དཀའ་སྤྱད་པ་ཞིག་གི་གོམ་འགྲོས།

ཕུན་ཚོགས་བཀྲ་ཤིས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-06-19

      ལོ་ཤས་གོང་དུ་བོད་ཀྱི་རྩོམ་རིག་གར་སྟེགས་ཐོག་ཏུ་འཕྱུར་བའི་རྦ་རླབས་དེ་གཅིག་ལས་གཅིག་མཐོ་བ་དང་། དེང་དུས་ཡང་དེ་ནི་ཞི་འཇམ་གྱི་གནས་ཤིག་ཏུ་གྱུར།ལྷག་པར་བོད་རིག་གི་རྩོམ་རིག་ནི་དབེན་པོར་གནས་པའི་མཚེའུ་ཞིག་དང་འདྲ་བར་ཆགས་ནས་སྐྱེ་བོ་རྣམས་ཀྱི་སྣང་འཇོག་སྐོང་བའི་ནུས་པ་ཇེ་ཉམས་སུ་ཕྱིན།འདིའི་དུས་ལ་ངས་བློ་ཁོག་ཆེན་པོས་རྩོམ་རིག་གི་བྱ་བ་དང་དུ་བླངས་ནས་དབེན་གནས་ཀྱི་མཚེའུ་དེར་རྡོ་ཁ་ཤས་དབྱུག་སྟེ་སྐད་སྒྲ་དང་བཅས་པའི་སྒོར་གཟུགས་ཆུ་རིས་གྲངས་ཤས་བཏོན་པ་བྱས།

     བརྩམས་སྒྲུང་འབྲིང་གྲས<<སྒོ་རས་སྤང་རའི་སྐྱོ་གླུ་ལྷང་ལྷང>>དང་<<རྒྱུན་ལྡན་གྱི་ཉིན་མཚན>><<འདས་དོན་གྱི་འཆར་སྣང་>>སོགས་ཀྱིས་སྐྱེ་བོ་རྣམས་ཀྱི་སྣང་འཇོག་སྐོང་བ་དང་མི་ཚོས་བོད་ཀྱི་རྩོམ་རིག་གི་གར་སྟེགས་སུ་དཔྱིད་ཀ་གཉིས་པ་སླེབས་པའི་སྔོན་རྟགས་ཁུ་བྱུག་སླེབས་འདུག་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བ་དང་།མི་རྣམས་ཀྱིས་རྩོམ་རིག་གི་གར་སྟེགས་ལ་སྔར་ལས་ལྷག་པའི་དོ་སྣང་དང་།སེམས་རྩ་འཕེལ་པོས་དོ་ཁུར་བྱེད་ཀྱི་ཡོད།ཡང་གཏམ་བརྗོད་ཟློས་གར་ཐུང་གྲས<<ང་ཚོའི་མག་པ་སློབ་གྲྭ་ཆེན་མོ་བ་རེད>>ཅེས་པ་བོད་ཞི་བས་བཅིངས་བཀྲོལ་བཏང་ནས་ལོ་བཞི་བཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ལྗོངས་ཡོངས་ཀྱི་སྐབས་དང་པོའི་གཏམ་བརྗོད་ཟློས་གར་ཐུང་གྲས་ཀྱི་འགྲན་སྡུར་ནས་བྱ་དགའ་ཨང་དང་པོ་ཐོབ་པ་དང་།ཡང་གཏམ་བརྗོད་ཟློས་གར་ཐུང་གྲས་<<དགོད་བྲོ་བ་ཙམ་མ་ཡིན>>ཞེས་པ་༡༩༩༢ལོའི་ལྗོངས་ཡོངས་ཀྱི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་བརྙན་འཕྲིན་རིག་རྩལ་ལེ་ཚན་འགྲེམས་གཏོང་ནས་ཕུལ་བྱུང་གི་ལེ་ཚན་ནང་དུ་ཚུད་པ།ཡང་གཏམ་བརྗོད་ཟློས་གར་ཐུང་གྲས་<<འདི་བསྟན་བཤིག་སློང་བ་མ་རེད>>ཅེས་པ་༡༩༩༣ལོའི་ཞོ་སྟོན་གྱི་ལྗོངས་ཡོངས་ཀྱི་ཆེད་ལས་གཏམ་བརྗོད་ཟློས་གར་ཐུང་གྲས་ཀྱི་འགྲན་སྡུར་ནང་གསར་རྩོམ་གྱི་བྱ་དགའ་ཐོབ་པ་དང་།ཡང་བརྩམ་བྱ་དེ་༡༩༩༤ལོའི་བོད་ཀྱི་ལོ་གསར་གྱི་བརྙན་འཕྲིན་སྒྱུ་རྩལ་མཚན་ཚོགས་ཆེན་མོའི་ནང་བདམས་བཞུགས་བྱས་པ་དང་།མཚན་མོ་དེ་རང་དུ་བོད་ཀྱི་རྒྱ་ཆེའི་མི་དམངས་ཚོའི་སྤྲོ་བ་འཕེལ་བ་དང་།ལན་མང་གཟིགས་པར་འདོད་པའི་འཁྲབ་ཚན་ཞིག་ལ་གྱུར་ཞིང་།དེའི་ནང་གི་འཁྲབ་ཚིག་ཀྱང་རྒྱུན་ལྡན་འཚོ་བའི་ནང་དུ་སྐྱེ་བོ་རྣམས་ཀྱིས་ཀུ་རེའི་ཚུལ་དུ་གླེང་བཞིན་ཡོད།        ངས་སོ་སོས་འབད་པའི་ལས་ལ་གྲུབ་འབྲས་ཕྲན་ཙམ་ཐོབ་པའི་དགའ་ཚོར་ཡོང་དུས་རང་ཉིད་ཀྱི་སྐྱོད་མྱོང་བའི་ལོ་རྒྱུས་སེམས་དབུས་སུ་རྟག་ཏུ་འཆར་གྱི་འདུག ང་རང་༡༩༦༠ལོའི་ལོ་མགོར་གཙང་གནས་གཞིས་ཀ་རྩེར་སྐྱེས། ཡུལ་དེ་ནི་བོད་ཀྱི་རིག་གནས་ཀྱི་ལྟེ་བའི་གནས་བྱེ་བྲག་ཅིག་ཡིན་ཞིང་།ལོ་རྒྱུས་ཐོག་བོད་ཀྱི་རིག་གནས་ལ་ནུབ་མི་རུང་བའི་བྱས་པ་རླབས་ཆེན་འཇོག་མཁན་སྐྱེ་བོ་ཕུལ་བྱུང་འབོར་ཆེན་ཐོན་པའི་ལུང་བ་ཞིག་རེད།དུས་ཡུན་རིང་བའི་ལོ་རྒྱུས་ནང་གོམས་གཤིས་ཆགས་པའི་རྐྱེན་གྱིས་ངའི་ཕ་ཡུལ་གྱི་སྐྱེ་བོ་རྣམས་ལ་དཀའ་སྤྱད་བབ་ཆགས་དང་།ཡོན་ཏན་ལ་སྙིང་རུས་རྡོ་ལ་ཨི་ཁུང་འབིགས་པར་བྱེད་པའི་དབུ་བཙུགས་ལྡན་ཡོད་གཤིས་ཕྱི་ཡུལ་པ་རྣམས་ཀྱིས“བདག་ཚོ་གཙང་པའི་མི་ལ་ཨིའི་པག་བྱུང་ན་ལས་ལ་སྐྱུག་མ་བྲོ”ཞེས་འོ་ཅག་གཙང་བའི་སྙིང་རུས་དང་། བརྩོན་ཤུགས།བབ་ཆགས་ལ་སྨད་པའི་ཚུལ་གྱིས་བསྟོད་བསྔགས་གཏོང་གི་ཡོད།ཡུལ་གཤིས་ཀྱི་སྤྱོད་བཟང་དེ་འདྲ་ཞིག་གིས་ཤུགས་རྐྱེན་ཐེབས་པའི་དབང་གིས་ང་རང་ཆུང་བྱིས་པའི་དུས་ནས་སློབ་སྦྱོང་ལ་འབད་པ་དང་། ལྷག་པར་དུ་རིག་རྩལ་གྱི་བྱ་གཞག་ལ་ངང་བ་དཔལ་མཚོར་འཇུག་པ་ལྟར་གྱི་སྤྲོ་བའི་ངང་བཞུགས་ཀྱི་ཡོད། ངས་སློབ་ཆུང་དུས་ནས་སློབ་གྲྭའི་ནང་དུ་རིག་རྩལ་གྱི་བྱ་བ་བྱེད་མཁན་བྱེད་པ་དང་།དེ་ལྟར་རྒྱུན་རིང་དུ་རིག་རྩལ་གྱི་བྱ་གཞག་ལ་ཞུགས་པས་ཆུང་དུས་ནས་རང་རེའི་རིག་རྩལ་གྱི་བྱང་གོམས་བརྟན་པོ་ཆགས་པ་དང་། རིམ་གྱིས་གོང་མཐོར་འགྲོ་བ་བྱུང་།དེ་དུས་ང་ཚོའི་རིག་རྩལ་གྱི་དགེ་རྒན་ནི་གྲོང་གསེབ་ལ་ཁྱིམ་གཞིས་བཙུགས་མཁན་ནས་འཐེན་པའི་གཞོན་ནུ་ཤེས་ཡོན་ཅན་ཡིན་ཞིང་།ཁོ་ཚོ་ནི་མཁྱེན་སྟོབས་ཆེ་བ་དང་།ལྷག་པར་རིག་རྩལ་གྱི་བྱ་ཀུན་ལ་མི་ཤེས་པ་སྣེ་གཅིག་མེད་པ་ལྟར་དུ་ཤེས་ཡོན་སྣེ་འཛོམས་ཞིང་།ངས་ཁོང་ཚོའི་ཤེས་ཡོན་ལ་ཡིད་སྨོན་པ་དང་།རང་ཉིད་ཀྱང་ཁོ་ཚོ་བཞིན་དུ་རིག་རྩལ་གྱི་ཤེས་ཡོན་ཡོད་ན་ཅི་མ་རུང་སྙམ་གྱིན་ཡོད།ངས་ཁོང་ཚོར་ལད་ཟློས་བྱས་ནས་རིག་གནས་ཁག་ལ་སྦྱངས་པ་བྱས་པ་དང་།སྐབས་རེར་དགེ་རྒན་རྣམས་ཀྱང་སུན་སྣང་སྐྱེས་པའི་བར་དུ་ང་རང་གིས་འགོ་མ་ཚོད་པ་དང་།ཡ་མཚན་དུ་མཐོང་བའི་དོན་མང་པོ་སྐད་ཆ་དྲིས་ཀྱི་ཡོད།ངས་དུས་ད་ལྟའང་དེ་དུས་ཀྱི་བཤེས་གཉེན་དྲིན་ཆེན་དེ་ཚོའི་བཀའ་དྲིན་སེམས་དབུས་སུ་བཅངས་བཞིན་རྟག་ཏུ་བསམ་པར་ང་ལ་དེ་དུས་བློ་སྒོ་འབྱེད་པའི་བཤེས་གཉེན་འདི་འདྲ་མ་འཕྲད་ན་ད་ལྟའི་རིག་གནས་ཀྱི་བྱང་ཚད་ག་ལ་ཡོད།དེ་བས་གྲུབ་འབྲས་འདི་འདྲ་ག་ལ་ཐོབ་སྲིད།མ་མཐའ་ཡང་ང་རང་ལ་གྲུབ་འབྲས་ཐོབ་པའི་དུས་ཚོད་ལོ་ཤས་ཀྱིས་འཕྱི་བ་ཡོང་རྒྱུ་རེད་བསམ་གྱིན་འདུག

          ང་རང་ཆུང་དུས་སྐད་ཡིག་གི་སློབ་ཚན་ལ་ཤིན་ཏུ་དགའ་བ་དང་།རྟག་ཏུ་སློབ་དེབ་ནང་གི་སྒྲུང་གི་སློབ་ཚན་ལ་སེམས་གཡེངས་ནས་སྡོད་ཀྱི་ཡོད།ངས་རྩོམ་བྲིས་པའི་སྦྱོང་གཞི་ལེགས་སྒྲུབ་བྱེད་དུས་སློབ་ཕྲུག་གཞན་ལ་ཁྱད་ཆོས་ཆེ་བ་ཞིག་བྲིས་ཐུབ་ཀྱི་ཡོད་གཤིས་རྟག་ཏུ་དགེ་རྒན་གྱིས་བསྔགས་བརྗོད་ཐོབ་ཀྱི་ཡོད།དགེ་འོས་སློབ་གྲྭར་སློབ་སྦྱོང་བྱེད་དུས་ངའི་རྒྱ་ཡིག་གི་རྩོམ་ཡིག་ཞིག་ལ་བོད་སྐྱོར་དུ་ཕེས་པའི་རྒྱ་རིག་དགེ་རྒན་ཞིག་གིས་འདི་ནི་རྒྱ་ནག་གི་སློབ་ཕྲུག་གིས་བྲིས་པའི་རྩོམ་ལས་ཆུ་ཚད་མཐོ་བ་འདུག་ཅེས་བསྔགས་བརྗོད་གནང་བ་དང་།འཛིན་གྲྭ་ཡོངས་སུ་ཀློག་འདོན་གནང་ཡོད།དེ་ནི་ང་རང་ལ་ཆུ་ཚད་འདི་ཙམ་རྩ་བ་ནས་སླེབས་མེད་རུང་རྒན་ལགས་ཀྱིས་སྐུལ་མའི་དམིགས་ཡུལ་དུ་བསྔགས་པ་ཡིན་པ་ངེས་གཏན་རེད། ཡང་བོད་ཡིག་གི་སྦྱང་ཚན་བཀོད་སྒྲིག་ཞིག་ཏུ་རྒན་ལགས་ཀྱིས་ང་ཚོར་དམངས་ཁྲོད་ཀྱི་སྒྲུང་ཞིག་བསྡུ་རུ་བྱེད་དགོས་གསུངས།ངས་བསྡུ་རུ་བྱས་པའི་སྒྲུང་དེ་ནང་དོན་ཟབ་ལ་སྙན་ཞིང་།སྒྲིག་གཞི་གསལ་ལ་གོ་རིམ་ལྟར་ཆགས་པ་བྱུང་ནས་འཛིན་གྲྭའི་ནང་དུ་དཔེ་མཚོན་དུ་ཀློག་པ་དང་།བསྟོད་བསྔགས་གནང་ངོ་།།བསྔགས་བརྗོད་དེ་ཚོས་ང་རང་རྗེས་སུ་གསར་རྩོམ་གྱི་ལམ་བུར་ཞུགས་པར་སྐུལ་འདེད་ཆེན་པོ་ཐེབས་པ་སྨོས་ཅི་དགོས།དེ་དུས་ངས་རྒྱ་ཡིག་གི་བརྩམས་སྒྲུང་རིང་གྲས་<<ཆུ་ངོགས་གཏམ་རྒྱུད>>དང་།<<བྲག་དམར>><<ཀའོ་ཡུད་པའོ>><<ཁྱིམ་ཚང>><<ལང་ཚོའི་གླུ་གཞས>>སོགས་གོ་བ་ལེན་ཐུབ་ལ་མ་ཐུབ་ཀྱིས་ལྟ་ཀློག་བྱས་པ་དང་།ཡང་ངས་གློག་བརྙན་མང་དག་ཞིག་ལ་བལྟ་བཞིན་དེ་ཚོའི་ནང་དོན་དང་།སྒྱུ་རྩལ་ལ་ཡིད་དབང་འཕྲོག་ནས་སྡོད་དུས་ངས་ཀྱང་འདི་ལྟར་གྱི་དེབ་དང་རྩོམ་བྱ་བྲི་ཐུབ་ན་ཅི་མ་རུང་སྙམ་གྱིན་ཡོད།འདི་ལྟར་གྱི་འདུན་པ་དེ་ན་གཞོན་གྱི་ངའི་སེམས་ནང་དུ་དབྱར་རྒྱས་ཀྱི་ཆུ་བོ་ལྟར་དུ་འཕེལ་ནས་ངས་ཐེངས་ཤས་སོ་སོས་བརྩམས་སྒྲུང་འབྲི་བའི་བྱ་བ་བརྩམས་མྱོང་།འོན་ཀྱང་ངས་བྲིས་པའི་སྐབས་ལ་རང་ཉིད་ཀྱི་ཤེས་བྱ་དང་ད་དུང་ཡང་དམའ་ཞིང་།མི་གཞན་གྱི་མིག་རྣའི་གཡེང་བ་སྐོང་ཐུབ་པའི་རིག་རྩལ་གྱི་བརྩམ་བྱ་སྐྲུན་པར་ངེས་པར་དུ་མིའི་རྣམ་ཤེས་བཟོ་མཁན་གྱི་སྒྱུ་རྩལ་པ་ལ་ཁྱད་སྟོབས་ཀྱི་རིག་རྩལ་ཤེས་བྱ་ལྡན་དགོས་པ་མྱོང་ཚོར་ཟབ་མོ་བྱུང་།དེ་ནས་ངས་རང་ཉིད་མི་རབས་གསར་བའི་བློ་རིག་འབྱེད་པའི་དགེ་རྒན་བྱེད་པའི་ཞོར་ལ་སྦྱོང་ཚན་ཁག་རང་སྦྱོང་གིས་སློབ་གྲྭ་ཆེན་མོར་ཤེས་བྱའི་ནོར་བུ་ལེན་པར་འགྲོ་རྒྱུའི་ལྟ་གོན་ལ་འཇུག“བརྩོན་པས་བློ་ལྡན་སྐྱེ་བོར་གྱོང་གུད་མི་སྟེར”བའི་དཔེ་མཚུངས་སུ་༡༩༨༤ལོར་ང་རང་བོད་ལྗོངས་སློབ་གྲྭ་ཆེན་མོའི་རྒྱ་སྐད་ཡིག་རྩོམ་རིག་གི་ཚན་པར་ཚུད་ཐུབ་པ་བྱུང་།ངས་ཤེས་བྱའི་འབྱུང་གནས་འདིའི་ནང་དུ་བཀྲེས་ལྟོགས་པས་རྩམ་སྐྱ་ལ་འཐབ་པ་བཞིན་དུ་རྩོམ་རིག་གི་རིག་པའི་གཞུང་ལུགས་རྣམས་གོ་རིམ་ལྡན་པའི་ངང་སློབ་སྦྱོང་བྱས་པ་དང་།ཀྲུང་ཕྱིའི་གྲགས་ཅན་གྱི་རྩོམ་རིག་ཁག་ལྟ་ཀློག་བགྱིས་པ་ཡིན།དེ་ལྟར་སློབ་སྦྱོང་རྒྱུན་རིང་ཙམ་བྱས་པ་བརྒྱུད་ང་རང་གི་སླད་ཀྱི་རྩོམ་རིག་གསར་རྩོམ་གྱི་བྱ་བ་དང་དུ་ལེན་པར་རྨང་གཞི་བརྟན་མ་ཏིང་ཐུབ་པ་བྱུང་།ངས་༡༩༨༧ལོར་ཐེངས་དང་པོར་བརྩམས་སྒྲུང་ཐུང་གྲས་<<བསོད་རྡོར་དང་ཁོ་མོ་ཚོ>>བྲིས་ནས<<བོད་ཀྱི་རྩོམ་རིག་སྒྱུ་རྩལ>>ལ་བསྐུར་བ་དང་།དེ་ནས་བརྩམས་བྱ་དེ་དངོས་སུ་ཞྭ་ཉེའི་ཕར་མར་གྱུར་ནས་ང་རའི་མིག་སྣང་དུ་མཐོང་དུས་དགའ་བ་རབ་ཏུ་འཕེལ་བའི་མྱོང་བ་ནི་ངག་ལས་བརྗོད་མ་ཤེས་པ་ཞིག་རང་རེད།དེ་ནས་ང་རང་པེ་ཅན་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་སུ་ལས་ཀར་སྐྱོད།དེ་གར་ངས་བོད་ཀྱི་རིག་གནས་དང་།ཆོས་ལུགས།ལོ་རྒྱུས་སོགས་ཀྱི་ཤེས་བྱ་མང་པོ་ཉན་ཤེས་ཐུབ་ནས་ང་རའི་སླད་ཀྱི་གསར་རྩོམ་བརྩམ་བྱར་གཏིང་ཚད་དང་གནས་ཚད་ཡོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་། དེ་རྗེས་ངས་ལོ་ཤས་རིང་ལ་འབད་བརྩོན་བྱས་ནས་བརྩམ་སྒྲུང་འབྲིང་ཐུང་བསྡོམས་གྲངས་བཅོ་ལྔ་ཙམ་སྤེལ་བ་དང་།གཏམ་བརྗོད་ཟློས་གར་ཐུང་གྲས་དང་།དགོས་བྲོའི་གཏམ་གླེང་།གཞས་ཚིག་སོགས་མང་དག་བྲིས་ནས་འཁྲབ་སྟོན་བྱས་པ་དང་།རིག་རྩལ་སྐོར་གྱི་དཔྱད་གཏམ་གཉིས་སྤེལ་བ་དེའི་ནང་ནས་<<ལྷ་མོའི་འཁྲབ་གཞུང་གི་མི་སྣའི་གཟུགས་བརྙན་སྐོར་གླེང་བ>>ཞེས་པར་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་རིག་དཔྱད་ཚོགས་འདུའི་ཐོག་ཏུ་བྱ་དགའ་ཨང་གཉིས་པ་ཐོབ་བྱུང་།

          རིག་རྩལ་གསར་རྩོམ་གྱི་བྱ་བ་ནི་མི་རྣམས་ཀྱིས་ཡིད་སྨོན་བྱེད་ཅིང་།ཡང་བྱ་བ་དེར་གྲུབ་འབྲས་ཐོབ་མཁན་ནི་ཧ་ཅང་ཉུང་ཉུང་རེད།དེ་ནི་གང་ལགས་ཟེར་ན།གསར་རྩོམ་བྱེད་མཁན་ལ་སྤྱིར་བཏང་གི་སྐྱེ་བོ་ལས་ལྷག་པའི་རིག་གནས་ཀུན་གྱི་བྱང་ཚད་ལྡན་དགོས་པ་ཕུད་ད་དུང་མི་གཞན་ལས་སྡུག་རུས་ཐེག་པ་དང་།རྟག་ཏུ་སིམ་དབེན་པོའི་གནས་དང་འགྲོགས་པའི་གོམས་གཤིས་དགོས།ལྷག་པར་དུ་དེང་སྐབས་མིག་གིས་མཐོང་བའི་སར་རྒྱན་པོ་འཇོག་པ་དང་།འདུས་པ་ལྟ་བ་སོགས་ཀྱི་སྐྱེ་བོ་ཕལ་བའི་སྤྱོད་པས་ཡུལ་ཁམས་ཁེངས་པའི་སྐབས་ལ་དེ་བས་རང་གིས་གཅུན་ནས་སོ་སོའི་སེམས་པའི་འཆར་བཀོད་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་ཐུབ་པ་དང་།གྱོང་གུད་ཁྱེར་ཐུབ་པ།སྡུག་རུས་བྱེད་ཐུབ་པ་བཅས་དགོས།དེང་སྐབས་མི་རྣམས་ཀྱིས་ཀུན་དགའ་བདེ་ལེགས་ལ་སྔར་བྱུང་མྱོང་མེད་པའི་ཆགས་ཞེན་དང་འཚོལ་ལེན་བྱེད་ཅིང་། རིག་གནས་ལ་རྫ་ཐང་ཆག་ནས་ཧ་ལམ་སྤྱི་ཚོགས་ཐོག་ཏུ་མི་གནས་དགོས་མེད་དུ་གྱུར་བ་ལྟར་དུ་སྣང་།འོན་ཀྱང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་ནས་ར་སྤྲོད་བྱུང་བར་དངོས་པོའི་དར་རྒྱས་དང་།བསམ་པའི་དར་རྒྱས་གཉིས་ཀ་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་དང་།དངོས་པོའི་སྤྲང་པོ་དང་།བསམ་པའི་སྤྲང་པོ་ནི་ཉིན་བཞིན་འཕེལ་རྒྱས་སུ་འགྲོ་བའི་སྤྱི་ཚོགས་ཀྱིས་རིང་དུ་སྐྱུར་བའི་སྤྲང་པོ་རིགས་གཉིས་གནས་པོ་དེ་རེད། ང་རང་མི་རིགས་ཀྱི་རིག་གནས་གོང་འཕེལ་འགྲོ་ཕྱིར་རིག་རྩལ་གསར་རྩོམ་གྱི་ལམ་བུ་འདིར་སྐྱོད་རྒྱུ་བདམས་ཟིན་པ་ཡིན།

        ང་ཆེས་དགའ་བའི་ལེགས་བཤད་ནི།བྱས་པའི་ལས་ལ་གྲུབ་པའི་འབྲས་བུ་དགོས། ཁོང་ཁྲོ་སྐྱེས་པའི་སྤྱོད་པ་ནི་མི་ཚེ་ཉི་མ་གང་འཁྱོལ་བྱེད་པ་སོགས་ཡིན།རང་གི་རྩོམ་རིག་ནང་ནས་འདོད་བློ་ཁེངས་ཤོས་ནི།<<འདས་དོན་གྱི་འཆར་སྣང>>ཞེས་པ་དེ་ཡིན། འདོད་བློ་མི་ཁེངས་པ་ནི། <<འགྱོད་སེམས>>ཞེས་པ་དེའོ།།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཀའ་སྤྱད་པ་ཞིག་གི་གོམ་འགྲོས།

2009-06-19 ཕུན་ཚོགས་བཀྲ་ཤིས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།