སྐད་ཡིག་ལས་འཕྲོས་པའི་སྐད་ཆ་འགའ།

འབའ་བ་སྐལ་བཟང་འཕྲིན་ལས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-06-30

       ང་ཚོའི་གྲོང་སྡེ་ཉེ་འཁྲིས་སུ་ཁྱིམ་ཚང་བརྒྱ་སྐོར་གཉིས་ལྷག་ཡོད་པའི་གདོད་མའི་གྲོང་ཚོ་ཆུང་ཆུང་ཞིག་ཡོད། གྲོང་ཚོ་དེ་པ་རྣམས་ཀྱི་འགྲོ་འདུགསྤྱོད་གསུམ་བོད་མི་བྱིངས་དང་ཕལ་ཆེར་མཚུངས་ན་ཡང་།བུད་མེད་ཀྱི་ཕྱུ་པ་ནི་ཆེས་ཡ་འཚར་བའི་རས་དཀར་གྱི་སྒྲོ་གུར་ལྟ་བུ་ཞིག་རེད།ད་དུང་ཁོ་ཚོར་ལོ་གཅིག་ལ་ལོ་གསར་གྱི་སྤྲོ་སྟོན་ཐེངས་གཉིས་བཏང་སྲོལ་འདུག་ཅིང་།  གཅིག་ནི་རང་རེའི་བོད་ཀྱི་སྤྱི་སྲོལ་ལྟར་ཧོར་ཟླ་དངཔོར་འཁེལ།  གཞན་དེ་ཉི་མ་ལུག་ཁྱིམ་ལ་ནམ་ལོག་ལ་བཏང་གི་འདུག།ལོ་གསར་འདི་ལ་འཇང་ལོ་གསར་ཞེས་འབོད་།ནམ་རྒྱུན་འཇང་ལོ་གསར་གཏོང་སར་ཁོ་བོ་ཡང་དང་འགྲོ་མྱོང་།འཇང་ལོ་གསར་ཚེས་པའི་ཞོགས་པར་གྲོང་མི་ཚང་མ་སྡེ་བའི་རིག་གནས་ཐང་ཆེན་སྟེང་དུ་འཛོམས་།གྲོང་མི་རྒན་གྲས་ཞིག་གིས་གཅན་གཟན་བརྙན་རིས་ལ་འོ་མའི་ མཆོད་གཏོར་བྱས་རྗེས་ལག་པས་སྐེད་པརསྐྱོར་ནས་ཆེས་ཡ་འཚར་བའི་གླུ་དབྱངས་ལེན། དེ་ནས་དེར་ཡོད་མི་ཚང་མས་ལག་པས་སྐེད་པར་སྐྱོར་བཞིན་ཡ་འཚར་སྐད་ཀྱི་ཐོག་ནས་གཏམ་གླེང་ཡུན་རིང་བྱས། ཉིན་དེ་ཧྲིལ་པོར་རང་སྐད་ཀྱི་ཐོག་གཏམ་གླེང་ཅི་ཐུབ་བྱས། འདི་ལྟར་བྱས་དགོས་དོན་ནི་ཆོས་རྒྱལ་སྲོང་བཙན་གྱི་ཡར་སྔོན་ཁོ་ཚོ་འཇང་རྒྱལ་ཁབ་འབངས་སུ་གཏོགས ་པར་འདོད་ཅིང་།ལོ་གསར་ཤར་ཐེངས་རེ་ལ་གདོད་མའིའཇང་གི་རིག་གནས་དཔལ་ཡོན་དྲན་གསོ་དང་མི་ཉམས་ཆེད་ཡིན་ཟེར་། དེང་སང་ཁོ་ཚོ་ཆོས་ལུགས་ནང་པར་གྱུར་ཟིན་ཡང་།ལོ་སར་དུས་གདོད་མའི་བོན་སྲོལ་གྱི་ཆོ་ག་བཏང་གི་འདུག ཚུལ་དེ་མཐོང་སྐབས་ཁོ་བོས་འདི་ལྟར་བསམ་མྱོང་ཏེ།   ཨ་ཁ་རང་གིས་མ་གཏོགས་མི་གོ་བའི་སྐད་དེ་སྤར་འཛིན་བྱས་ནས་ཅི་ཕན་དྲན་མྱོང། འོན་ཀྱང་ད་ཆ་ན་སོན་དུས་ལོ་ངོ་སྟོངལྷག་གཞན་གྱི་བཙན་འོག་ཏུ་ཚུད་པའི་གྲོང་ཚོཆུང་ངུ་འདི་ལྟ་བུ་ཞིག་གིས་ཕྱི་ཡི་ཁུ་ཡུག་ལ་བཙན་འཛུལལ་ཇི་ལྟར་ཐེབས་ཀྱང་རང་གི་ཕ་སྐད་ལ་ཆག་གྲུམ་མ་ཤོར་བར་སྐད་ཅིག་ཐ་མར་བསྙེགས་པའི་སྐད་དེ་གཅེས་ཉར་ཐུབ་པར་སེམས་གཏིང་ནས་ཡིད་སྨོན་འཆོར། ངས་གནས་སྟངས་དེ་ཕྱིར་དྲན་བྱེད་ཞོར་འཇགས་ལ་ཉེ་བའི་དབྱངས་གསལ་སོ་བཞི་ཡི་ལས་དབང་ལ་སེམས་ཁྲལ་སྐྱེས་སོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐད་ཡིག་ལས་འཕྲོས་པའི་སྐད་ཆ་འགའ།

2009-06-30 འབའ་བ་སྐལ་བཟང་འཕྲིན་ལས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།