མི་རིགས་ཀྱི་སྲོག་ཤིང་སྐད་ཡིག་མིན།

       ཨེ་དབྱིན་སི་ཐན་གྱི་སྐད་ཆ་ཞིག་སྟེ། སྐད་ཡིག་ནི་མི་རིགས་ཀྱི་སྲོག་ཤིང་ཡིན་ཞེས་པ་འདི་ང་ཚོས་གནའ་ནས་ད་ལྟའི་བར་དུ་ཐེངས་ག་ཚོད་ལ་བསྐྱར་ཡོད་པར་ཁོ་བོས་གྲངས་ཚོད་མི་ལོན་ན་ཡང༌། ང་རང་ངོས་ནས་ཀྱང་ཐེངས་མང་བོ་ཞིག་ལ་བསྐྱར་མྱོང༌། ཡིན་ན་ཡང༌། ལག་པ་བྲང་ཁར་བཞག་ནས་བསམ་གཞིག་བྱེད་མཁན་ཞིག་ཡིན་ན། འདི་ལ་དུས་ནམ་ཡང་དོགས་པ་འཁོར་གྱིན་ཡོད་པར་ཐེ་ཚོམ་ཡོད་པ་མ་རེད། ཕྱིར་འདང་རེ་བརྒྱབས་ན་ཁོ་བོ་ནུབ་བྱང་མི་རིགས་སློབ་ཆེན་དུ་ཡོང་བའི་དོན་སྒོ་ཡང་འདི་ན་ཡོད་པར་སྣང༌།
         སྤྱི་ལོ་ཉིས་སྟོང་དྲུག་ལོར་ཁོ་བོས་བསང་ཆུ་རྫོང་བོད་རིགས་སློབ་འབྲིང(དེ་ན་དགེ་ལུགས་པའི་གྲྭ་བ་ལྷག་མ་དག་གིས་བཀང་ནས་ཡོད་ལ། ནམ་ཡང་བྲན་བསྒྱུར་གྱི་སློབ་གསོ་སྤེལ་གྱིན་ཡོད། )ལ་གྱེས་ཕྱག་ཕུལ་ནས་བོད་ཀྱི་པེ་ཅིང་སློབ་ཆེན་དུ་འབོད་པའི་ནུབ་བྱང་མི་རིགས་སློབ་གླིང་དུ་ཡོང་བ་ཡིན། འདི་རུ་ང་ཚོས་མི་ཇུས་རིང་ལུགས་ཀྱི་དར་ཆར་འབོད་ཀྱིན་རྒན་བདུད་ལྷ་རྒྱལ་སོགས་ཡོད་ལ། ཚང་མས་ལྷ་འདྲེ་གདོན་བགེགས་སུ་འབོད་པའི་བདག་གི་སྙིང་ཉེ་བའི་གྲོགས་པོ་ཚོ་ཡོད། ནམ་རྒྱུན་ང་ཚོས་བློ་གྲོས་དང་བློ་གྲོས་བརྡར་དུས། ང་ལ་བསམ་གཞིག་གི་བར་སྟོང་ཆེན་པོ་ཞིག་ཕྱེས་ཡོང་ལ། དོགས་སློང་གི་འདྲི་ཚིག་མང་བོ་ཞིག་འཁོར་ཡོང་བ་རེད། འདི་ནི་ང་རང་ནར་སོན་པའི་ཕྱི་ངོས་ཀྱི་རྒྱུ་རྐྱེན་ཅི་ལ་མིན།
         རང་ཉིད་ལ་མཚོན་ན་ཡང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ལྷ་འདྲེ་གདོན་བགེགས་ཀྱི་གྲས་ཤིག་ཡིན་ལ། བོད་པའི་སྤྱི་ཚོགས་ལ་ཁབ་གཙག་འབིག་གཙག་བྱེད་མཁན་ཞིག་ཀྱང་ཡིན་པས། ནམ་རྒྱུན་ཕྱོགས་གང་མང་ལ་རང་གི་ནུས་པའི་ཚོད་ཀྱིས་བསམ་གཞིག་གཏོང་གིན་ཡོད། བསམ་གཞིག་གི་ཁྲོད་ནས་ཁོ་བོས་སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་མིན་ཞེས་པའི་གཏན་ཚིགས་འདི་རྙེད་པ་ཡིན། སྤྱིར་ན་འདི་ལྟར་བཤད་ཚེ་མང་བོ་ཞིག་གིས་ཁ་མིང་སྣ་མིང་དང་ཁ་གཉེར་སྣ་གཉེར་བྱེད་པར་ཐེ་ཚོམ་མེད་ན་ཡང༌། གཞན་གྱི་བཤད་སྒྲོས་ཙམ་ལ་སྐྲག་ནས་འདུག་དགོས་པའི་སྐྱོ་གར་ལ་རྫོགས་ཚིག་འགོད་པའི་དུས་སུ། ཁོ་བོས་ཀྱང་འདི་ལྟར་སྤྱི་འགྲོས་འདིར་གཏོར་བཤིག་མི་གཏོང་ཐུ་མེད་རེད།
       ཉེ་སྔོན་ཁོ་བོ་མཚོ་སྔོན་མི་རིགས་སློབ་གླིང་དང་མཚོ་སྔོན་དགེ་ཐོན་སློབ་ཆེན་སོགས་སུ་བགྲོ་གླེང་བྱེད་དུ་འགྲོ་དུས་ཀྱང་སློབ་གྲོགས་ཚོར་འདི་ལྟར་བསམ་བློ་བརྗེ་རེས་བྱས་མྱོང་ལ། ད་ལྟ་ད་དུང་ཡང་འདི་ལྟར་སྒྲོག་རྒྱུ་ཡིན། སྐད་ཡིག་ནི་མི་རིགས་ཀྱི་སྲོག་ཤིང་ཡིན་པས། མི་རིགས་གང་ཞིག་རྩ་མེད་དུ་གཏོང་དགོས་ན་ཐོག་མར་དེའི་སྐད་དང་ཡི་གེ་རྩ་མེད་དུ་གཏོང་དགོས་ཞེས་པར་མང་བོ་ཞིག་གིས་མགོ་བོ་ནག་འགུག་བྱེད་བཞིན་འདུག་ལ། ད་ལྟའི་བར་དུ་ཁོ་བོ་རང་ངོས་ནས་ཀྱང་དོགས་སློང་བྱེད་མ་ཐུབ། ད་ལྟ་ཁོ་བོས་འདི་ནི་འུ་ཚོའི་སྤྱི་ཚོགས་ལ་མི་འཚམས་པའི་སྡོམ་ཚིག་ཅིག་རེད་ཅེས་བསྒྲགས་པ་ཡིན། དེ་ན་ཅི་ཞིག་ནི་མི་རིགས་ཀྱི་སྲོག་ཤིང་རེད་ཅེ་ན། འདུ་ཤེས་ནི་མི་རིགས་ཤིག་གི་སྲོག་ཤིང་རེད་ཅེས་ཟེར་རྒྱུ་ཡིན། མི་རིགས་ཀྱི་འདུ་ཤེས་མེད་པའི་མི་རིགས་དེ་ནི་ནམ་ཡང་གཞན་གྱིས་ཟས་འགྲོ་བའི་མི་རིགས་ཤིག་རེད།
      འདི་ནི་ཉོག་བཤད་ཅིག་རེད་ཟེར་ན་འུ་ཚོས་འདི་ལྟར་དབྱེ་ཞིབ་བྱ་ཆོག་སྟེ། ཁ་ཆེ་བ་རྣམས་ལ་མཚོན་ན་ཡི་གེ་ཉམས་རྒུད་དུ་གྱུར་འདུག་པ་མ་ཟད། ཐ་ན་སྐད་ཀྱང་ཉམས་རྒུད་དུ་གྱུར་འདུག  ཡིན་ན་ཡང༌། ཁོ་ཚོའི་མི་རིགས་ད་དུང་གནས་ཡོད་པ་རེད། གཞན་ལ་འདྲེས་རྩ་བ་ནས་ཡོད་པ་མ་རེད། འུ་ཅག་བོད་ལ་མཚོན་ན་སྐད་དང་ཡི་གེ་ཡོད་པ་མ་ཟད། མི་རིགས་ཀྱི་འདུ་ཤེས་ཀྱང་སྤྱིར་བཏང་ནས་ཡོད་པ་རེད། ད་ལྟ་བོད་ཁུལ་གྱི་སློབ་གྲྭ་སོ་སོ་ན་བོད་ཡིག་བོད་སྐད་སྦྱོང་བཞིན་ཡོད་པ་རེད། དེ་ལ་སྲིད་ཇུས་ཀྱིས་བཀག་འགོག་ཆེན་པོ་བྱེད་ཐུབ་ཀྱིན་མེད་ཚོད་རེད། འོན་ཀྱང༌། སྐྱོ་གར་གཞན་ཞིག་འབྱུང་བཞིན་ཡོད་པ་ནི་འུ་ཅག་ལ་དེ་ལས་ལྡོག་སྟེ་བོད་ཡིག་བོད་སྐད་སྦྱོང་མཁན་ཇེ་ཉུང་དུ་འགྲོ་བཞིན་པའི་སྣང་ཚུལ་ཞིག་འབྱུང་བཞིན་འདུག་ལ། མི་རིགས་མང་བོ་ཞིག་ལ་འདྲེས་འགྲོ་བའི་མངོན་སུམ་ཞིག་འབྱུང་བཞིན་འདུག   འདི་ནི་མདོར་དེད་ན་སློབ་གསོ་ཞིག་དང་དེ་ལས་བྱུང་བའི་འདུ་ཤེས་ཤིག་ལ་རག་ལས་པ་རེད། འུ་ཅག་གི་མི་མང་བོ་ཞིག(མང་ཆེ་ཤོས་ནི་རིག་་གནས་ལ་སྦྱོང་ཁུལ་བྱས་མྱོང་བའི་བོད་ཀྱི་ཡོན་ཏན་པ་རྣམས་རེད།)ལ་མི་རིགས་ཀྱི་སྐད་དང་ཡི་གེ་སྦྱོང་དགོས་སྙམ་པའི་འདུ་ཤེས་མི་འདུག་ལ། ལྷག་པར་དུ་ང་རང་ནི་བོད་མི་རིགས་ཀྱི་ཆ་ཤས་ཤིག་ཡིན་སྙམ་པའི་འདུ་ཤེས་ད་ལྟ་གྱུར་དང་འགྱུར་བཞིན་འདུག  གཞན་གྱིས་ཐོག་མར་འུ་ཅག་གི་འདུ་ཤེས་འདི་ཟོས་པས། ད་ལྟ་རིམ་བཞིན་རང་སྐད་རང་གིས་སྦྱོང་མི་འདོད་པའི་ཚད་དུ་འདུག  ནམ་ཞིག་སྐད་དང་ཡི་གེ་གནས་ཀྱང་བོད་ཅེས་པ་ཞིག་མེད་པའི་དུས་ལ་ཡང་ཐུག་རྒྱུ་ཡོད་པར་སྙམ། དེ་ལས་ལྡོག་སྟེ་བཤད་ན། སུ་ཞིག་གིས་ཨུ་ཚུགས་དང་བཙན་ཚུགས་ཀྱིས་འུ་ཅག་གི་སྐད་དང་ཡི་གེ་རྨག་མེད་དུ་བཟོས་ཀྱང༌། རང་ཉིད་ནི་བོད་ཅིག་ཡིན་སྙམ་པའི་འདུ་ཤེས་ཡོད་ཚེ། རིག་གནས་ནི་མིས་གསར་གཏོད་བྱས་པ་ཡིན་པས། སྐད་དང་ཡི་གེ་ཡང་དེ་བཞིན་དུ་གནས་ཐུབ་པ་རེད།
         དེ་ན་འདུ་ཤེས་སློང་བྱེད་ནི་ཅི་ཞིག་ཡིན་ནམ་ཞེས་འདྲི་ཚེ། དེ་ནི་ནམ་ཡང་ཁ་དོན་ལྟ་བུར་གྱུར་འདུག་པའི་སློབ་གསོ་འདི་མིན་ནམ། སློབ་གསོ་ནི་འདུ་ཤེས་བསྐྱར་འཛུགས་བྱེད་སྤྱད་དང་འདུ་ཤེས་སྲ་བརྟན་དུ་གཏོང་བྱེད་རེད། དེ་བས་ང་ཚོས་མི་རིགས་སློབ་གསོ་དར་སྤེལ་དུ་གཏོང་རྒྱུ་ནི་མི་རིགས་ཡུན་རིང་གནས་ཐུབ་པའི་གལ་ཆེའི་སྲོག་རྩ་རེད། སྲོག་རྩ་འདི་རྒྱུན་ཇི་ལྟར་བསྲིང་ཐུབ་ན་མི་རིགས་ཀྱི་འདུ་ཤེས་དེ་ལྟར་ཇེ་ཟབ་ཏུ་འགྲོ་སྲིད་ལ། མི་རིགས་ཤིག་གི་རྣམ་ཤེས་ཀྱང་ད་ལྟར་དུ་རྒྱུན་བསྲིང་བྱེད་ཐུབ་པས། མི་རིགས་ཀྱི་སྐད་དང་ཡི་གེ་ལ་འཇུག་འདོད་པའི་སྐྱེ་བོ་དག་གི་ཀུན་སློང་ཡང་ངང་ངམ་ཤུགས་ཀྱིས་སྐྱེས་ཡོང་བ་རེད། དེ་བས་བསྐྱུར་ཟློས་ཀྱི་སྐད་ཆ་ཞིག་བཤད་ན།  འདུ་ཤེས་ནི་མི་རིགས་ཀྱི་སྲོག་ཤིང་རེད༌། སྲོག་ཤིང་གི་ཁྲག་རྒྱུན་འདི་འཁོར་བསྐྱོད་བྱེད་སྤྱད་ནི་སློབ་གསོའི་སྲོག་རྩ་རེད་ཅེས་ཁོ་བོས་ནན་གྱིས་བསྒྲགས་པ་ཡིན།  
 
རྩོམ་ཁུངས། སྐད་ཡིག་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རིགས་ཀྱི་སྲོག་ཤིང་སྐད་ཡིག་མིན།

2009-09-03 ཞོགས་ལྗང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།