒན་མགོ་བདེ་བ་སྐོར་ཅིག་གིས་སློབ་མ་ཁ་ཤས་ཀྱིས་དགེ་རྒན་ལ་མགོ་བོར་ཞབས་ལ་བཏུད་ནས་གུས་འདུད་བྱས་སོང་། སློབ་མ་དེ་ཚོར་ཡ་རབས་ཀྱི་མིག་དཔེ་རེད་ཟེར། སློབ་མ་ཁ་ཤས་ཀྱིས་སློབ་ཁྲིད་སྟེང་ནས་དགེ་རྒན་ལ་དོགས་འདྲི་བྱས་སོང་། དེ་ཚོའི་སེམས་ལ་གདོན་ཞུགས་པ་ཡིན་ནམ་ཞེས་སྨ་འབེབས་བྱེད།  འདི་དག་ལ་བརྟག་ནས་ཡོང་ཚེ་ངེད་ཚོའི་ལྟ་རྒྱ་དང་ཤེས་རྒྱ་དེ་ད་དུང་ཡང་དུས་རབས་ཀྱི་ངོས་ནས་སོར་གང་ཙམ་ཡང་ཡར་འཕགས་མ་ཐུབ་པ་འདྲ་ལ། འཛམ་གླིང་ཆེན་མོ་དང་མི་རིགས་ཆེན་མོའི་རིག་གནས་ཀྱི་རླབས་རྒྱུན་ཁྲོད་ནས་རང་ཚུགས་བརྟན་པོས་ཁ་གཏད་དུ་འགྲེངས་ཐུབ་པའི་གདེངས་ཚོད་ཞིག་ག་ལ་ཡོད་སྲིད་ཨང་། ལོ་ཡི་འཁོར་མོ་བརྒྱ་ཕྲག་ལྷག་གི་ཡར་སྔོན་ནས་ང་ཚོས་འདི་ལྟར་བསམ་བློའི་ལྟ་ཚུལ་གུ་དོག་པོ་ཞིག་རྒྱུན་འཁྱོངས་བྱས་ནས་འོང་ཞིང་།  དེང་གི་སྐབས་འདི་ཤེད་ལ་མཚོན་ན་འགྲུལ་འགྲིམ་གྱི་སྟབས་ཇེ་བདེ་དང་བརྡ་འཕྲིན་གྱི་ཁུངས་ཇེ་མང་དུ་གྱུར་བས། རིག་གནས་དང་བསམ་བློའི་ཐོག་ནས་ཕན་ཚུན་ལ་ཤུགས་རྐྱེན་དང་ནུས་པ་ངེས་ཅན་རེར་ཐོན་གྱི་ཡོད་ནའང་།  ང་ཚོས་སྔར་བཞིན་རང་གི་བསམ་བློའི་ས་ཁོངས་དོག་མོ་འདི་ལ་ཡུལ་དུས་དང་མཐུན་པའི་འགྱུར་བཅོས་ཙམ་ཞིག་གཏོང་མི་ཐུབ་པ་ནི་ཇི་འདྲའི་ཡིད་སྐྱོ་དགོས་པ་ཞིག་རེད་ཨང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདི་ནི་འུ་ཅག་གི་སློབ་གསོའི་ཐབས་ལམ་རེད།

2009-09-03 ཨ་པཎ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།