བསམ་བློ་དང་ལྟ་བ།

དབུས་ཕྲུག་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-06-27

    ༡ དེང་སྐབས་གསར་བུ་བ་མང་པོས་འཚང་ཁ་ཤིག་ཤིག་གིས་མིང་ཚིག་ལྗིད་པོ་འགའ་སྟེ། ལྷ་ཆོས་རིག་གནས་ཞེས་དང༌། དོགས་སློང་དང་དགག་སྒྲུབ་ཀྱི་སྙིང་སྟོབས་ཞེས་པ། ཐུབ་བསྟན་རིང་ལུགས་ཞེས་པ་སོགས་ལས་གླེང་བསླངས་ཡོང་དུས། བསམ་བློ་དང་རིག་གནས་ཀྱི་འཚོ་བཅུད་ཞན་པའི་རང་རེའི་སྤྱི་ཚོགས་དེའི་ནང་བྱ་བརྒྱ་འུར་རྡོས་དཀྲོགས་པ་བཞིན། ལ་ལས་མཐེ་བོང་སྒྲེང་བ་དང་འགའ་རེས་སྡིག་དམོད་བྱེད་པ། གཞན་དག་གིས་རིག་པ་ལོང་ལོང་པོར་ཅི་མི་སྙམ་པར་འདུག་པ་སོགས་ཀྱི་སྣང་ཚུལ་ཡོང་མུས་དང༌། སྤྱིར་བཏང་རིག་གཞུང་གང་ཞིག་ཀྱང་སྙིགས་དོར་བཅུད་ལེན་གྱི་བྲེ་སྲང་ལ་འདེགས་དགོས་ངེས་ལགས། དཔེར་ན། གདོད་མའི་མི་རིགས་ཀྱི་ཆོས་ལུགས་ཆོ་ག་དང་གསོན་དུར་འཇུག་པ། བྲན་གཡོག་ལམ་ལུགས་དང་མ་ཤུལ་བུ་འཛིན་གྱི་རྒྱལ་པོའི་རིང་ལུགས་སོགས། མི་བུའི་བློ་གྲོས་ཀྱིས་དཔྱད་བསྡུར་ལས་བེད་མེད་རྣམས་རང་བཞིན་གྱིས་མིའི་རིགས་ཀྱི་སྤྱི་ཚོགས་ནས་འཐོར་ཞིག་ཏུ་འགྲོ་བ་ནི་ཆོས་ཉིད་ལས་མ་འདས་ཀྱང༌། རང་ཉིད་ཀྱི་མིག་ཤེལ་བརྒྱུད་གཞན་གྱི་ངོ་གདོང་ལ་ལྟ་བའི་ཨ་གསར་རང་ལུགས་པ་ཚོས། ཨ་ན་ཨུ་ཚུགས་ཀྱིས་དེ་ལས་ཐོབ་པའི་གྲུབ་དོན་ཡིན་མདོག་མདོག་གིས་ཁ་དོག་ཡལ་བའི་ཉག་ཉོག་གི་ཐོན་རྫས་རྫོབ་པོ་འགའ་ང་ཚོའི་མིག་ལམ་དུ་ཤོམ་ཡོང་སྐབས། མདོ་དབུས་ཁམས་གསུམ་གང་དུ་ཡང་སློབ་ཆུང་གི་སློབ་མ་ཡན་གྱིས་གཡམ་རྒྱུགས་ཀྱིས་མིག་ལ་ཐོགས་ཚད་དང་རྣ་བར་ཐོས་ཚད་དཔྱད་ཞིབ་མ་བྱས་པར་བདག་གིར་འཛིན་བཞིན་འདུག །འདི་ཀོ་ནི་ཕུགས་རྒྱང་གི་བློ་མིག་དོག་ཅིང་འགན་ཁུར་གྱི་བསམ་བློ་ཆུང་བའི་ཤེས་ཡོན་པའི་སྡེ་ཚོགས་རིགས་གཅིག་དང༌། གཞུང་ལུགས་ཀྱི་ཟབ་ས་དང་དོན་སྙིང་ལ་གོ་བ་རྣལ་མ་མ་ཆགས་པའི་སྨྱུག་ཐོགས་པ་ལ་ལ། ཤེས་ཡོན་སློབ་གསོའི་ཁ་ཕྱོགས་འཛོལ་གྱིན་པའི་དགེ་རྒན་འགའ་ཡི་བསམ་སྤྱོད་ལས་ཤན་བཞུགས་ཐེབས་པ་ལོས་ཡིན།
     ༢  ཐུབ་བསྟན་རིང་ལུགས་སམ་ནང་བསྟན་ཆོས་ལུགས་ནི་དེང་འཛམ་གླིང་འདིའི་སྟེང་རིག་པ་གང་ཞིག་གིས་ཀྱང་ཐལ་བར་བརླག་མི་ནུས་པའི་རིག་ཚན་མཆོག་གྱུར་ཞིག་ཡིན། དེ་བཞིན་ཤཱཀྱ་ཐུབ་པ་ནི་འཛམ་གླིང་འདིའི་ནང་གི་བསམ་བློ་བ་ཆེས་གྲགས་ཅན་ཞིག་དང་ཡང་སྒོས་ཨེ་ཤ་ཡའི་གླིང་ཕྲན་ནང་གི་ཕུལ་བྱུང་གི་བསམ་བློ་བ་ཉག་ཅིག་གི་ཚབ་མཚོན་དུ་གྱུར་ཡོད། ནང་བསྟན་ཆོས་ལུགས་ཀྱིས་མིའི་རིགས་ཀྱི་འཚོ་གནས་ལ་དགག་རྒྱག་བྱས་ཡོད་ཟེར། དེ་ལས་ལྡོག་སྟེ་ནང་བསྟན་ཆོས་ལུགས་ཀྱིས་མིའི་རིགས་ཀྱི་འཚོ་གནས་ལ་འགན་འཁྲི་ཆེས་ཆེ་བ་བླངས་ཡོད། ད་ལྟའི་དུས་རབས་འདིར་ང་ཚོའི་འཛམ་གླིང་འདི་ཇི་འདྲ་ཞིག་ཏུ་འགྱུར་ཡོད་མེད་ཤེས་སོང་ངམ། དེ་ནི་མིའི་རིགས་ཀྱི་སྒེར་སེམས་དང་ང་རྒྱལ། འགྲན་སློང་དང་ཧམ་སེམས་ཀྱིས་མ་བཞག་པར་དོན་དངོས་དང་རྒྱུ་འབྲས་ལ་ཁྱད་དུ་གསོད་པའི་འབྱོར་ལྡན་རྣམས་ཀྱིས་ད་ལྟ་ལྗང་མདོག་གི་ང་ཚོའི་ཁྱིམ་གཞིས་གོ་ལ་ཆུང་ཆུང་འདི་ཉིད་ལ་ཁའི་སྤྲིན་ཚོམ་དང་རྩ་རྩེའི་ཟིལ་པ་བཞིན། འགུལ་ཡོམ་ཡོམ་དང་འདར་སིག་སིག་ངང་འཇིག་ལ་ཉེ་བའི་གནས་སུ་བསྐྱུར་ཚར་ཡོད། ཐུབ་བསྟན་རིང་ལུགས་ཀྱི་རྩ་བའི་སྙིང་དོན་ནི་མིའི་རིགས་ཀྱི་མཐར་ཐུག་གི་བདེ་སྐྱིད་འཚོལ་སྙེག་བྱེད་ཀྱི་ཡོད་སྟབས་དེ་བས་ཀྱང་གནས་སྐབས་ཀྱི་བདེ་སྐྱིད་ལ་ལོས་གཞོལ། དེ་ཡང་ཐུབ་བསྟན་རིང་ལུགས་ཀྱིས་ཞི་བདེ་དང་འཆམ་མཐུན་བསྐྲུན་ཞིང༌། གྲལ་རིམ་གྱི་དབྱེ་འབྱེད་དང་དབུལ་ཕྱུག་གི་བར་ཁྱད་རྨང་ནས་གཏོར་བ། རྣམ་རྟོག་དང་རྨོངས་དད་ཀྱི་བག་ཆགས་དྲུང་ནས་ཕྱུང་བ། རི་ལུང་དང་ཆུ་ཀླུང༌། སྐྱེ་དངོས་དང་འབྱུང་ཁམས་སོགས་འདོར་ན་ང་ཚོའི་ཕ་ཁྱིམ་ཆུང་ཆུང་འདི་ཉིད་སྲུང་སྐྱོབ་ཀྱི་ནུས་རྩལ་ཡང་རྩེར་འདོན་གྱིན་ཡོད། ཇི་སྲིད་ང་ཚོའི་གོ་ལ་འདི་ཉིད་སྲུང་སྐྱོབ་ཐུབ་པ་དེ་སྲིད་དུ་འགྲོ་བ་མིའི་རིགས་གཙོ་བོར་གྱུར་པའི་སྲོགས་ཆགས་རྣམས་ཀྱང་བདེ་བར་འཚོ་ཐུབ་ངེས་ཡིན།
       ༣  འོ་ན་ཐུབ་བསྟན་རིང་ལུགས་ཀྱིས་བོད་བཙན་པོའི་རྒྱལ་ཁམས་འདི་ཉིད་ཉམས་པར་གྱུར་པའི་རྐྱེན་རྩ་བྱས་ཡོད་དམ་མེད་ཅེས་ན། བྱས་ཡོད་པར་འདོད། དེ་ནི་འགྲོ་བ་མི་ཐུན་མོང་གི་བདེ་རྩར་མ་ལྟོས་པར་རང་གི་རྒྱལ་ཁབ་གཅིག་སྐྱོང་བར་བྱེད་པ་ལ་དམག་དཔུང་དང་གོ་མཚོན་ནི་མེད་ཐབས་མེད་མོད། འོན་ཀྱང་ཐུབ་བསྟན་རིང་ལུགས་ནི་ཉིན་དང་མཚན་དུ་དམག་དཔུང་དང་གོ་མཚོན་གྱི་ཁྱི་སྤྱང་དང་ལྡོག་ཕྱོགས་ནས་དེའི་སྒོ་ཁར་འགྲེངས་ནས་སྡོད་མཁན་གྱི་ཞི་བདེའི་རྔོན་པ་གྲགས་ཅན་དེ་ཡིན་པས་སོ། །ད་དུང་ཁྲོམ་དོང་གི་སྦལ་པ་ཆེས་མང་པོས་ནང་བསྟན་ཆོས་ལུགས་ཀྱི་ལས་རྒྱུ་འབྲས་ཞེས་གླེང་མ་ཐག །ཁ་གཉེར་སྣ་གཉེར་བྱེད་པ་ལས་དོན་དངོས་ལས་རྒྱུ་འབྲས་སམ་ལས་འབྲས་ཞེས་པའི་ཚིག་གི་སྒོ་ཁར་ཡང་སླེབས་མྱོང་མེད། ལས་སམ་རྒྱུ་ནི་རང་གིས་བསགས་པ་དང་གསོག་གིན་པའི་ལས་སམ་བྱ་བ་ཤིག་ལ་བརྗོད་ཀྱི་ཡོད་ཅིང༌། རང་གིས་གང་བསགས་པ་དང་གསོག་པའི་ལས་དེ་དེ་རིང་ཕན་ཆད་ཁྱེད་ཀྱི་ལུས་སེམས་ཀྱི་ཐོག་ཏུ་འབབ་ངེས་པའི་ལེགས་ཉེས་ཀྱི་ས་བོན་ནམ་རྒྱུ་ཡིན། དེ་ལས་བྱུང་བའི་སྐྱིད་སྡུག་ནི་རྒྱུ་ཚོགས་དེས་བསྐྲུན་པའི་བཟློག་མེད་ཀྱི་འབྲས་བུ་ཞིག་རེད། ནས་ཀྱི་ས་བོན་ལས་ནས་ཀྱི་མྱུ་གུ་བྱུང་བ་ལྟར་གྱི་དངོས་པོའི་གཤིས་ལུགས་དེར་འཚར་རྒྱུ་དང་འདྲོགས་རྒྱུ་ཅི་ཡང་མེད། བཟློག་མེད་ཀྱི་ཆོས་ཉིད་འདི་ཀོ་འཇུ་ན་སྨན་དང་མ་འཇུ་ན་དུག་ཏུ་གྱུར།
   ༤  གོ་བར་བྱ་རྒྱུར། རང་རེ་གངས་ཅན་ལྗོངས་ཀྱི་ཡུལ་སྲོལ་ལམ་གོམས་གཤིས་ཀྱི་ར་བ་ལས་ཡོངས་སུ་འདོར་དགོས་པའི་བསམ་བློ་དང་ལག་ལེན་ནི། ལྷ་གསོལ་དང་ཀླུ་གསོལ་གྱིས་ཡར་འདུར་དང་མར་འདུར། མོ་རྒྱག་དང་སྤྲ་ཕབ་ཀྱིས་ཡར་ཞུ་དང་མར་ཞུ། ལུས་སེམས་ཀྱིས་ལས་མི་དགོས་པར་ཁ་ཡིས་ཆོས་འཁོར། རི་བྲག་དང་ཆུ་ཀླུང་ཡོད་ཚད་ལ་མིང་འདོགས་ཀྱིས་མཇལ་བ། དགོན་པའི་གྲུ་ཟུར་གྱི་ཕ་བོང་དང་རྩིག་ལྡེབས་གང་འབུར་སར་མར་སྣུམ་དང༌། ཤོག་དངུལ་སྦྱར་ཏེ་མགོ་གཏུག་བྱེད་པ། རང་ཙོག་གེར་བསྡད་དེ་དཀོན་མཆོག་ཅེས་གྲིབ་གཟུགས་ཤིག་དང་རྨི་ལམ་ལྟ་བུར་རེ་བ་སོགས་ནི་ཐུབ་བསྟན་རིང་ལུགས་ལྟ་ཅི། མི་བུ་སྤྱིར་བཏང་བ་ཞིག་གིས་ཀྱང་ཕྲན་ཚེགས་ཀྱི་བདེ་སྐྱིད་སྒྲུབ་གཞི་ཙམ་ཡང་མི་འདོད། ད་དུང་བླ་མ་དང་སྤྲུལ་སྐུ་ཡི་ལོ་རྒྱུས་ལས་འཁྲུངས་འདས་ཀྱི་སྐབས་ཆར་བབས་ན་མེ་ཏོག་གི་ཆར་དང༌། འཇའ་ཟུག་ཚུལ་དང་ས་གཡོས་ཚུལ། རང་བྱུང་གི་གནས་ཚུལ་ཇི་ལྟར་བྱུང་ཡང་ཡོད་ཚད་དེའི་ནུས་མཐུས་བྱུང་རབས་ཀྱི་སྒྲོ་འདོགས་བྱེད་པ་སོགས་ཡིན། རང་ཉིད་ལ་བདེ་སྐྱིད་འཚོལ་འདོད་ན་རང་ཉིད་ཀྱིས་ལས་དགོས་པ་དེ་ནང་བསྟན་ཆོས་ལུགས་ཀྱི་དགོངས་དོན་རེད། ཁྱེད་ཀྱིས་མ་ལས་པར་སུས་ཀྱང་ཁྱེད་ཀྱི་སྤྱན་སྔར་བདེ་སྐྱིེད་ངོ་མ་ཞིག་སྟེར་མ་ཐུབ། དེ་ཡང་ཇི་སྐད་དུ། ངས་ནི་ཁྱེད་ལ་ཐར་པའི་ལམ་བསྟན་དེ།། ཐར་པ་རང་ལ་རག་ལས་འདི་ལས་ནི།། གཞན་གྱིས་གྲོགས་བགྱིར་ཅི་ཡང་མ་མཆིས་པས།། ཞེས་དང༌། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང༌།། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ།། ཞེས་པའི་ཚིག་རྐང་འདི་དག་གིས་རང་རེའི་གུ་དོག་གི་བསམ་བློའི་བློ་སྒོ་ཡོངས་སུ་འབྱེད་ཐུབ་པ་མ་ཟད། ཐུབ་བསྟན་རིང་ལུགས་ཀྱི་ཟབ་རྒྱ་དང་དོན་སྙིང་ལ་ངེས་ཤེས་རྣལ་མ་ཞིག་འདྲེན་ཐུབ།
     ༥  མདོར་ན་ཧོལ་རྒྱུགས་དང་ཨ་གསར། འུར་དཀྲོགས་ལ་དགའ་བའི་གཞོན་སྐྱེས་འགས་སེམས་རྣལ་དུ་མ་ཕབ་ཅིང༌། ཡིད་ལྷོད་པོར་འདུག་སྟེ་མ་དཔྱད་པར་ཤོག་བུ་རླུང་འཚང་བཞིན་གང་སར་ཁྱེར་སྟངས་འདིར་གཞིག་ན། མི་རིགས་འདིའི་ད་ལྟའི་མི་རབས་འདི་ཀོ་ནི་ལོ་རྒྱུས་ཐོག་བླ་ན་མེད་པའི་རིག་གཞུང་གཏོར་བརླག་གི་ཉེས་ཅན་པར་མི་འགྱུར་བའི་ངེས་པ་མི་འདུག་ན། ང་ཚོས་གཟབ་དགོས་ས་ཧ་ཅང་མང༌། ང་ཚོས་རང་གི་མིག་མདུན་གཅིག་པུར་མ་བལྟས་པར་དེང་རབས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ལ་བརྟག་ཞིབ་དང༌། ལྷག་དོན་བཟོ་ལས་དང་དཔལ་འབྱོར། ཚན་རྩལ་སོགས་ཆེས་ཡར་ཐོན་ཅན་གྱི་རྒྱལ་ཁབ་དེ་ཚོས་ཅི་ཞིག་ལས་ཀྱི་ཡོད་མེད། ཁོ་པ་ཚོའི་གསར་གཏོད་དང་བསམ་བློའི་འདུ་ཤེས་འཛིན་སྟངས། ཤེས་རིག་དང་དཔལ་ཡོན་གྱི་ལེགས་ཉེས་འབྱེད་སྟངས་སོགས་ལ་རྒྱུས་ལེན་མཐིལ་ཕྱིན་བྱས་ན། ད་གཟོད་ཅི་ཞིག་ཟོག་རྫུ་ཡིན་པ་དང་གང་ཞིག་ཕ་ལམ་ཡིན་པའི་ངོས་འཛིན་གསལ་པོར་འབྱེད་ཐུབ་སྙམ།།
                                                                                            ༢༠༠༩ ༦ ༢༥
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསམ་བློ་དང་ལྟ་བ།

2009-06-27 དབུས་ཕྲུག་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།