འབྲོག་ཕྱོགས་ཀྱི་གནས་ཚུལ་ཕྲན་བུ།

       དང་པོ།འབྲོག་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་བའི་ཉེན་རྟོག་པ།

རྒྱབ་ལ་བོའུ་ཞིག་ཁུར་ཏེ་ལག་ཏུ་མང་ཚོགས་ལ་རྡུང་རྡེག་བྱེད་པའི་ལྕགས་དུམ་ཞིག་བཟུང་ནས་ང་ཚོའི་ཡུལ་ཚོའི་བར་ལ་ཐོན་དུས་ང་རྒྱལ་གྱི་མགོ་བོ་གནམ་ལ་གཏད་དེ་རང་ཉིད་ཀྱི་ཅི་ཞིག་བྱས་རུང་ཆོག་གི་བསམ་ཡོད་པ་འདྲ། མཚན་མོ་ཞིག་ལ་ང་ཚོའི་ཡུལ་ཚོའི་བར་ནས་མི་ཞིག་ལ་ཕྲད་དེ་གཅར་རྡུང་བྱེད་པའི་སྐབས་སུ་དགེ་རྒན་ཞིག་ཡིན་པ་ཤེས་རྗེས་ངའི་འབྲོག་པ་ཞིག་ལ་ནོར་བ་རེད་ཅེས་སྐད་ཆ་དེ་སྨྲས་པ་ངེད་འབྲོག་པཅི་སྲིད་བར་དུ་བརྗེད་མི་སྲིད།

དྲག་རྡུང་བྱེད་འི་མི་དེ་འབྲོག་པ་ཞིག་ཡིན་པའི་དབང་དུ་བཏང་ན་ཁོ་ཚོའི་བཟུང་སྟེ་རང་ཁྱིམ་ལ་གད་དར་ལེགས་པོ་ཞིག་བྱས་རྗེས་ཆུ་ལེན་དུ་མངག་པ་མ་ཟད་ཁོ་ཚོའིསྒོར་ཁུག་ཀྱང་ཇེ་མཐུག་ཏུ་འགྲོ་བ་ནི་གདོན་མི་ཟ།

ཁྲིམས་ལུགས་ཀྱི་སྔུན་ནས་མི་ཚང་མ་འདྲ་མཉམ་ཡིན་ཟེར་བ་ནི་ང་ཚོ་ལ་མཚོན་ན་སྐྱག་རྫུན་ཞིག་ལས་ཅི་ཡང་མ་ཡིན་ནོ།

ངེད་འབྲོག་པ་རྣམས་ཀྱིས་ཁྱེད་ཚོ་ལ་སྐད་གསང་མཐོན་པོའི་འདྲི་འདོ་པ་ནི་འབྲོག་པ་ཞིག་ཡིན་ན་གང་འདོད་དུ་བརྙ་བཅོས་བྱས་ཆོག་པ་དང་ཐུབ་ཚོད་ད་དུང་དཀའ་སྡུག་གི་རྔུལ་ཆུ་ལས་ཐོན་པའི་སྒོར་མོ་ཁྱེད་ཚོ་ལ་སྟེར་དགོས་པ་ཨེ་རེད།

འདི་ནི་ཁྲིམས་ལུགས་ཡིན་ནམ། འདི་ནི་བཙན་འཛུལ་ཡིན།

གསར་བུ་རྣམས་ཀྱིས་ཡུལ་ཚོའི་སྲང་བར་ནས་སྦག་སྦག་ཡི་རྩལ་ངོམ་པ་ནི་མི་ཞིག་གི་རང་ཉིདཀྱི་ཡོན་ཏན་ཕྱི་རུ་ཕུད་པ་དང་གཉིས་སུ་མ་མཆིས། དཔེར་ན། བྲོ་བ་ཞིག་གིས་བྲོ་འཁྲབ་པ་དང་གླུ་བ་ཞིག་གིས་གླུ་བླངས་པ་ལྟ་བུ་ཡིན།འབྲོག་པའི་གསར་བུ་རྣམས་ཀྱིས་རང་ཉིད་ཀྱི་ནུས་རྩལ་ཕྱི་རུ་ཕུད་པ་དེ་གཅར་རྡུང་མྱོང་བྱེད་ཀྱི་ལག་ཆ་ཞིག་ཏུ་གྱུར་དོན་ཅི།

ངེད་འབྲོག་པ་རྣམས་ཀྱིས་དྲང་བདེན་ཀྱི་སྐད་ཆ་བསྙད་པ་དང་རང་ཉིད་ཀྱི་ཁྱད་ཆོས་ཕྱི་རུ་ཕུད་ན་ནག་ཉེས་ཤིག་ཏུ་བགྲང་ན་ཁྱེད་ཚོས་ལུགས་མེད་ཀྱི་མང་ཚོགས་ལ་རྡུང་རྡེག་དང་སྒོར་མོ་ཡིས་ཆད་པ་བཅད་པ་དེ་ནག་ཉེས་ཤིག་མིན་དོན་ཅི།

ངེད་འབྲོག་པ་རྣམས་ཀྱིས་གནའ་ནས་ད་བར་དུ་སྐྲ་རིང་བོ་འཇོག་པ་ནི་ཁོར་ཡུག་གིས་བསླངས་པའི་རྒྱུ་རྐྱེན་ཡིན།ང་ཚོ་ནི་སློབ་མ་མིན་ལ་ལས་བྱེད་པ་ཡང་མིན་པ་ང་ཚོ་གཙག་རླུང་གི་ནང་ནས་འཚོ་བ་རོལ་དགོས་པ་ཨེ་ཤེས་ཐལ།ང་ཚོ་སྐྲ་རིང་བོ་འཇོག་པ་ནི་འཚོ་བ་དང་འབྲེལ་བ་ཟབ་མོ་ཡོད་ལ་ངེད་ཚོའི་རང་དབང་ཡང་ཡིན། ཁྱེད་ཚོས་སྐྲ་རིང་བོ་ཅན་ཞིག་གང་ནས་རིག་ན་བསམ་བསམ་འདོད་འདོད་དུ་ཁེ་གྲི་ཡིས་མྱུར་བྲེགས་ཀློའུ་བྲེགས་བྱས་པ་ནི་ངེད་ཚོའི་འཚོ་བ་ལ་ངན་ངོན་བསྐུས་པ་དང་ངེད་ཚོར་འགྲོ་བ་མིའི་ཐོབ་ཐང་མེད་པར་ར་སྤྲོད་བྱས་པ་མ་ཡིན་ནམ།

ཁྱེད་ཚོ་འབྲོག་པའི་འཚོ་བ་ལ་རྒྱུས་ལོན་མེད་པ་དང་འབྲོག་པའི་སེམས་ཁམས་ཀྱང་མི་ཤེས་བཞིན་དུ་གང་འདོད་དུ་བརྙ་བཅོས་དང་སྒོར་མོ་ཡིས་ཆད་པ་བཅད་པ་ནིངེད་འབྲོག་པའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་བ་མ་ཡིན་ནམ།

མང་ཚོགས་ལ་ཞབས་ཞུ་བསྒྲུབ་པ་ནི་ཁྱེད་ཚོའི་འོས་འགན་མིན་པར་ཁྱེད་ཚོའི་ཁ་གསོ་བ་ནི་ངེད་འབྲོག་པའི་འོས་འགན་ཡིན་པ་ཨེ་རེད།

      གཉིས་པ། འབྲོག་པའི་གནས་བབས་ལ་མི་ལྟ་བའི་རི་དགོན།

རི་དགོན་གྱིས་བཀའ་ཕབ་སྟེ་སྔོན་ཞིག་ནས་ང་ཚོའི་ཡུལ་ཚོའི་བར་ནས་སྟེགས་ལྒང་འཛུགས་མི་ཆོག་ཁར་ན་ནང་དོ་ཚིགས་ནས་བཟུང་སྟེ་ཟ་ཁང་དང་ཚོང་ཁང་ནང་ནས་ཤོག་པེ་དང་མཱ་ཅང་ཡང་རྩེ་མི་རུང་ཟེར་ནས་མགོ་བོ་དགྱེ་དགྱེ་བྱེད་ཀྱིན་འདུག།གལ་ཏེ་སུ་ཚང་གི་སྟེགས་ལྒང་བཙུག་ན་ཆད་པ་ལྗིད་མོ་གཅོད་རྒྱུ་དང་སུ་ཚང་གི་ནང་ནས་ཤོག་པེ་དང་མཱ་ཅང་རྩེས་ན་སྒོར་ལྔ་བརྒྱ་ཡིས་ཆད་པ་གཅོད་རྒྱུ་ཡིན་ཞེས་ང་ཚོའི་ཡུལ་ཚོའི་བར་ལ་སྦྱར་འདུག།

ཁྱེད་ཚོ་རྒྱུན་དུ་ཡུལ་ཚོའི་སྲང་བར་ལ་འོང་སྟེ་ཕྱུགས་མི་འཚོ་བར་རྐྱལ་སྟོང་བྱས་ཏེ་འདུག་རྒྱུ་རེད་ཟེར་བ་ཨེ་ཡིན། ཡིན་ན་ཡང༌།་ལྟ་སྔོན་དང་མི་འདྲ་བར་ཁྱིམ་ཚང་རེ་རེའི་རྩྭ་ས་གོས་ཏེ་ལྕགས་ར་བརྒྱབ་ཡོད་པས་རྫི་བུ་རྣམས་མཉམ་ཏུ་རི་མགོ་ནས་འདུས་ཏེ་རྩེ་མོ་སྣ་ཚོགས་རྩེ་བའི་ཁོར་ཡུག་བརླགས་ཡོད་པ་ཨེ་ཤེས་ཐལ།ད་དུང་དབྱར་ཁ་ཕྱུགས་རྫི་རྣམས་རྩྭ་ཐང་ཡངས་པོའི་དཀྱིལ་ནས་རྟ་རྒྱུགས་གཙོ་བྱས་པའི་འབྲོག་པའི་རིག་གནས་མཉམ་བཞིན་པ་ཨེ་རིག་ཐལ།ཁྱིམ་ཚང་རེ་རེས་རང་ཉིད་ལ་དབང་པའི་རྩྭ་ས་ལ་ལྕགས་ར་བརྒྱབ་ཡོད་པས་སྐྱེས་པ་རྣམས་ལ་ཅི་ཡང་ལས་རྒྱུ་མེད་པས་ལག་པ་རུམ་ལ་བསྡུས་ཏེ་སུ་ཞིག་འདུག་བསམ།ད་ལྟ་ཕྱུགས་ལ་སོང་ཡང་ཁེར་འགྲོ་ཁེར་འདུག་ཡིན་པས་སུན་སྣང་ཅི་ལ་མི་སྐྱེས།ང་ཚོའི་ཡུལ་ཚོའི་སྲང་་བར་ནས་ཕར་ཉུལ་ཚུལ་ཉུལ་བྱེད་བཞིན་པའི་འབྲོག་མའི་སུན་སྣང་གི་ངོ་གདོང་ཨེ་མཐོང་ལགས།འབྲོག་མིའ་ཞིག་ཡིན་ན་རང་ཉིད་ཀྱིཅི་ཞིག་རྩེ་འདོད་ན་རྩེ་དབང་མེད་སོང་བ་ནི་བློ་ཡུལ་ལས་འདས་པ་ཞིག་མ་ཡིན་ནམ།ང་ཚོའི་སྡེ་བའི་ནང་ནས་སྟེགས་ལྒང་དང་ཤོག་པེ་མཱ་ཅང་སོགས་རྩེ་ཆོག་ན་འདི་འདྲའི་སུན་སྣང་གི་ངོ་གདོང་མང་པོ་ཞིག་མཐོང་མི་སྲིད་དོ།

མི་ཞིག་སྐྱེས་པ་ནས་རང་དབང་གི་འཚོ་བ་རོལ་དུ་འོང་བ་ལས་ཁྱེད་ཚོའི་མངའ་འོག་ནས་སུན་སྣང་གི་འཚོ་བ་རོལ་དུ་འོང་བ་མིན་པ་འདྲ།རི་དགོན་གྱིས་འབྲོག་པའི་གནས་བབས་ལ་མི་ལྟ་བར་ལུགས་མེད་ཀྱི་ཁྲིམས་ལུགས་མི་སྤེལ་པར་རེ་བ་ནན་གྱིས་ཞུས་པ་ཡིན།

     གསུམ་པ། རི་དགོན་ཀྱི་བྱས་རྗེས།

ཆུ་ཁ་མ་ཞེས་པའི་འབྲོག་སྡེ་དེ་གནའ་ནས་བཟུང་ཞང་ཆེན་གསུམ་གྱི་འདྲེས་མདོ་ན་རྟ་ནོར་ལུག་གསུམ་གྱི་འཚོ་རོལ་བཞིན་ཡོད་པས་ཁྱིམ་མཚེས་ལ་འགྲིག་མཐུན་བྱུང་བ་ནི་གནད་ཀྱི་དམ་པའོ།བདེ་སྐྱིད་འཚོ་བ་རོལ་དགོས་ན་ཁྱིམ་མཚེས་ཀྱི་སྡེ་གཟར་སྤངས་ཏེ་མཐུན་སྒྲིལ་བྱེད་དགོས་པ་ལ་དམིགས་ཏེ་ཉིས་སྟོང་བདུན་ལོའི་དབྱར་ཟླ་དང་པོའི་མེ་ཏོག་གི་དྲི་སུང་ངོགས་ནས་ཟི་ཁྲོན་ཁོངས་གཏོགས་རྔ་བ་རྫོང་དང་དམར་ཐང་རྫོང་མཛོ་དགེ་རྫོང་མཚོ་སྔོན་ཁོངས་གཏོགས་གཅིག་སྒྲིལ་རྫོང་རྨ་ཆུ་མཚེར་རུ་མ་བཅས་ལ་གྲོས་ཁ་ཡང་ཡང་བྱས་མཐར་རྐུ་གཅོད་རྒྱུ་ཐག་གིས་བཅད།ཡུན་རིང་ལ་གཟབ་ནན་དང་དཀའ་ཚེགས་བྱས་མཐར་ངེས་པར་དུ་ཆོད་དགོས་ན་ཆོས་ལུགས་ལ་བརྟེན་དགོས་པ་ཤེས་ཏེ་རི་སྡེ་རེ་རེས་དགོན་པ་བླ་མའི་མདུན་ནས་དེ་རིང་ཕྱིན་ཆད་ནས་རྐུ་མི་བྱེད་པར་མང་ཚོགས་ལ་དམ་བཅའ་འཇོག་ཏུ་བཅུག།གལ་ཏེ་རྐུ་ཞིག་བུད་པའི་དབང་དུ་བཏང་ན་དགོན་པ་དམོད་པ་དང་ཡུལ་ཚོའི་སྲང་བར་ལ་རྐུན་མའི་འདྲ་པར་སྦྱར་རྒྱུ་བྱས་སོ།

ད་ལྟ་ཕྱི་འདང་ཞིག་བརྒྱབ་ན་ངོ་མ་གཡུར་དུ་ཟ་བའི་འབྲས་བུ་བླངས་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད།ཉིས་སྟོང་ལྔ་ལོ་དང་ཉིས་སྟོང་དྲུག་ལོ་ལ་འོལ་ཚོད་བྱས་ན་ང་ཚོའི་སྡེ་བའི་ཕར་ཆེར་ལོ་རེ་ཟོག་ཉིས་བརྒྱ་དང་ལུག་བརྒྱ་རྟ་ལྔ་བཅུ་བཅས་རྐུ་ལ་ཤོར་འགྲོ་བ་རེད།

རྐུ་བཅད་ཕྱིན་ནས་གན་ཚང་གི་རྐུ་ལ་ཤོར་སོང་ནི་རེད་ཅེས་ཐོས་འཛིན་གྱི་གཅིག་ཀྱང་གོ་མ་བྱུང༌།རྐུ་མ་བཅད་སྔོན་ཡིན་ན་རྟ་རྒྱུན་དུ་འདོག་དགོས་ཁར་ཟོག་མུན་ནག་ནང་དུ་ལུས་རུང་འདོག་དགོས་ནི་རེད། འོན་ཀྱང༌།ད་ལྟ་རྟ་རི་མགོ་རུ་ཕུད་དེ་འདོག་དགོས་ནི་མ་རེད།

ཟོག་འདོག་མ་བསམ་ན་འདོག་དགོས་ནི་མ་རེད།ཉིས་སྟོང་དྲུག་ལོའི་རྒྱུ་བདག་ཉལ་རུང་སེམས་སྐྱིད་པོ་ཞིག་འོང་གི་མེད་པ་འདྲ།ཉིས་སྟོང་བདུན་ལོའི་རྒྱུ་བདག་གི་སེམས་པ་བདེ་མོ་བྱས་ཏེ་རྨི་ལམ་གྱི་ཞིང་ཁམས་ཉུལ་བཞིན་འདུག། རྒྱལ་ཁབ་ཀྱི་རྐུན་མ་ཁྲིམས་ཐག་བཅད་རུང་སྣང་མེད་དུ་འཇོག་པ་ནི་འཚོ་གནས་དང་འབྲེལ་བ་ཟབ་མོ་ཡོད་དོ།

མང་ཚོགས་ཀྱི་སེམས་ལ་ཆོས་ལུགས་ཀྱི་བག་ཆགས་ཧ་ཅང་མཐུག་པའི་ཆོས་ལུགས་ཀྱིས་ཅི་ཞིག་ཡིན་རུང་དབང་བསྒྱུར་ཐུབ་པ་འདྲ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོག་ཕྱོགས་ཀྱི་གནས་ཚུལ་ཕྲན་བུ།

2009-07-01 དགེ་འདུན་སྐྱབས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།