<<སྦྲང་ཆར>>ལ་ཕུལ་བའི་སྦྲང་ཆར།

     <<སྦྲང་ཆར>>ཞེས་གླེང་འོང་དུས་རྩོམ་རིག་ལ་སྤྲོ་སྣང་ཡོད་ཅིང༌།བོད་ཡིག་ལ་རུས་ཞེན་ཆེ་བའི་མི་ཞིག་ཡིན་ཚེ་ཆ་རྒྱུས་ཅུང་ཙམ་ཡོད་ངེས་རེད།དེ་ནི《སྦྲང་ཆར》གྱིས་ལོ་རབས་བརྒྱད་ཅུ་བ་ནས་བཟུང་བོད་རྩོམ་གསར་བའི་ཞིང་ས་ནས་འབྲས་བུ་མི་དམན་པ་རེ་བླངས་ཡོད་པས་སོ།།
    ལོ་རབས་བརྒྱད་པ་ནི་བོད་ལ་མཚོན་ན་སྲོལ་རྒྱུན་གྱི་མུན་པ་སྟུག་པོའི་ཁྲོད་དུ(འདི་ལྟར་བཤད་ན་མང་བོ་ཞིག་ལ་ཕོག་ཐུག་བཟོ་སྲིད་མོད། ཁོ་བོས་ནི་འདི་ལས་ལྷག་པའི་ཐ་སྙད་ཅིག་རྙེད་ཀྱིན་མེད་དོ།།)གསར་སྐྱེས་ཀྱི་ལྗང་སྨྱུག་ཁ་ཤས་འབུས་ཀྱིན་པའི་དུས་རེད། སྐབས་དེར<<སྦྲང་ཆར>>གྱིས<<སྤྲུལ་སྐུ>>དང<<ལང་ཚོའི་རྦབ་ཆུ>>སོགས་ཀྱི་ལེགས་སྐྱེས་བཏེགས་ཤིང༌། *ན་གཞོན་གྱི་དུས་རབས་ལ་ན་གཞོན་གྱིས་བདག་པོ་རྒྱག་དགོས*པའི་སྙིང་སྟོབས་ཀྱི་ཟུར་ཞིག་གྱོན་ནས་བསླེབས་བྱུང་བས།བོད་རྩོམ་གསར་བའི་མྱུ་གུ་ལ་ཚེ་སྲོག་གི་སྟོབས་ཤུགས་སྦྱིན་བྱུང་ལ།བོད་སྤྱི་ཚོགས་ཀྱི་གོང་འོག་བར་གསུམ་དུ<<སྦྲང་ཆར>>ལ་མིག་དབང་གཞན་ཞིག་གི་ཁ་དོག་ཡོད།སྐབས་དེའི<<སྦྲང་ཆར>>ནི་ངེས་པ་དོན་གྱི*སྦྲང་ཆར*ཞིག་རེད་ལ།ཇི་འདྲའི་སྐོམ་གདུང་གསོད་མཁན་གྱི་རྫ་ཆུ་སིལ་མ་ཞིག་རེད་ཨང༌། 
      དེ་དང་མཉམ་དུ་བོད་ཁུལ་སོ་སོ་ནས་དུས་དེབ་དང་ཚགས་པར་ཀྱི་ཀློང་བརྡོལ་འགོ་བརྩམས་ཤིང༌།ཀན་ལྷོ་ནས<<ཟླ་ཟེར>>དང་མཚོ་སྔོན་ནས<<གངས་རྒྱན་མེ་ཏོག>>སོགས་བྱུང་བ་རེད། (ད་དུང་མང་དུ་བཀོད་ཆོག་ཀྱང་འདི་གཉིས་ནི་ཧ་ཅང་འོས་འཚམ་གྱི་སྡུར་བ་གཉིས་རེད་སྙམ)གཅིག་ལྟོས་གཅིག་རྒྱལ་གྱི་འགྲན་སེམས་ཁྲོད་ནས<<ཟླ་ཟེར>>གྱིས་འགྲོ་ལས་འདུག་ཐབས་ཀྱི*ཁེ་ཕོག*ཙམ་ལ་དམིགས་ནས་གནའ་བོའི་གཙོད་ཁྱུ་རང་དབང་གིས་ཞོགས་སའི་གྲོང་ཁྱེར་དེའི་གྲུ་ཟུར་ནས་རུལ་ཞིང༌། <<གངས་རྒྱན་མེ་ཏོག>>གིས་རང་དབང་གི་ལམ་བུ་གསར་བ་ཞིག་བཏོད་ནས་དུས་རབས་ཉེར་གཅིག་པ་སྤོབས་པས་བསུས་པས།བོད་རིགས་ན་གཞོན་མང་བོ་ཞིག་གི་ཡིད་ཀྱི་དང་བ་ཅིག་ཅར་དུ་འཕྲོག་ཅིང༌།བོད་རྩོམ་གསར་བའི་སྟེགས་བུ་རུ་ད་དུང་མགོ་བོ་དགྱེ་དགྱེ་ཡིས་བགྲོད་ཅིང་མཆིས། 
     ཁ་ཕྱིར་འཁོར་ནས<<སྦྲང་ཆར>>ལ་ལྟ་དུས། ཇི་འདྲའི་བརྗིད་ཅིང་སྒམ་པའི་རྒད་པོ་ཞིག་རེད་ཨང༌།སྒམ་པོ་ལ་དགའ་བའི*རྒད་པོ*མང་བོ་ཞིག་གིས<<སྦྲང་ཆར>>ལ་བསྟོད་མཐེབ་སྒྲེང་གིན་ཡོད་ན་ཡང༌།ན་གཞོན་དང་འཚོལ་སྙེགས་ལ་དུངས་པའི་གསར་བུ་མང་བོ་ཞིག་གི་རེ་བ་ཇི་ལྟར་ཁེངས་སམ།གསལ་བོར་བཤད་ན། ཁ་སང་དེ་རིང་གི<<སྦྲང་ཆར>>ནི་ལོ་རབས་བརྒྱད་ཅུ་བའི*གསར་བུ་ཁེར་རྐྱང*དེ་མིན་པར།དུས་རབས་ཉེར་གཅིག་པའི*དཔོན་པོ་ངོ་ཐང་ཅན*དེའོ། །
       ནམ་རྒྱུན་བོད་རྩོམ་གསར་བ་སྙིང་ནས་ཉར་ཞིང་རེ་བས་འཇུག་གིན་པའི་ན་གཞོན་ཞིག་ལ་མཚོན་ན། <<སྦྲང་ཆར>>ནི་མིག་གིས་ལྟ་ས་དང་རེ་བས་འཚོ་ས་ཅི་ལ་མིན།ཡིན་ན་ཡང༌། <<སྦྲང་ཆར>>གྱི་མགོ་མཇུག་དང་ཕྱི་ནང་མེད་པར་ཀློག་གིན་པའི་མི་ཞིག་ལ་མཚོན་ན།སྐོམ་གདུང་སེལ་ཐབས་མེད་པ་དེ་ཡང་སུ་ལ་གསང༌།བརྩམས་སྒྲུང་རེ་འགའ་ཡིས་འུ་ཅག་ལ་དུས་རྒྱུན་རྫ་ཆུ་ཁྱོར་བ་གང་རེ་འཁྱེར་ཡོང་གིན་ཡོད་ཀྱང༌།གཞན་དག་གིས་སུ་ཞིག་གི་རེ་བ་སྐོང་ངམ།ལྷག་པར་དུ*བྱ་དགའི་རྩོམ་རིག*ལ་ཧུར་གྱིས་འཇུག་གིན་པའི་ངོས་དག་མཐོང་ཚེ་ཁྱོད་ཀྱི་མིག་ལ་ཤིན་ཏུ་གཟན་ཞིང༌།གཞོག་གཏུབ་ལ་གོམས་པའི*སྒེར་སྡོམ*རིང་ལུགས་ཀྱི་བྱ་སྤྱོད་དག་ཐོས་ཚེ། ཁྱོད་ཀྱང་རང་དབང་མེད་པར<<སྦྲང་ཆར>>དང་ཁ་ཐག་ཇེ་རིང་དུ་མི་འགྲོ་བ་ཅི་ལ་སྲིད།སྐབས་འདིར་འུ་ཚོས་ཀྱང་ན་གཞོན་སྒལ་ཚིགས་སྐོར་ཞིག<<སྦྲང་ཆར>>གྱི་ཤོག་ལྷེ་དང་འབྲལ་གྱིན་པའི་རྒྱུ་མཚན་ཡང་ངང་གིས་མཐོང་མི་ཡོང་ངམ། 
        ཉེ་སྔོན་སློབ་ཁྲིད་ཅིག་གི་སྐབས་སུ། ང་ཚོའི་མི་བུ་འགའ་རེས*བོད་ཀྱི་མི་ཇུས་རིང་ལུགས་ཀྱི་དར་ཆར*བསྔགས་ཀྱིན་པའི་རྒན་བདུད་ལྷ་རྒྱལ་གྱིས་སྐྱོ་ཉམས་དང་བཅས་བཤད་རྒྱུར།སྔོན་ཆད་ཁོས་བོད་ཀྱི་རྩོམ་པ་པོ་ཆེ་གེ་མོ་ཞིག་གི་བརྩམས་སྒྲུང་ལ་དཔྱད་གཏམ་ཞིག་བྲིས་ཏེ་བསྐུར་ཡང༌།བརྩམས་སྒྲུང་བཀོད་ཀྱང་དཔྱད་གཏམ་བཀོད་མི་འདུག་ཟེར།སྐབས་དེའི་ཁོང་གི་སྐྱོ་ཉམས་དེ་ནི་ཁོའི་དཔྱད་གཏམ་ལ་བཟུང་བའི་སྐྱོ་ཉམས་མིན་པར།བོད་རྩོམ་གསར་བའི་ལས་དབང་ལ་བཟུང་བའི་སྐྱོ་ཉམས་ཤིག་དང་རྩོམ་སྟེགས་སྟེང་གི་སྐྱུག་བྲོ་བའི་སྣང་ཚུལ་ལ་བཟུང་བའི་སྐྱོ་ཉམས་ཤིག་ཅི་ལ་མིན།འུ་ཅག་གིས་བློ་ཁ་ནང་དུ་བཀུག་ནས་འདང་ཞིག་རྒྱག་དུས།དེ་ཡང་ཁག་མི་འདུག་སྟེ། ཁོས་བརྩམས་སྒྲུང་དེའི་ཞན་ཆ་མང་དུ་གླེང་ཡོད་པ་ལས་ལེགས་ཆ་མང་དུ་གླེང་མེད་ཟེར་བས། *ཡག་ཐོག་ཡག་བརྩེགས*ཀྱི་བོད་ཀྱི་རྩོམ་སྟེགས་སྟེང་དུ་འདི་ལྟ་བུའི་འཁྲབ་སྟོན་པ*དངོས་མ*ཞིག་ཇི་ལྟར་ཚུད་དམ།གཞན་ཡང་བོད་ཀྱི་སྙན་ངག་པ་འབྲོང་ལགས་ཀྱིས〈སྦྲང་ཆར〉རྩོམ་སྒྲིག་ཁང་གིས་གཞོག་གཏུབ་བྱས་པའི་བརྩམས་ཆོས་དང་རང་གི་མ་རྩོམ་གཉིས་གཤིབ་བསྡུར་གྱི་ཚུལ་གྱིས་དྲ་ངོས་སུ་བཀོད་པ་དག་ལས།འུ་ཅག་གིས་རེ་བ་བྱེད་སའི〈སྦྲང་ཆར〉ནི*ངོ་ཆེན་དག་གིས་ངོ་སོ*བྱེད་ས་ཞིག་དང༌། *ནོམ་དགའ་དག་གིས་ཚོང་འགྲན*བྱེད་གནས་ཤིག་ཡིན་པ་ལས། ན་གཞོན་དག་གིས་རང་དབང་གི་སྨྱུག་རྩལ་ངོམ་ས་ཞིག་མིན་པ་ངང་གིས་མཐོང་ཐུབ་པ་རེད།རྒྱུ་མཚན་ནི་རང་དབང་ལ་མོས་ཤིང་གནས་ལུགས་ལ་དུངས་པའི་མི་བུ་སྒལ་ཚིགས་ཅན་དག་ནི་འདི་ལྟ་བུའི་ཁོར་ཡུག་ཅིག་ལ་མོས་པ་མེད་པས་སོ།  །
        ཁོ་བོ་ནི་བོད་རྩོམ་གསར་བར་སེམས་ཁུར་ལྷག་མ་བྱེད་མཁན་ཞིག་དང་སྦྲང་ཆར་ལ་བརྩེ་བ་ལྷག་མ་བཅངས་མཁན་ཞིག་ཡིན་པའི་ཆ་ནས་སྦ་གསང་མེད་པའི་སྐད་ཆ་དམར་རྗེན་མ་རེ་བཤད་འོང་ན། <<སྦྲང་ཆར>>གྱི་ཤ་གསེང་རུས་གསེང་དུ་ཟུག་གཟེར་ལངས་སྲིད་མོད། <<སྦྲང་ཆར>>གྱི་དར་རྒུད་ནི་བོད་རྩོམ་གསར་བའི་འཕེལ་འགྲིབ་ལ་རག་ལས་ཤིང༌།བོད་རྩོམ་གསར་བའི་ལས་འཕེལ་འགྲིབ་དེ་བོད་པའི་ལས་དབང་ལ་རག་ལས་པ་ཞིག་ཡིན་པ་དང༌།ལྷག་པར་དུ་ཁོ་བོས<<སྦྲང་ཆར>ལ་སྐྱོན་བརྗོད་བྱས་པ་ནི་བོད་རྩོམ་གསར་བའི་རྩོམ་སྟེགས་སུ་ཡོད་པའི་རིགས་མཐུན་གྱི་རུལ་སུངས་ཡོངས་ལ་ཁ་གཏད་བཅགས་པ་ལས།སྐྱོན་བརྗོད་ཀྱི་ཆེད་དུ་སྐྱོན་བརྗོད་བྱས་པ་ཞིག་མིན་པས་ནོངས་འགྱོད་ཅི་ཡང་མ་མཆིས་སོ།  ། གཞན་ཡང<<སྦྲང་ཆར>>གྱིས་དགུན་དུས་སྐྱ་བོར་ལག་བརྡ་བཏང་ནས།དུས་རབས་ཉེར་གཅིག་པའི་སྐྱ་ཟད་སྔོ་སྡུག་གི་སྤྱི་ཚོགས་གནས་བབ་ལ་གདོང་གཏད་དེ།རང་ཉིད་ལ་དབང་བའི་རང་དབང་གི་ལམ་བུ་ཞིག་དེད་དེ་འོང་བར།ཁོ་བོ་དང་འདྲ་བའི་ན་གཞོན་མང་བོ་ཞིག་གིས་རེ་བའི་མིག་ཟུང་འབུར་ཚུགས་སུ་བལྟས་ཡོད་པས་ན། <<སྦྲང་ཆར>>དེ*སྦྲང་ཆར*དངོས་མ་ཞིག་གི་ཚུལ་གྱིས་འབབ་པར་ཤོག

རྩོམ་ཁུངས། སྐད་ཡིག་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

&lt;&lt;སྦྲང་ཆར&gt;&gt;ལ་ཕུལ་བའི་སྦྲང་ཆར།

2009-09-03 ཞོགས་ལྗང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།