“ཡི་གེའི་གད་སྙིགས”ཀྱི་ཕན་ཡོན།

   ཟི་ལིང་རླངས་འཁོར་ས་ཚིགས་སུ་བོད་ཡིག་དཔེ་འཚོང་ཁང་མང་པོ་ཞིག་ཡོད་དེ། བོད་ཡིག་དཔེ་འཚོང་ཁང་དེ་དག་གི་ནང་དུ་འགྲོ་མྱོང་མཁན་ཞིག་ཡིན་ཚེ། ང་ཚོ་མང་མང་གིས“ཡི་གེའི་གད་སྙིགས”སུ་རློམ་པའི་དགོན་གྲོང་དུས་དེབ་དང་སྒེར་གྱི་དཔེ་དེབ་རྣམ་པ་སྣ་ཚོགས་མཐོང་ལམ་དུ་མངོན་ཡོད་སྲིད། དེབ་དེ་དག་ལས་མང་ཤོས་ཤིག་ནི་དངོས་གནས་དོན་གྱིས་སྟོངས་ཤིང༌། ཡིག་ནོར་གྱིས་བསླད་པ། ཚིག་སྦྱོར་འབྲེལ་མི་ཆགས་པ་སོགས་སྐྱོན་གྱིས་སྒྲིབ་པའི“ཡི་གེའི་གད་སྙིགས”གཏོས་ཆེ་བ་ཞིག་སྤུངས་པ་དང་གཉིས་སུ་མ་མཆིས་ནའང༌། ཞིབ་འདང་ཞིག་བརྒྱབ་ཚེ“ཡི་གེའི་གད་སྙིགས”དེ་དག་ལའང་ཕན་ཡོན་ཅི་ཡང་མེད་ཅེས་སྨྲས་ན་མི་འགྲིག་པ་འདྲ་སྟེ། རྒྱུ་མཚན་ནི་མི་རིགས་ཤིག་གིས་ཆག་འཇིག་དེ་སྐད་དང་ཡི་གེ་ཡུན་རིང་བརྟན་ཐུབ་མིན་ལ་ཐུག་པས། སྐད་དང་ཡི་གེ་བཀོལ་སྤྱོད་བྱེད་མཁན་ཅི་ལྟར་མང་ན། དེ་ལྟར་མི་རིགས་འདིའི་ཚེ་སྲོག་ཀྱང་རིང་དུ་བསྲིངས་ཐུབ་པ་མ་ཡིན་ནམ། དེའི་ངོས་ཐད་ནས་བཤད་ན། དུས་དེབ་དེ་དག་གིས་སྨྱུ་གུ་འཛིན་མཁན་མང་པོ་ཞིག་ལ་རྩོམ་འབྲིའི་དགའ་བ་ལྷོད་དུ་མ་བཅུག་པར་མ་ཟད། ཁོ་ཚོའི་འདོད་སྲེད་གང་ཞིག་ཚིམ་པར་བྱས་པ་དང༌། བོད་ཡིག་བཀོལ་སྤྱོད་བྱེད་མཁན་ཇེ་མང་དུ་འཕེལ་བར་ཆ་རྐྱེན་འདོན་སྤྲོད་བྱས་ཡོད་པས་སོ།།
   མིག་སྔའི་གནས་བབ་ཀྱིས་ར་སྤྲད་པ་ནི། ང་ཚོ་མི་རིགས་འདིའི་སྐད་དང་ཡི་གེ་སོགས་སྤྱིའི་རིག་གནས་མ་ལུས་ཧ་ཅང་ཉག་ཕྲ་བའམ་སྐྱ་ཟད་སྔོ་སྡུག་གི་དུས་ལ་ཁེལ་འདུག་པ་དེ་རེད།  གནས་བབ་འདི་ལྟ་བུ་ཞིག་གི་འོག་ནས། ང་ཚོས་རང་མི་རིགས་ལ་བཅངས་པའི་དགའ་ཞེན་དེ་བྱེ་བྲག་གི་སྟེང་དུ་དབབ་དགོས་པ་དང༌། བྱེ་བྲག་ཟེར་བ་ཡང་སྐད་དང་ཡི་གེའི་ཐད་ནས་དཔེ་བཞག་ན། ཡག་པོ་དང་འཛོམས་པོ། འགྲིག་མོ་སོགས་ལེགས་པ་ཀུན་འཛོམས་ཤིག་འཁྱོངས་དཀའ་ནའང༌། གང་ལྟར་ལག་ལེན་ཁྲོད་ནས་ཕྱོགས་སུ་མ་ལྷུང་བའི་ཨུ་ཚུགས་ཀྱི་ཆ་ཞིག་ཅིས་ཀྱང་རྒྱུན་འཁྱོངས་བྱེད་དགོས་འདུག་སྙམ། 
   གལ་ཏེ། “ཡི་གེའི་གད་སྙིགས”དེ་དག་མེད་པ་ཡིན་ཚེ།  ང་ཚོར་གཞུང་གཉེར་དུས་དེབ་ཁ་ཤས་ལས་མེད་པས། དེའི་རྩོམ་མཁན་ཡོངས་ཀྱི་དགོས་མཁོ་སྐོང་ཐབས་བྲལ་བ་ཡིན། མང་ཤོས་ཀྱི་རྩོམ་འབྲི་བ་ནི་དུས་དེབ་དང་ཚགས་པར་གྱི་སྟེང་དུ་འགོད་པ་འམ། ཡང་ན་འགྲེམ་སྤེལ་ཀྱི་ཆེད་དུ་མིན་ཟེར་ནའང༌། དོན་དུ་རྩོམ་འགོད་ས་དང་འགྲེམ་སྤེལ་བྱེད་ས་མེད་པར་གྱུར་ཚེ། ད་དུང་ལག་ཏུ་སྨྱུ་གུ་འཆིང་མཁན་ག་ཚོད་ལྷག་སྲིད་དམ། ལག་ཏུ་སྨྱུ་གུ་འཆིང་མཁན་ཉུང་དུ་གྱུར་པ་ནི་ཡི་གེ་དང་བར་ཐག་བཀྱེད་པ་རང་ཡིན་པས། ཡི་གེ་དང་བར་ཐག་ཅི་ལྟར་རིང་དུ་བཀྱེད་ན་དེ་ལྟར་ཉེན་ཁའི་ཕྱོགས་སུ་གོམ་པ་ཇེ་ཉེར་སོང་བ་མིན་ནམ། དེ་བས། “ཡི་གེའི་གད་སྙིགས”ལའང་མཐའ་གཅིག་ཏུ་ཕན་ཡོན་ཅི་ཡང་མེད་ཅེས་ན་མི་འགྲིག་སྟེ། མ་མཐའ་ཡང་སྐལ་བ་བཟང་བོ་ཞིག་སྨིན་རེག་བར་དུ་ང་ཚོས་ཕན་ཚུན་ལ་བཟོད་སྒོམ་གྱི་རྣམ་འགྱུར་ཞིག་འཛིན་པར་རིགས་སོ།།

རྩོམ་ཁུངས། སྐད་ཡིག་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

“ཡི་གེའི་གད་སྙིགས”ཀྱི་ཕན་ཡོན།

2009-09-03 ཁྲི་སེམས་དཔའ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།