དགུན་དུས་ཀྱི་ལྷོ་ཕྱོགས་ལས་དབྱར་དུས་ཀྱི་ལྷ་ས་དྲན་བྱུང་།

                སྔོན་ལོ་ཞིག་ཏུ༌།གྲོགས་པོ་ཞིག་གིས་བདག་ལ་ཁོ་ནི་གྲང་ངར་ལ་ཧ་ཅང་སྐྲག་པས་དགུན་དུས་སུ་གནམ་གཤིས་ཀྱི་དྲོད་གྲང་སྙོམ་པའི་ལྷོ་ཕྱོགས་སུ་འགྲོ་འདོད་་་་་་དེ་གར་དྲོད་འཇམ་གྱི་ཉི་འོད་་་་མཐའ་ཡས་བའི་རྒྱ་མཚོ་་་་ལྗང་མདོག་གི་རྩི་ཤིང་་་་ད་དུང་མཛེས་སྡུག་གི་ཚ་བའི་གཞུང་གི་བུ་མོ་སོགས་ཡོད་་་་་ལྷོ་ཕྱོགས་ཀྱི་དགུན་དུས་ནི་ཁོ་ཆེས་དགའ་བའི་དུས་ཚུགས་ཡིན་ཟེར།
  སྐབས་དེར་དགུན་དུས་ཤིག་ཡིན་པས་ཁོས་སྐད་ཆ་འདི་བཤད་སྐབས་ངའི་སེམས་ངོར་དབྱར་དུས་ཀྱི་ལྷ་སའི་ས་སྲོད་དྲན་སོང༌།མཐོ་སྒང་གི་གྲང་ངར་ཁྲོད་མཚར་ལོངས་བྱུང་བའི་ང་ཡང་དྲོད་ཁོལ་ལ་ཧ་ཅང་དུང༌།ང་ལ་མཚོན་ན་དབྱར་དུས་ཀྱི་ལྷ་སའི་ས་སྲོད་ནི་མཚོ་བོད་མཐོ་སྒང་སྟེང་ཆེས་མཛེས་སྡུག་གི་དུས་ཚོད་ཞིག་རེད་ཏེ༌།སྐབས་དེར་དགུན་ཀྱི་གྲང་ངར།དབྱར་གྱི་ཚ་གདུང༌།སྟོན་གྱི་ལྷགས་རླུང།དཔྱིད་ཀྱི་ཡིད་མིག་སོགས་གང་ཡང་མེད་པར་ཡོད་ཚད་ལྷིང་འཇགས་སེ།གལ་ཏེ་སྐབས་འདིར་ཁྱོད་གཙིག་ལག་ཁང་གི་ཐང་ཆེན་ཏུ་བགྲེངས་ཡོད་ཚེ་བསང་དུད་ཁྲོད་ཀྱི་གཙུག་ལག་ཁང་དེ་ནི་ཁྱོས་རང་སེམས་ཀྱི་ཁྱིམ་གཞི་ཉག་གཅིག་ཏུ་བསམ་པ་ཐག་གི་ཆོད།སྲོད་དུས་ཀྱི་བར་སྐོར་ཧ་ཅང་མཛེས།མཛེས་སྡུག་གི་བུད་མེད་རྣམས་ཀྱི་ལྷིང་ལྷིང་གི་དགོད་སྒྲས་བར་སྐོར་འདི་ཡང་ཉིན་མོར་ང་ཚོའི་མཐོང་ལམ་ཏུ་སྣང་བའི་ཚོང་ལས་རྐྱང་རྐྱང་གི་ཁེ་སྤོགས་དང་ཧམ་འདོད་བསྐང་ས་ཁོ་ན་ཙམ་མིན་པར།མ་གཞི་མི་གཤིས་ཀྱི་དྲོད་ཁོལ་དང་དད་མོས་ཀྱི་སྙིང་རྗེ་མཚར་ས་ཞིག་ཡིན་པ་ཤེས་ཐུབ།ཕ་ཡུལ་བྱང་ཐང་དང་མངའ་རིས།མདོ་ཁམས་འབྲོག་ཁུལ་ནས་ཡོང་བའི་བཙུན་མ་དག་གིའི་བསྐྱུར་ནས་རིང་བོ་མ་སྐྱེས་བའི་སྐྲ་ལོ།དམར་སྨུག་གི་ཤམ་ཐབས་དང་དེང་རབས་སྟོད་གོས་སོགས་དགེ་མིན་སྐྱ་མིན་གྱིབཟོ་བལྟས་ཁོ་མོ་ཚོ་སྐབས་འདིའི་བར་སྐོར་གླིང་གི་ཆེས་ཁྱད་མཚར་གྱི་གཞི་ཞིག་ཏུ་གྲུབ་ཡོད་ལ།ཧང་སངས་བའི་མིག་མདངས་མང་པོ་ཞིག་ཁོ་མོ་ཚོར་གྱེར་ནས་ཡོད།ཐེངས་ཤིག་བྱང་ཐང་མཚོ་ནག་ས་ཁུལ་གྱི་བུ་མོ་ཞིག་གིས་བདག་ལ་བཤད་རྒྱུར།མོ་ནི་བཅུ་གཉིས་སྟེང་ཕ་ཡུལ་གྱི་བཙུན་དགོན་ཞིག་ཏུ་ཇོ་མོ་བྱས་ནས་ལོ་དྲུག་ལ་བསྡད།ལོ་བཅོ་བརྒྱད་ལ་ཐོན་པའི་དབྱར་ཁ་དེ་ཕ་མ་གཉིས་ཀ་སྔ་གཞུག་ནས་ཚེ་ལས་འདས་སོང་ལ།མོ་རང་འཚོ་བའི་རྟེན་གཞི་མེད་པར་གྱུར་བས་དགོན་པ་ནས་བུད་ཏེ་ལྷ་སར་ཆོས་མཇལ་ཏུ་ཡོང་བ་ཡིན་ཟེར།ད་ནི་རང་གི་འཁུར་ཡོང་བའི་སྒོར་མོ་ཡང་ཚར་སོང་བས་འཚོ་ཐབས་ཀྱི་དཀའ་ངལ་ལ་འཕྲད་ཡོད།ལྷ་ས་ནས་ལས་ཀ་བྱེད་ས་མང་ཡང་མོ་ནི་ཇོ་མོ་ཞིག་ཡིན་པས་གླ་མཁན་གྱི་སྦྱིན་བདག་བྱུང་མ་སོང་་་ལྷ་ས་ནས་སློང་མོར་བསྟེན་ནས་འཚོ་བ་སྐྱེལ་བཞིན་པ་ཧ་ཅང་མང་མོད་་ཡིན་ཡང་མོས་རང་གི་ལག་ཟུང་ལ་བསྟེན་ནས་ཟ་མ་ཟ་འདོད་ཡོད་པས་ལས་ཀ་ཞིག་རྙེད་པས་སྒུག་ཡོད།གང་ལྟར་ཕ་ཡུལ་ཏུ་སོང་ཡང་རེ་བ་རྒྱག་ས་ཅི་ཡང་མེད་ད་ནི་ཉིནརེ་བཞིན་ལྷ་སའི་ཇོ་བོ་མདུན་སར་ཕྱག་སྐོར་བྱས་ནས་རང་ཉིད་སྐྱ་ས་བབས་པར་འགྱོད་གཤེགས་བྱེད་པ་དང་ལས་ཀར་སྒུག་ནས་བསྡད་ཡོད་ཟེར་་་་སྐད་ཆ་འདི་བཤད་དུས་མོས་མགོ་བོ་དུད་ནས་མདུན་ཏུ་བཙོག་པའི་ངའི་གདོང་ལ་ཡང་བལྟ་མི་ཐུབ།སྐབས་དེར་མོའི་ཕ་ཡུལ་གཅིག་པའི་ཡུལ་གྲོགས་འགས་མོ་བོས་ནས་ཡང་བསྐྱར་སྐོར་ལམ་ཏུ་ཞུགས་སོང།ས་སྲོད་ཀྱི་བར་སྐོར་ཏུ་ཁོ་མོ་ཚོའི་མཁུར་ཚོས་ནི་དགོང་ཁའི་མཚམས་སྤྲིན་ལས་ཀྱང་བཀྲགས་མདངས་མཚར་ལ་དེ་ནི་མཐོ་སྒང་གི་ཉི་འོད་ལས་ཐོན་པའི་དམིགས་བསལ་གྱི་མཛེས་སྡུག་ཞིག་ཡིན་མོད།ད་ཆར་མདོ་ཁམས་ཀྱི་རྩྭ་ཐང་གི་བུ་མོ་ཚོ་མཁོ་ནས་དབང༌། 
  མཛེས་སྡུག་གི་ལྷ་སའི་ས་སྲོད་ཀྱི་འདི་འདྲ་བའི་གཏམ་རྒྱུད་ག་ཚོད་སྒུམས་ཡོད་དམ། མཁའ་དབུགས་འཇམ་པའི་སྐབས་འདི་ལྟ་བུ་ཞིག་འདེམས་ནས་ཇོ་རིན་པོ་ཆེའི་མདུན་སར་རང་གི་ཉེ་དམིགས་སྒྲིབ་སྦྱོང་ལ་ཡོང་བ་ནི་མི་ཚོགས་ཀྱི་ཁ་སྡུག་ཉུང་ཞིང་དང་ཉི་འོད་ཀྱི་ཚ་གཟེར་མེད་པས་ཁོ་མོའི་ཚོའི་སེམས་པར་ཡང་དྲོད་ཁོལ་ཞིག་སྐྱེལ་ཐུབ་པ་ཡིན་ནམ།དྲང་མོར་བརྗོད་ཚེ་ཁོ་མོ་ཚོར་མ་གཞི་ནས་ཉེས་བ་གང་ཡང་མེད།རང་གི་རོལ་འདོད་པའི་འཚོ་བ་ཞིག་འཚོལ་སྙེགས་འདོད་པ་ཁོ་ན་ཙམ་ཡིན།འདི་ནི་མི་བུ་ཞིག་གི་ཆེས་རྩ་བའི་ཐོབ་ཐང་ཡིན་ན་འགྲིག་འདུག
   ཁོ་མོ་ཚོ་སྔར་བཞིན་འཕྱ་སྨོད་དང་ཁྲེལ་དགོད་ཁྲོད་ཡོད་ཚད་འཛུམ་གྱིས་བསུ་བཞིན་སྲོད་དུས་ཀྱི་བར་སྐོར་ནས་ཇོ་བོ་རིན་པོ་ཆེ་མདུན་སར་སྡིག་གཤེགས་བྱེད་བཞིན་མཆིས།
   ལྷོ་ཕྱོགསཀྱི་ས་གཤིས་ནི་དཀྱེལ་ཡངས་བའི་མ་ཡུམ་བཞིན་རང་བྱུང་གི་སྐྱེས་དངོས་ཡོད་ཚད་རང་གི་པང་བར་བླངས་བས་དེ་གར་ཚེ་སྲོག་ལ་སྐྱེས་སྟོབས་འཛོམས་ཞིང་ཡུལ་ལྗོངས་ཀུན་མཛེས་བའི་ཁེངས། དེ་བས་གྲང་ངར་གྱི་དགུན་དུས་སུ་མི་རྣམས་ཀྱིས་ཁོའི་དྲོད་ཁོལ་དྲན་པ་ཧ་ཅང་མང༌།ངའི་བསམ་ངོར་དབྱར་དུས་ཀྱི་ས་སྲོད་ཁྲོད་གནས་བའི་སྙིང་རྗེའི་མཚན་མཚོན་ཡིན་པའི་གཙིག་ལག་ཁང་འདིའི་ཉེ་འཁོར་ཡང་ལྷོ་ཕྱོགས་ཀྱི་ས་གཤིས་བཞིན་རྒྱང་རིང་གི་ཡུལ་ནས་ཐོན་པའི་་མཛེས་སྡུག་བུད་མེད་འདི་དག་གི་ཚེ་སྲོག་ལ་སྐྱེས་སྟོབས་རྒྱས་བའི་གུ་ཡངས་བའི་འཁོར་ཡུག་ཞིག་སྤྲད་ན་སྙམ་སོང་་་་་་་་་

རྩོམ་ཁུངས། སྐད་ཡིག་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགུན་དུས་ཀྱི་ལྷོ་ཕྱོགས་ལས་དབྱར་དུས་ཀྱི་ལྷ་ས་དྲན་བྱུང་།

2009-09-03 རོང་བོ་གངས་དཀར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།