བདག་གི་ཁྱིམ་རྒྱུད་ལ་བྲིས་པའི་བརྗེད་བྱང་།

ངེད་ཚང་གི་རྒྱ་སྒོ་ནི་ཉི་མ་ཤར་ཕྱོགས་སུ་གཏད་ཡོད་ལ།རྒྱ་སྒོའི་དྲང་ཐད་དུ་མཁར་གྱང་ལས་མཐོ་བའི་ཡོ་འབོག་གི་སྡོང་རྒན་ཞིག་ཡོད།སྤོ་བོ་ལགས་ཀྱི་ངག་རྒྱུན་དུ།སྡོང་རྒན་དེ་ནི་ཕ་མེས་ཡང་མེས་ཀྱི་དུས་སུ་བཙུགས་པ་དང་།མ་མཐར་ཡང་ལོ་ངོ་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པར་བཤད།སྤྱི་ཚོགས་ཪྙིང་བའི་དུས་སུ།ཁྱིམ་ཚང་འདིར་སྐྱེས་པའི་སྔོན་རབས་པ་ཞིག་ཡུལ་དེའི་ཤར་ཕྱོགས་སུ་ཡོད་པའི་སྟོང་རི་མཚོ་ནག་གི་འདབས་རོལ་གྱི་བོད་སྡེ་ཞིག་ལ་མག་པར་སོང་བར་བཤད་ཅིང་།ཁོང་ཉིད་ཆ་མེད་རྒྱུས་མེད་ཀྱི་གནས་དེ་ནས་ཧ་ཅང་སུན་སྣང་གིས་གདུང་བར་བརྟེན།ཉིན་མོར་རི་ལ་ཕྱུགས་རྫིར་སོང་སྟེ་མ་ཁྱིམ་གྱི་སྡོང་རྒན་དེར་རྒྱང་ལྟ་བྱས་ཏེ་སྔངས་པ་གྲངས་མེད་ཡིན་ཟེར།དེ་བས།སྤོ་བོ་ལགས་ནི་སྡོང་རྒན་དེར་འདང་བརྩེ་ཤིན་ཏུ་ཟབ་མོ་ཞིག་ཡོད་ལ།སྤོ་བོ་དང་ན་མཉམ་པའི་རུ་སྡེ་དེའི་བགྲེས་པོ་འགའ་རེས་ཀྱང་མཚམས་མཚམས་ལ་སྡོང་རྒན་དེ་གླེང་བའི་དུས་ཡོད།དབྱར་དགུན་སྟོན་དཔྱིད་གང་དུའང་སྤོ་བོ་ལགས་ཀྱིས་ངེད་ཚང་ལ་འོངས་པའི་ཐག་རིང་ཐུང་གི་འགྲུལ་བ་རྟ་བཞོན་ཚོའི་བཅིབས་པ་སྡོང་རྒན་དེར་འདོག་མི་ཕོད་ལ།སྡེ་བའི་ནང་གི་བྱིས་པ་ཚོའང་དེའི་སྟེང་དུ་འགོ་རུ་མི་འཇུགམཚམས་རེར་བྱིས་པ་བྲ་ཚགས་འགའ་རེས་སྡོང་རྒན་དེའི་སྟེང་གི་བྱ་བྱེའུ་ལ་རྡོ་འཕངས་པ་ཡིན་ན།སྤོ་བོ་ལགས་ཀྱི་ས་བྱིས་པ་དེ་ཚོ་ལ་བདའ་ལུང་བདའ་བྱས་པ་ཡིན།དེར་བརྟེན།བྱིས་པ་ལ་ལས་ངེད་ཚང་གི་སྒོ་སྡོང་དེ་ལ་ཀླུ་སྡོང་ཞེས་ཧ་ཅང་མ་རངས་པའི་ཚུལ་དུ་འབོད་དུས་ཀྱང་ཡོད།

ང་རང་སློབ་ཆེན་གྱི་ལོ་རིམ་གཉིས་པར་བསླེབས་པའི་ལོ་དེར་སྤོ་བོ་ལགས་ཀྱི་ཚེ་ཡི་འདུ་བྱེད་རྫོགས་སོང་།སྐབས་དེར།ཁོ་བོ་གྲོང་ཁྱེར་པེ་ཅིན་དུ་ཡོད་པས་གང་ཉིད་ཀྱི་ཕྱིར་འོངས་མེད་པའི་འགྲུལ་བཞུད་དེར་སྐྱེལ་མ་ཞུ་མ་ཐུབ་ལ།འཆི་བའི་མིག་གིས་ཅེར་རེར་ལྟ་བའི་སྐད་ཅིག་མའི་དུས་དེ་ལ་སེམས་གསོ་བའི་སྐད་ཆ་ཚིག་གཅིག་ཀྱང་ཞུ་མ་ཐུབ། ང་ལ་མཚོན་ན།གཡང་སྡེ་མཚོ་མོ་དེའི་ནང་གི་སྐྱེས་ཕོ་མོ་གང་རུང་མི་རྟག་འཆི་བའི་མགྲོན་དུ་ཕེབས་ཁ་མ་དེར།རང་ཉིད་ཁོ་རང་ཚོའི་གམ་དུ་མེད་པ་ཡིན་ན།ངའི་སེམས་སུ་ཁོ་ཚོ་ནི་དབྱར་ཁར་ཞིང་ཚིགས་སུ་སོང་སྟེ་ཡུར་མ་ཡུར་བའམ་ཆུ་གཏོང་བའི་ལས་ལ་བྲེལ་ནས་བསྡད་ཡོད་པར་སྙམ་ལ།དགུན་ཁར་ནགས་གསེང་དུ་འཛུལ་ཏེ་བུད་ཤིང་འཐུ་བཞིན་ཡོད་པར་སྙམ་པ་ལས་རྦད་དེ་ཕྱིར་འོངས་མེད་མཁན་ཞིག་ཡིན་པ་གཏན་ནས་བསམས་མ་བྱུང་།འདི་ནི་ངས་སྤོ་བོ་ལགས་དྲན་དྲགས་པས་དབང་གིས་ཡིན་རྒྱུ་རེད་ལ།ང་རང་བོད་རིགས་ཁྱིམ་ཚང་ཞིག་ཏུ་སྐྱེས་པའི་རྒྱུ་མཚན་ཡང་ཡིན་རྒྱུ་རེད་འདོད།

སྤོ་བོ་འདས་ནས་ཉིན་ཞག་འགའ་འགོར་དུས།སྒོ་སྡོང་གི་རྩེ་ལ་སྐྱ་ཀའི་ཚང་ཞིག་བཅའ་འགོ་བརྩམས་བྱུང་ཟེར།སྐད་ཆ་འདི་ནི་ལོ་སར་གྱི་སྐབས་སུ་ཨ་ཕ་དང་ངེད་གཉིས་ཀྱིས་སྤོ་བོ་མཐོ་རིས་པོ་དེའི་སྐོར་གྱི་ཁ་བརྡ་བྱེད་སྐབས་སུ་གོ་བ་ཡིན་ལ།དེ་ལ་སྦྱར་ནས་སྤོ་བོའི་སྐོར་གྱི་གཏམ་རྒྱུད་མང་པོ་ཞིག་ཀྱང་གཉེན་ཉེ་གཞན་དག་ལ་བཤད་བཞིན་འདུག ལོ་སར་གྱི་ཉིན་

མ་དེ་དག་གི་རིང་ལ།ངས་ཀྱང་དངོས་ལྐོག་གང་རུང་གིས་སྐྱ་ཀའི་ཚང་དེ་ལ་མཉམ་བཞག་པ་ཡིན་ཏེ།ཉིན་མ་རེ་རེར།སྐྱ་ཀ་ཁྲ་རིལ་པོ་དེ་ཐེངས་བརྒྱ་རེ་སྟོང་རེར་སྡོང་རྒན་དེའི་སྟེ་དུ་བབས་ཏེ་རང་ཉིད་ཀྱི་ཚང་མལ་དེ་འགྲུབ་པར་བྲེལ་བཞིན་འདུག            

ང་རང་ཕྱིར་གྲོང་ཁྱེར་དུ་ལོག་དུས་བྱ་ཚང་དེ་འགྲུབ་ཡག་ཅིག་བྱུང་མེད་ནའང་།ལོ་དེའི་དབྱར་གནང་གི་སྐབས་སུ་སླར་ཡང་ཕ་ཡུལ་ལ་བསྐོར་བཞག་ཏུ་སོང་བའི་དུས།བྱ་ཚང་དེ་སྡོང་རྒན་དེའི་རྩེ་ན་ནག་ཐིག་ཅིག་དང་འདྲ་བར་ཆགས་འདུག་ལ།ད་དུང་།བྱ་ཕྲུག་ཁ་ཤས་ཀྱིས་ཀྱ་ཀྱུར་སྒྲོག་པའི་སྐད་དེའང་ནངས་དགོང་གང་རུང་གི་དུས་སུ་ཐོས་ཐུབ་པས་ཧ་ཅང་ཉམས་དགའ་བ་ཞིག་འདུག མཚམས་ལན་རེར།སྡོང་རྒན་དེའི་སྟེང་གི་སྐྱ་ཀ་ཁྲ་མོ་དེ་དང་བྱ་

རིགས་གཞན་དག་མ་མཐུན་པར་ཕན་ཚུན་འཆའ་རེས་རྒྱག་པ་དང་།ཡང་སྐབས་ལ་ལར་བྱ་རྒྱུད་གཅིག་པའི་སྐྱ་ཀ་དེ་ཚོའི་ནང་ཁུལ་དུའང་འཆམ་པོ་མ་བྱུང་བར་སོ་སོའི་སྒྲོ་སྤུ་བཏོགས་རེས་བྱས་པའམ་སྡེར་མོ་བགྲད་རེས་བྱས་པའི་དུས་ཀྱང་མཐོང་ཐུབ་པས།དེ་ཚོའང་གནམ་འོག་གི་དུད་ཁྱིམ་ཞིག་དང།མི་རིགས་ཤིག རྒྱལ་ཁབ་ཅིག་དང་འདྲ་བར་སྐྱིད་ལ་སྡུག་པའི་འཚོ་བྱའི་རྣམ་ཐར་ཞིག་སྐྱོང་བཞིན་ཡོད་པ་རེད།འོན་ཀྱང་།དོན་དག་གློ་བུར་བ་ཞིག་ལོ་དེའི་སྟོན་ཀར་བྱུང་བྱ་ཡིན་ཏེ།ཁྱིམ་མཚེས་ཚང་གིས་ངེད་ཚང་གི་སྡོང་རྒན་དེའི་རྩེ་མོ་དང་ཡལ་ག་ཅི་ཡོད་མ་བཅད་ན།ཁོང་ཚང་གི་གཡུལ་ཁར་སྟོན་ཤོག་སོགས་སྐམ་ཚེ་ཉི་འོད་དང་བསེར་རླུང་བཀག་འགྲོ་བ་དང་།དེ་ལྟར་སོང་ཚེ་དབྱར་ཀྱི་དུས་སུ་ཆར་ཆུ་མོད་པ་ཡིན་ན།ཤོག་ཁང་ལ་ནེམ་འཁོར་ཏེ་ཡུན་རིང་སྐམ་མི་ཐུབ་པ་དང་།སྐམ་མ་ཐུབ་ཚེ་ཤོག་ཁང་གི་ཤིང་ཆ་རུལ་བ་ཧ་ཅང་ཚབས་ཆེན་ཡིན་པ་བཅས་ལ་རྐྱེན་བྱས་ཏེ།དེ་བ་ཚང་གི་འཁོར་སྐྱོང་གི་བུ་དེས་སྡོང་རྒན་གྱི་རྩ་བར་རྩྭ་ལྡུམ་སྐེམ་བྱེད་ཀྱི་སྨན་རྫས་བླུགས་ཏེ་སྒོ་སྡོང་སྐམ་དུ་བཅུག་སོང་།ལོ་ཕྱི་མའི་དཔྱིད་ཀར།སྡོང་རྒན་དེར་ལྗང་མདོག་གི་ལོ་མ་འབུས་རྒྱུ་མེད་པར་གྱུར་ལ།བྱ་བྱེའུ་ཡི་སྐད་སྙན་ཡང་གོ་རྒྱུ་མེད་པར་གྱུར།ད་དུང་།སྡོང་རྒན་དེའི་རྩེ་མོར་འབད་པས་ཚང་བཅས་པ་ནས་རིགས་ཀྱི་རྒྱུད་སྤེལ་བ་དང་།བྱུར་གྱི་སྣ་ཐོན་པ་ནས་གདོད་མའི་ཚང་དང་བྲལ་བ་བཅས་ཀྱག་ཀྱོག་གི་འཚོ་བའི་བཤུལ་ལམ་རིང་མོ་ཞིག་འཐེན་མྱོང་བའི་བྱ་རིགས་དེ་ཚོའང་གཏན་ནས་འབབ་རྒྱུ་མ་བྱུང་།དུས་དེ་ནས་ད་རག་བར་དུ།ལོ་ངོ་ལྔ་དྲུག་ཙམ་འགོར་སོང་།ངས་ནམ་རྒྱུན་ས་མཐའི་ཁེར་རྐྱང་གི་འཚོ་བའི་ཁྲོད་དུ་རང་གི་སྤོ་བོ་ལགས་དྲན་ཡོང་དུས་གང་ཉིད་དགའ་བའི་སྡོང་རྒན་དེ་མིག་ལམ་དུ་སྣང་འོངས་ལ།སྡོང་རྒན་དེའི་སྟེང་ལ་འབྱད་པ་བརྒྱ་ཡིས་ཚང་བཅས་པའི་བྱ་རིགས་དེ་ཚོའང་ལྷག་པར་དྲན་འོངས།དེར་བརྟེན།ངའི་སེམས་སུ།སྔོན་གྱི་དུས་ཤིག་ལ་ཁྱིམ་ཚང་འདིའི་སྒོ་ཁར་མི་རབས་དུ་མའི་རིང་ལ་འཚར་ལོངས་བྱུང་བའི་སྒོ་སྡོང་ཞིག་ཡོད་མྱོང་བ་དང་།སྒོ་སྡོང་དེའི་སྟེང་དུ་རུ་སྡེ་དེ་དང་ལུང་ཁོག་དེར་བཀྲ་ཤིས་ཀྱི་སྙན་དབྱངས་སྒྲོག་པའི་བྱ་རིགས་གཉོམ་ཆུང་ཞིག་གིས་ཐོག་མར་ཚང་མལ་བཅས་པ་ནས་བྱ་རྒྱུད་སྤེལ་བ་དང་།མཐའ་མར་སྒོ་སྡོང་སྐམ་པ་ནས་གནས་མལ་སྤོས་པའི་ལོ་རྒྱུས་དེ་རང་གི་བུ་རབས་ཚ་རྒྱུད་རྣམས་ལ་བརྗོད་འདོད་པས་གཤམ་དུ་གཟིགས་རོགས་ཞུ།
                                                                                                 གཅིག

སྡེ་ཆེན་པོ་ཞིག་གི་ལྗོན་པར་བྱ་ཚང་ཞིག་བཅས་ཡོད།གནའ་སྔ་མོའི་དུས་སུ།བྱ་ཚང་དེར་མཆིན་པ་གླན་མྱོང་བའི་བྱ་ཁྱུ་མང་པོས་དུས་ཚིགས་ཀྱི་མལ་དུ་ལྷུང་བའི་ཤིང་ཐུན་སྐམ་པོ་དང་།བདག་མེད་ཀྱི་ཡུལ་དུ་འཚོ་བའི་རི་སྐྱེས་གང་མང་གི་སྤུ་ཉག་ཁ་ཁེར་གསོག་པ་དང་།ཡར་ནང་འབྲོག་གི་ཕྱུགས་ལྷས་སུ་འཕུར་ནས་བལ་ཁུལ་བཏེགས་ཏེ་འོངས་ཤིང་།མར་ནང་རོང་གི་སྟོན་ཤུལ་དུ་བབས་ཏེ་སོག་མ་ཁུར་ནས་ཐོན་ཏེ།ཕྱི་ལ་མཛེས་ཆ་དོད་ཅིང་ནང་ལ་དྲོད་འཁོལ་འཁྱིལ་བའི་བྱ་ཚང་ཞིག་བཟོས་སྐད།མི་སྡེ་དེ་དེ་ལྟར་ཆེ་ཞིང་།ལྗོན་ཤིང་དེ་དེ་ལྟར་མཐོ་བས་ཁ་ཆར་དང་བུ་ཡུག་ནི་བྱ་ཚང་དེའི་ལས་དབང་གི་རི་མོ་ཡིན་ལ།ཉི་འོད་དང་དྭངས་གཙང་ཡང་བྱ་ཚང་དེའི་བསོད་ནམས་ཀྱི་མཚན་མ་རེད།སྐབས་དེ་དག་ལ།ལྗོན་ཤིང་དེའི་ཡལ་ཀ་གཞན་དག་ན་ཡོད་པའི་བྱ་རིགས་མང་བོས་བྱ་ཚང་དེ་གླེང་ཞིང་།རུ་སྡེ་དེའི་རྒྱབ་རི་དང་མདུན་རི་ན་གནས་པའི་སྲོག་ཆགས་མང་པོས་ཀྱང་བྱ་ཚང་དེ་གླེང་སྐད།བྱ་ཚང་དེའི་ནང་གི་བྱ་རྒོད་མང་པོས་རླུང་སྤུ་གྲིའི་རྣོ་ཁ་གཏུབས་ཏེ་འཕུར་ཞིང་།དགུང་སྔོན་པོའི་བང་རིམ་མནན་ཏེ་འཕུར་བས་བྱ་ཚང་དེ་ས་གྲགས་གནམ་གྲགས་སུ་ཁྱབ།དེ་ནས་མ་རིང་བར།བྱ་ཚང་དེ་ལྷ་ཡི་བྱ་ཚང་དུ་སོང་ཞིང་།ཀླུ་ཡི་བྱ་ཚང་དུ་གྲུབ་པས་རིམ་བཞིན་རུ་སྡེ་དེའང་མི་ཡུལ་གྱི་ལྷ་སྡེ་དང་།ལྗོན་ཤིང་དེ་ཡང་དཔག་བསམ་གྱི་ལྗོན་བཟང་དུ་སྒྲུབས།
                                                                                                 གཉིས།

བྱ་ཚང་དེ་བཟོས་པའི་བྱ་གཞག་ནི་ཆེས་རླབས་ཀྱི་བྱ་གཞག་ཅིག་རེད་ལ།བྱ་རིགས་དེ་འགྱུར་བའི་གོ་རིམ་ཡང་ཆེས་ཡ་མཚར་གྱི་སྣང་ཚུལ་ཞིག་རེད།
                                                                                                  གསུམ།

དུས་ཚོད་ནི་ཆུ་བོའི་རྒྱུན་ལ་ཞུགས་ཏེ་བཞུར་ཞིང་།བསེར་བུའི་སྒལ་བར་བཞོན་ནས་འཕུར་བས་རུ་སྡེ་དེ་དང་།ལྗོན་ཤིང་དེ།བྱ་ཚང་དེ་བཅས་ལའང་འགྱུར་ལྡོག་བྱུང་།བར་སྐབས་ཤིག་ལ།བྱ་ཚང་དེའི་ནང་གི་བྱ་རྒོད་ཁ་ཤས་རི་རབ་ཀྱི་རྩེ་ནས་འཕུར་ཞིང་།མཚོ་ཆེན་གྱི་ཁ་ནས་འཕུར་ཏེ་མི་གཅིག་པའི་རི་ཀླུང་དང་།མི་གཅིག་པའི་ནགས་ཚལ།མི་གཅིག་པའི་བར་སྣང་བཅས་སུ་སྐོར་ཏེ་སྔོན་གྱི་ལུང་ཁུད་དེར་འཕྲོད་མི་འཕྲོད་ཀྱི་རྩ་སྨན་སྣ་ཚོགས་བཏོགས་ནས་འོངས་ཤིང་།གདོད་མའི་ལྗོན་ཤིང་དེར་མཛའ་མི་མཛའ་ཡི་བྱ་རིགས་ཁ་ཤས་ཁྲིད་དེ་འོངས།དུས་དེ་ནས།རུ་སྡེ་དེར་འདྲ་མི་འདྲ་བའི་སྐད་རིགས་སྣ་ཚོགས་ཀྱིས་ཁྱབ་ཅིང་།ལྗོན་ཤིང་དེར་མཐོང་མི་མཐོང་གི་འབུ་སྲིན་གང་མང་བཏབ།ཉིན་ཞིག་ལ།རླུང་དྲག་པོ་ཞིག་དང་།ཆར་ཆེན་པོ་ཞིག་མཉམ་དུ་བྱུང་བས་རུ་སྡེ་དེ་འཁུར་ལ་ཁད་དང་།ལྗོན་ཤིང་དེ་འགྱེལ་ལ་ཁད།བྱ་ཚང་་དེ་འཐོར་ལ་ཁད་དུ་སོང་།རང་བྱུང་དང་རང་བྱུང་མ་ཡིན་པའི་འཇིགས་པ་སྣ་ཚོགས་རྡུལ་གྱི་ཁ་གྲངས་སུ་སོང་བས་བྱ་བྱེའུ་དེ་ཚོའི་རྒྱུད་དུའང་བྱ་རིགས་ལས་འདས་པའི་བློ་དང་རིག་པ་མི་འདྲ་བ་མང་པོ་འཕྲོ་རིམ་འཕྲོར་བྱུང་བས་བྱ་ཚང་དེ་སླར་ཡང་ས་གྲགས་གནམ་གྲགས་སུ་སོང་།
                                                                                                    བཞི།
    མེད་པ་ཞིག་ཡོད་པར་བསྐྲུན་པ་ནི་བྱ་ཚང་དེ་དང་བྱ་རིགས་དེ་ཚོའི་ལོ་རྒྱུས་ཡིན་ལ།  ཡོད་པ་ཞིག་མེད་པར་བཟོས་པའང་བྱ་ཚང་དེ་དང་བྱ་རིགས་དེ་ཚོའི་ལོ་རྒྱུས་ཡིན།
                                                                                                   ལྔ།

བྱ་ཚང་གཅིག་ཀྱང་བྱ་རིགས་མི་འདྲ་བའི་དབང་གིས་ཆེ་ཆུང་གི་རྩོད་པ་དང་།བཙན་གཉོམ་གྱི་ཁྱད་པར།སྐྱིད་སྡུག་གི་ཧེ་བག་བཅས་ཀྱང་བྱ་ཚང་དེར་མེད་པ་ནས་ཡོད་པར་གྱུར་ལ།ཡོད་པ་ནས་འཕེལ་བར་གྱུར།འགལ་བ་དེ་དག་གི་རྐྱེན་པས་རུ་སྡེ་དེའི་མདུན་རིའི་ནང་དུ་ཁྲ་གླག་གི་གྲིབ་མ་མཐོང་རྒྱུ་ཡོད་ཅིང་།རྔོན་པ་ཡི་བུའུ་དུད་ཀྱང་སྣོམ་རྒྱུ་ཡོད།བྱ་རིགས་གཞན་དག་གི་མིག་ལམ་དུ་བྱ་ཚང་དེར་གཞི་ནས་སྲུབས་ཀ་གས་འགོ་བརྩམས་ཤིང་།འཇིག་རྟེན་འདི་འཇིག་པའི་བར་ནས་བྱ་ཚང་གཞན་པ་དག་ཇེ་སྲ་ཇེ་བརྟན་དུ་བཟོ་བཞིན་ཡོད་ལ།འཁོར་བ་འདི་འཁོར་བའི་བར་ནས་བྱ་རིགས་གཞན་པ་ཚོས་ཁ་མཐུན་སེམས་མཐུན་ལ་བརྩོན་བཞིན་ཡོད།འོན་ཀྱང་།སྔོན་གྱི་ཕྱི་མཛེས་ནང་མཛེས་ཀྱི་བྱ་ཚང་དེར་སྲུབས་ཀ་ཇེ་ཆེ་དང་།འཇིགས་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་བསྟུན་ནས་བྱ་ཚང་དེའི་བར་སྣང་ཇེ་ཆུང་དང་།བྱ་རིགས་ཚོའི་སེམས་ཁམས་ཀྱང་ཇེ་དོག་ཏུ་འགྲོ་བཞིན་ཡོད་དེ།བར་སྐབས་ཤིག་ཏུ།བྱ་ཚང་དེར་སྔོན་བྱུང་མ་མྱོང་བྱའི་འགྱུར་ལྡོག་ཅིག་བྱུང་བ་ནི།སྔོན་ན་བཟའ་ཆོག་ཆོག་གི་འབུ་སྲིན་ཀྱི་ཁ་གྲངས་ཀྱང་ཇེ་ཉུང་དུ་སོང་ཞིང་།སྔོན་ན་འཕུར་ཆོག་ཆོག་གི་བར་སྣང་ཡང་ཇེ་དོག་ཏུ་གྱུར།བྱ་ཚང་གི་འགྱུར་ལྡོག་གིས་བྱ་རིགས་ལ་ཤུགས་རྐྱེན་ཐེབས་པ་བཞིན་དུ་བྱ་རིགས་ཀྱི་འགལ་བས་ཀྱང་བྱ་ཚང་ལ་འགྱུར་བ་བཟོས་ན་འགྲིག འོན་ཀྱང་།བྱ་ཚང་དེ་ནི་སྔོན་གྱི་བྱ་ཚང་སྟེ།སྡེ་ཆེན་པོ་ཞིག་གི་དཀྱིལ་གྱི་ཤིང་མཐོན་པོ་ཞིག་གི་ཡལ་གར་བཟོས་པའི་བྱ་ཚང་དེ་ཡིན་ལ།བྱ་རིགས་དེ་ཚོ་ནི་སྤུ་མདོག་ངན་ཞིང་གཤོག་རྩལ་གཉོམ་པ།སྐྱིད་མདངས་མོག་ཅིང་བག་ལ་ཉལ་མཁན་དག་དག་ཏུ་གྱུར་ཡོད་པ་རེད།
                                                                                                    དྲུག

དུས་ཚིགས་ཀྱི་དྲོད་གྲང་ལ་གཞིགས་ཏེ་བྱ་ཚང་ལ་ལས་སྣོན་རྒྱག་དགོས་ལ།སྐྱིད་སྡུག་གི་ཧེ་བག་ལ་བསམས་ཏེ་བྱ་རིགས་ལ་དྲན་སྒོ་ཡོད་དགོས།
                                                                                                    བདུན།

ཁ་སང་དེ་རིང་ལ་ཉིན་ཇེ་རིང་དང་མཚན་ཇེ་ཐུང་གི་རྐྱེན་པས་ཉི་འོད་དྲོ་ཞིང་འཇམ་ལ།མཁའ་དབུགས་དྭངས་ཤིང་གཙང་བས་རི་ཀླུང་མི་གཅིག་པ་མང་པོ་འབྱུང་བའི་འགྱུར་ལྡོག་གི་དབང་གིས་བདེ་ཞིང་ཡངས་པོར་གྱུར་ཡོད་ལ།ལྗོན་སྣ་མི་འདྲ་བ་མང་པོ་སྣོད་ཀྱི་བརླན་གཤེར་ལ་བརྟེན་ནས་ཚང་ཚིང་གི་ཚུལ་དུ་ཆགས་ཡོད།ཡིན་ནའང་།སྔོན་གྱི་ལུང་ཁོག་དེ་དེ་འདྲའི་བདེ་མོ་རུ་ཆགས་མེད་ལ།སྔོན་ཀྱི་ལྗོན་ཤིང་དེར་དེ་འདྲའི་སྐྱེས་སྟོབས་ཀྱིས་ཁེངས་མེད།ད་དུང་།སྔོན་གྱི་བྱ་རིགས་ཀྱི་རྒྱུད་དེ་ཚོར་ཡང་བྱ་རྒྱལ་གྱི་འཕུར་སྟངས་དབེན།དྲང་མོར་བཤད་ན།བྱ་ཚང་ག་འདྲ་ཞིག་ཡིན་པ་བཞིན་དུ་བྱ་རིགས་ཀྱང་དེ་འདྲ་ཞིག་ཡིན་དགོས་ལ།བྱ་རིགས་ག་འདྲ་ཞིག་ཡིན་པ་བཞིན་དུ་བྱ་ཚང་ཡང་དེ་འདྲ་ཞིག་ཡིན་དགོས།དུས་ཡུན་རིང་པོ་ཞིག་ལ།བྱ་ཚང་དེ་དང་བྱ་རིགས་དེ་ཚོར་འབྱུང་བ་མ་སྙོམས་པའི་ནད་ཡམས་ཤིག་བྱུང་ཡང་།ད་ནི་ཆར་ཆུ་ལ་མི་་གཡོལ་ཞིང་།འཐོར་རླུང་ལ་མི་འཇིགས་པར་བྱ་ཚང་དེར་ཤིང་ཐུན་གསར་བ་རེས་ལྷན་པ་རྒྱག་ཞོར་བཞག་ན་མི་མཛེས་པའི་ཚེར་ནག་ཁ་ཁེར་གཏོར་དང་གཏོར་དགོས་ལ།བྱ་རིགས་རང་གི་ཁེ་ཕན་གྱི་ཆེད་དུ་གཤོག་སྣེ་བྲག་ལ་བརྡར་སྤོབས་པའི་བྱ་རྒྱལ་གྱི་སྙིང་སྟོབས་ཀྱང་སློང་དགོས།གཞན་དུ།བྱ་རིགས་ཚོས་མཚམས་རེར་འགྲེ་ལོག་རེ་བརྒྱབ་པ་ཡིན་ན།བྱ་ཚང་དེར་གཡོ་འགུལ་ཐེབས་སྲིད་ལ།བྱ་ཚང་དེར་དཀྲོག་དཀྲུགས་ཐེབས་ན།ད་གཟོད་བྱ་ཚང་དེ་སྐྱོབ་དགོས་པའི་ངེས་ཤེས་འདྲོང་རྒྱུ་རེད།
                                                                                                       བརྒྱད།

བྱ་ཚང་སྐྱོབ་པའི་ཆེད་དུ་བྱ་རིགས་ཁ་ཤས་ལྗོན་པ་དང་གཏན་དུ་ཁ་བྲལ་འབྱུང་སྲིད་ལ།བྱ་རིགས་གསོན་པའི་སླད་དུ་བྱ་ཚང་དེ་རང་གི་སྲོག་བཞིན་གཅེས་དགོས།
                                                                                                        དགུ

ངས་བདག་གི་ཁྱིམ་རྒྱུད་ལ་འབྲི་དགོས་པའི་གཏམ་རྒྱུད་ནི་ཆུ་བོའི་རྒྱུན་བཞིན་རྫོགས་མཐའ་བྲལ་ལ།ད་དུང་།བརྗེད་བྱང་འདིའི་ནང་གི་སྐམ་སོང་བའི་སྡོང་རྒན་དེ་དང་།འཐོར་སོང་བའི་བྱ་ཚང་དེ།འཕུར་སོང་བྱའི་བྱ་རིགས་དེ་ཚོ་ནི།ཁོ་བོའི་མི་ཚེ་ལ་ཤར་བའི་འདས་སོང་གི་མུ་འབྲེལ་རི་མོ་ལྟ་བུ་ཞིག་ཡིན་པས།ངས་སྨྱུག་ཁ་འདིར་བླ་ལྷག་གིས་གཅེས་ཏེ་དྲན་སྒོ་མང་པོ་ཞིག་མ་འོངས་པའི་སྔོན་དུ་བྲིས་ཚར་ན་བསམས།

                                                                                                                                                                ༢༠༠༣.༩

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གི་ཁྱིམ་རྒྱུད་ལ་བྲིས་པའི་བརྗེད་བྱང་།

2009-07-21 ན་རོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།