དྲ་ཡོམ་དང་བསམ་གཞིགས།

     དྲ་ཡོམ་ནི་ཚིག་གསར་ཞིག་སྟེ། ས་ཡོམ་ལས་བརྒྱུད་འགྱུར་གྱི་མིང་ཚིག་གསར་བ་ཞིག་ཡིན། མ་གཞི་བོད་ཅེས་པའི་མིང་འདི་མཁྲེགས་པོ་ཞིག་ཡིན་ནའང་། ལོ་ངོ་སྟོང་ཕྲག་རིང་གི་བརྒྱུད་འགྱུར་དང་གཞན་དབང་སྟབས་བསྟུན་ལ་གོམས་པའི་དབང་གིས་སེམས་རྩ་གཉོམ་ཞིང་། ཡོད་ཚད་ཤོར་དོགས་ཀྱིས་གཟིར་བཞིན་པའི་མི་རིགས་ཤིག་ཡིན་པར་མ་ཟད། ཨ་གསར་ཚ་ཞིང་ཨ་མའང་བརྗེད་གྲབས་ཆགས་ཟིན་པའི་མི་རིགས་ཡན་གར་བ་ཞིག་ཀྱང་ཡིན།

     རྒྱབ་ལྗོངས་འདིའི་འོག་ཏུ་ཞོགས་དུང་དང་སེང་རྡོར་ལགས་ལྟ་བུའི་སྔར་བྱུང་ལ་དོགས་སློང་བྱེད་ཕོད་མཁན་རེ་ཟུང་བྱུང་བ༼ལྷ་སྲོལ་ལས་བརྒལ་བའི་བདུད་ཀྱི་ཆོ་འཕྲུལ་འབའ་ཞིག༽ཏུ་ངོས་འཛིན་དང་སྦྲགས་བཤད་མ་སྤོབས་པའི་ཞེ་སྡང་ཐ་དག་བྱོ་ས་ཉག་གཅིག་ཏུ་གྱུར་བ་རེད། དེའང་སེམས་ཁམས་བདེ་ཐང་མེད་པའི་མི་རིགས་ཤིག་གི་ཚུར་མངོན་ཡིན་པར་མ་ཟད། དུས་བབ་ལས་བསྐྱེད་པའི་བསྡུས་གཟུགས་ཡན་གར་བ་ཞིག་ཀྱང་ཡིན། དེ་བས། ཐེངས་འདིའི་དྲ་ཡོམ་ཡང་གནས་སྟངས་འདིའི་འོག་ནས་བྱུང་བ་ཞིག་ཡིན་ཞིང་། རྒན་མེ་སྟག རེ་རྐང་གླིང་། དེ་ནས་སེང་རྡོར་ལགས་བཅས་ནས་འགོ་བརྩམས་སོང་།  
      འོ་ན། དོན་རྐྱེན་འདིའི་ཅི་ཞིག་མཚོན་བཞིན་ཡོད་དམ། དྲི་བ་འདི་ལན་རྒྱག་རྒྱུ་དཀའ་མོ་ཆགས་ཟིན་པའི་གྲས་རེད། ཡིན་ནའང་། ང་རང་ལོ་ཤས་རིང་བོད་ནང་གི་དྲ་རྒྱ་ཁག་འགྲིམས་པའི་ཉམས་མྱོང་ལ་གཞིགས་ན།
      བོད་ནང་གི་རྩོམ་པ་པོ་ཁག་ཅིག་བསྟོད་པར་དགའ་ཞིང་སྨད་པར་མི་དགའ་བ་ཤ་སྟག་རེད། དོན་ལ་སྨད་པ་ནི་བསྟོད་པ་ལས་ལྡབ་འགྱུར་གྱི་ཤེད་ཤུགས་ཡོད་པའི་བརྒྱུད་བསྒྲགས་ཀྱི་ལམ་ཁ་ཡན་གར་བ་ཞིག་ཡིན་ལ། རྩོམ་འབྲི་བ་དང་གཏམ་བཤད་པ། གཞས་གཏོང་བ་དང་འཁྲབ་སྟོན་སོགས༼བརྒྱུད་བསྒྲགས་རིག་པའི༽ཁྱབ་ཁོངས་ཡིན་པར་མ་ཟད། སྒོས་སུ་ལམ་ཁ་འདིར་འཇུག་མཁན་ཁྲོད་ཀྱི་མ་འདྲ་བ་ཞིག་ཆགས་དགོས་ན་ལམ་ཁ་བདེ་མོ་ཞིག་རྩ་བ་ནས་ཡོད་པ་མ་རེད། དཔེར་ན། ཡོངས་གྲགས་སུ་གྱུར་ཟིན་པའི་ཚེ་རིང་འོད་ཟེར། འཇམ་དབྱངས་སྐྱིད་ལགས་ལྟ་བུ་རེད་ལ། ཡོངས་གྲགས་མ་ཡིན་པའི་ཡོངས་གྲགས་སུ་ཆགས་ཟིན་པའི་ལོ་རྒྱུས་སྨྲ་བའི་ཁྱུ་མཆོག་སྡེ་རོང་ཚེ་རིང་དོན་གྲུབ་ལགས་ལྟ་བུ་རེད།  
      མདོར་ན། དྲ་ཡོམ་འདི་བརྒྱུད་ནས་ཚང་མས་ཤེས་དགོས་པ་ནི། བསྟོད་སྨད་གཙོ་བོ་མ་ཡིན་པའི་ཁར། དགྲ་ལ་འཛིན་མཁན་ཡང་གཙོ་བོ་མ་རེད། གཙོ་བོའི་ནང་གི་གཙོ་བོ་ནི་ཁྱོད་རང་ཚོས་ཅི་ཞིག་བཤད་འདོད་ཀྱི་ཡོད་དམ།  བཤད་འདོད་པ་དང་དམིགས་འབེན་གཞི་གཅིག་ཏུ་གྲུབ་བམ།  དོན་ལ་དམིགས་འབེན་དང་ཕུགས་བསམ་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས། ངང་ཐུང་ཐག་རིང་འགྲིམས་པའི་གེགས་ཀྱི་གཙོ་བོ་ཡིན་ལ། བཟོད་བསྲན་དང་རྣམ་དཔྱོད་ཡོད་ཚད་བརྒལ་བའི་ལམ་པ་ཡིན།

རྩོམ་ཁུངས། ལྡོང་སྲས་ཀྱི་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲ་ཡོམ་དང་བསམ་གཞིགས།

2009-07-02 ལྡོང་སྲས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།