འཁྲབ་སྟོན་པ་སོགས་ལ་བགྲོ་གླེང་བ།

_______གླུ་མ་བསོད་ནམས་དབང་མོ་ལ་དཔྱད་བརྗོད་དང་དེ་ལས་འཕྲོས་པའི་གཏམ།

༢༠༠༢ལོའི་ཟླཔའི་ཚེས༡༡ཉིན་གྱི་དགོང་མོའི་ཆུ་ཚོད༡༡ཡས་མས་སུ།བསོད་ནམས་དབང་མོ་ཟེར་བའི་བོད་རང་སྐྱོང་ལྗོངས་ཀྱི་གླུ་མ་ཞིག་གིས།ཀྲུང་གོ་ཀྲུང་དབྱང་བརྙན་འཕྲིན་ཁང་ནས་ཀྲུང་གོའི་གཞོན་རབས་གླུ་པའི་བརྙན་འཕྲིན་གཟེངས་འགྲན་ཆེན་མོ་ཐེངས་བཅུ་པའི་ལས་ཞོར་ཚན་ཆུང་གི་མི་རིགས་ལེན་སྟངས་འགྲན་བསྡུར་ཁྲོད་གཟེངས་རྟགས་ཨང་དང་པོ་བླངས་སོང་།

ཆ་རྐྱེན།འདྲེན་བཀུག་བསྒྱུར་ལྟེངས་སོགས་སྐད་ཀྱི་དབྱངས་ནི་འགྱུར་ཁུགས་ཆེ་ཞིང་འདེགས་འཇོག་འཚལ་ལ།དབྱངས་ཀྱི་སྐྱེ་གནས་རྔམས་དང་ཟབས་སུ་ཕྱིན་ཅིང་བསྟོད་སྨད་བར་མའི་འཇུག་ལྡོག་རང་དབང་ཡིན་པ། སྒྲ་སྤུས་དང་སྒྲ་མདངས་གཙང་ཞིང་དག་ལ་མཉེན་ཟླུམ་དང་བརྩེགས་མ་ལུ་གུའི་རྒྱུད་དུ་ཡོད་པ།སྒྲ་དོན་དང་གཅོད་མཚམས་མ་ཉམས།མ་འགལ།མ་སྟོངས་ལ།མགྲིན་པའམ་གྲེ་ངག་བདེ་ཞིང་ཁ་ཁེངས་པའི་གདངས་ཀྱི་ངོ་བོ་གསལ་དྭངས་འཁྲོལ་བའི་ལྷན་སྐྱེས་ལ།མཉེན་འཇེབས་སྙན་ཆའི་ཡན་ལག་རབ་ཏུ་རྫོགས་པ་སོགས་ཕུལ་བྱུང་གི་ཁྱད་ཆོས་མང་པོས་མངོན་པར་མཛེས་པས་ཤན་དཔྱོད་ཨུ་ཡོན(评委)རྣམས་ཀྱིས་ཀྱང་།དབྱངས་ཀྱི་འཕེལ་འགྲིབ་དང་མགྱོགས་བུལ་རན་པ།ཟོལ་བཅོས་བཙིར་འདོན་མིན་པར་ལྷུགས་པ་རྐྱང་ཡིན་པ།གླུ་ཚིག་གསལ་ཞིང་ཟུར་ཕྱིན་ལ་ཟློས་པ་དང་ལྷན་སྐྱོན་གྱིས་མ་གོས་པ།རྣམ་འགྱུར་ཡ་ཡོ་བཞིན་སྡུད་དང་དངངས་འཚབ་གང་ཡང་མེད་པར་རང་བྱོན་གྱི་ཁྱད་ཆོས་གཤིས་སུ་གྲུབ་ཡོད་ཅེས་འགྲན་བསྡུར་ལ་ཞུགས་པའི་གླུ་པ་གླུ་མ་ཀུན་གྱི་གཟེངས་སུ་བསྟད་དོ།།

གལ་ཆེན་རང་བཞིན།ཀྲུང་གོ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་བརྙན་འཕྲིན་ཁྱབ་རྒྱ་ནི་ས་ཁོངས་དང་མི་གྲངས་ཉིས་ཆ་ནས་བལྟས་ཀྱང་འཛམ་གླིང་གི་བརྙན་འཕྲིན་ཁྱབ་མཐོ་ཤོས་ཀྱི་གྲས་ཡིན་གྱི་རེད།དེ་ལས།ལོ་གཉིས་རེའི་མཚམས་ལ་ཐེངས་རེ་འགྲན་པའི་ལས་ཞོར་གླུ་པའི་བརྙན་འཕྲིན་འགྲན་བསྡུར་ཆེན་མོ་ལ་དོ་ཁུར་དང་ཡིད་འཇོག་བྱེད་མཁན་གྱི་མི་ནི་ནམ་རྒྱུན་ལས་ལྡབ་འགྱུར་གྱིས་མང་ཚོད་རེད།རྒྱུ་མཚན་ནི་ལས་ཞོར་གླུ་འགྲན་ཆེན་མོ་དེས་མ་མཐར་ཡང་ཆ་གཅིག་ནས་མི་གསར་གླུ་གསར་བསལ་འཕུད་རྒྱག་གི་ཡོད་པ་དང་།ཆ་གཞན་ཞིག་ནས་ཀྲུང་གོའི་རོལ་དབྱངས་སྒྱུ་རྩལ་གྱི་འཕེལ་རྒྱས་ཆུ་ཚད་མཚོན་གྱི་ཡོད་པས།ཕྱི་ནང་མཁས་བླུན་ཀུན་གྱིས་གདེང་འཇོག་སྣ་ཚོགས་བྱེད་སྲིད་ཅིང་ལྟ་མཁན་དེ་བས་ཀྱང་མང་བ་རེད།ཡོངས་ཁྱབ་ཁྲོམ་བསྒྲགས་དང་།སྤྱི་སྙོམས་རིས་མེད།དྲང་པོ་དྲང་གཞག་ཡིན་པའི་བརྙན་འཕྲིན་འགྲན་བསྡུར་གྱི་ཁྲོད་ནས་གླུ་པའི་གསེར་གྱི་གཟེངས་རྟགས་ལེན་རྒྱུ་ནི་སླ་མོ་བདེ་མོ་མིན་པ་སྨོས་མི་དགོས་པ་ཞིག་དང་།ལྟ་མཁན་མང་ཞིང་ཁྱབ་རྒྱ་ཆེ་བའི་འགྲན་བསྡུར་དེ་ལྟ་བུར་ཞུགས་ཚེ།གླུ་པ་གླུ་མས་མི་སྒེར་གྱི་གཤིས་སྤྱོད་དང་ཆུ་ཚོད་ཁོ་ན་མཚོན་པ་ཙམ་མ་ཡིན་པར།སྒྲ་རོལ་དབྱངས་ནས་དོན་ཚིག་སྦྱོར་བར་དང་། ཕྱི་ཆ་ལུགས་ནས་ནང་འགྱུར་བའི་བར།དེ་མིན་ཉམས་འགྱུར་དང་འགུལ་སྟངས་གང་ཡིན་ཀྱང་མི་རིགས་གང་དེའི་ཚབ་ཏུ་འགྲེང་ཐུབ་པ་དགོས་པས།རིག་གནས་ཁྱབ་སྒྲོག་བརྒྱུད་སྤེལ་བྱེད་མཁན་གྱི་གླུ་པ་ཞིག་ལ་མཚོན་ན། རང་ཉིད་ཀྱི་གཟུགས་བཟོ་ལ་ངེས་པར་བློ་ཡིད་གཟབ་དགོས་པ་ཁོ་ཐག་རེད།

དཔྱད་བརྗོད་དང་པོ།

ཚངས་པའི་གདངས་དབྱངས་ཟེར་ཡང་འགྲོ་མིའི་རྣ་བས་ཐོས་མེད་ཅིང་།ཁུ་བྱུག་གསུང་སྙན་ཟེར་ཡང་འདབ་ཆགས་བྱ་ཡི་མགྲིན་པ་ཙམ་རེད།ཆེད་མཁས་པ་རྣམས་ཐུགས་དགོངས་དགྱེས།ཉན་པོ་རྣམས་ཀྱི་དང་བ་འདྲེན།རིགས་མི་མཐུན་ཡང་དགའ་མོས་སྒྲོག མཁས་རྨོངས་ཀུན་གྱི་ཡིད་དབང་འཕྲོག་པའི་གླུ་སྐད་དེས།ཨ་ཤེ་ཡ་གླིང་ཆེན་ཤར་མའི་མཁའ་དབྱིངས་སྐད་ཅིག་གིས་བརྟོལ་ཏེ་འཛམ་གླིང་ཟླུམ་པོའི་ཡུལ་གྲུ་ཀུན་ཏུ་སྲོག་ལྡན་སྙན་དབང་གསོ་བའི་བདུད་རྩིའི་དོད་དུ་ཆས་སོང་།རོལ་དབྱངས་ཆེད་མཁས་བཅུ་ཕྲག་ལྷག་གིས་མགྲིན་གཅིག་ཏུ་བསྔགས་པ་བརྗོད་པའི་གདངས་དབྱངས་དེ་ནི།རི་མཐོ་ལ་ས་གཙང་ཞིང་།ཁོད་ཡངས་ལ་ཉི་མ་དང་ཐག་ཉེ་བའི་ས་སྟེ།རྒོད་པོ་གཤོག་འགྱུར་བྱེད་ས། འབྲོང་གཡག་ངུར་སྐད་སྒྲོག་ས། སྲོག་ལྡན་བག་ཡངས་རྒྱུ་ས། མཚོ་མོ་རྫིང་དུ་འཁྱིལ་ས། རི་རྒྱལ་གང་ཆེ་འགྲན་སའི་ཡུལ་གྲུ་ནས། འཇམ་གཉེན་རྩྭ་ལྗང་མྱུ་གུའི་ཚེ་སྲོག་ཁྲི་འབུམ་གདན་ལ་བཏིངས་ཏེ། རྒན་པོ་ཧི་མ་ལ་ཡའི་གཏེར་བུམ་གྱི་བདུད་རྩི་ངང་གིས་འཐུངས་ཤིང་།དབྱང་ལྡན་མཁའ་དབུགས་གཙང་མའི་ཟས་སྦྱིན་རྩོལ་མེད་ཁམ་དུ་ཟ་བཞིན།ཟེར་གསལ་ཉི་ཟླའི་དྲོད་བསིལ་ཐད་ཐད་དུ་ལོངས་སྤྱོད་པའི་གནས་ཁྱད་པར་བ་འདི་ནས་བསྐྱེད་ཅིང་ཐོན་པ་ཡིན་ཕྱིར་གཞན་གྱིས་བསྒྲུན་དུ་མེད་པ་ལ་ངོ་མཚར་རྒྱུ་ཅི་ཡོད་།དཔྱོད་བྲལ་རང་བྱུང་ཆེན་མོའི་གཟི་རླབས་ཀྱིས་བཞེངས་པའི་སྐད་གདངས་བཟོ་བཀོད་དེ་ནི་གསང་མཐོ་སྐད་ཀྱི་བདག་མོ་ཁོ་མོས་བཤད་པ་བཞིན།“གར་ཡང་མ་ཕྱིན།གང་གིས་མ་བསླབས།གང་ནས་ཀྱང་མ་སྦྱངས”ཞེས་པ་ལྟར་བྱེད་པོ་གཞན་དང་རྐྱེན་གཞན་གྱིས་མ་བསྒྱུར་པ།མ་བཅོས་པ།མ་འདྲེས་པ།འབྱུང་པ་ལྷན་སྐྱེས་གཤིས་ཀྱི་མགྲིན་པ་ལྷད་མེད་དངོས་རེད།དེར་སྒྲ་དབྱངས་ལྷ་མོ་ཡིས་ཀྱང་ཅི་བྱར་ཡོད།བྱང་ཐང་ཡངས་པོའི་པང་རུམ་ནས་སྦྲུམ་ཞིང་།གཉན་ཆེན་ཐང་ལྷའི་པི་ཝང་དུ་འཁུམས་པའི་ཐུན་མིན་གླུ་སྐད་དེ་ཡིས།མི་ཚེའི་དོན་སྙིང་གི་ཆེས་གཏིང་རིམ་གྱི་བདེན་པའི་ངོ་བོ་རྗེན་གཟུགས་སུ་ཕབ་ལ།དཀའ་སྡུག་ཆེ་བའི་རླབས་ཆེན་འཚོ་གནས་ཀྱི་ལོ་རྒྱུས་འཁོར་ལོ་གདངས་དབྱངས་ལ་བཀུག་ཅིང་།ངོ་མཚར་གསང་ལྐོག་བྱེ་བའི་རྒྱུ་རུ་གྱུར་པའི་ཚེ་སྲོག་ལ་བསྟོད་གླུ་ཕུལ་པའང་རེད།ཆུ་མགོ་གངས་ལ་གཏུག་པ་བཞིན།གདངས་དབྱངས་དེ་ཉིད་ཐེ་བའི་འུ་ཚོའི“ཐུན་མོང་མ་ཡིན་པར”མཐའ་དག་གི་རྩ་བའམ་རྟེན་གཞི་ནི་གཤིན་ཅིང་སྣུམ་པའི་རང་ཡུལ་མཐོ་སྒང་ལས་མ་འདས་པས།དགའ་བ་ཡོད་ཚད་འདི་ལ་བསྒོམས་ཤིང་མོས་པ་ཡོད་ཚད་འདི་ལ་བསྐྱེད་ན་ཅི་འདྲའི་འོས་ཤིང་འཚམ་ལ་ལུགས་དང་མཐུན་པ་ཞིག་རེད་ཨང་།

དཔྱད་བརྗོད་གཉིས་པ།

“འགྲན་བསྡུར་གྱི་སྐབས་སུ་བཞིན་ལུས་ལྷོད་བག་ལྡན་ཞིང་ཟོལ་གྱིས་མ་བཅོས་པ་དང་།ངང་རྒྱུད་ཞི་དུལ་བབ་ཆགས་ལ།སྨྲ་བ་ཉུང་ཞིང་གཅོམ་སྐྱུང་འཛེམ་བག་དང་བཅས་འདུག”ཅེས་པ་ནི་ཤན་དཔྱོད་ཨུ་ཡོན་དང་ལེ་ཚན་འགོ་འཛིན་པ་དག་གིས་བསོད་ནམས་དབང་མོ་ལ་གདེང་འཇོག་བྱས་པའི་སྐད་ཆ་རེད།དེའི་མཚུངས་སུ།བརྙན་འཕྲིན་ལ་ལྟ་མཁན་མང་ཤོས་ཀྱིས་ཀྱང་ཁོ་མོ“རང་ཉིད་ཆེས་དགའ་བའི་གླུ་པར”བདམས་སོང་།གལ་ཏེ།ལྟ་མཁན་མང་ཆེ་ཤོས་གོང་གི་གདེང་འཇོག་བྱས་པའི་ངང་ཚུལ་དེར་དགའ་བ་ཡིན་ན།ཁོ་ཚོ་དགའ་ས་ནི་བསོད་ནམས་དབང་མོས་བླངས་པའི་གླུ་དབྱངས་དང་བསོད་ནམས་དབང་མོས་མཚོན་པའི་བུད་མེད་ཀྱི་མི་གཤིས་(人品)དང་། མི་གཞི(人格)མིའི་རང་བཞིན(人性)གྱི་མཛེས་སྡུག་ཅིག་ལ་དགའ་གི་ཡོད་པ་འདྲ། དེ་ཡང་མཐར་གཏུགས་ནས་བཤད་ན།ཁོ་ཚོ་ནི་ཁོ་ཚོས་ཡུན་རིང་མ་མཐོང་བའི་བུད་མེད་ཀྱི་ལྷན་སྐྱེས་ཀྱི་རིག་གནས་མངོན་སྟངས་ཤིག་ལ་དགའ་གི་ཡོད་པ་འདྲ།དེ་ཡང་།བསོད་ནམས་དབང་མོའི་གཤིས་སྤྱོད་ཀྱིས་བོད་མིའི་རིག་གནས་ཤིག་མཚོན་གི་འདུག་སྟེ།བཤད་ཚུལ་ཞིག་ལ།འགྲོ་བ་མིའི་རིགས་ཀྱི་སྤྱན་མིག་ནི་ནང་སེམས་པའི་སྒེའུ་ཁུང་རེད་ཅེས་ཟེར་སྲོལ་འདུགདེ་བཞིན་དུ་འགྲོ་བ་མིའི་རིགས་ཀྱིས་བཞིན་རས་ནི་ནང་སེམས་ཀྱི་མེ་ལོང་རེད་ཅེས་ཀྱང་ཟེར་ཆོག་ཆོག་རེད།ཁོ་བོས་བལྟས་ན།བསོད་ནམས་དབང་མོའི་བྱམས་བརྩེ་སྙིང་ཉེའི་འོད་གོར་འཁྱིལ་བའི་མིག་ཟུང་དང་།རྣམ་དག་གཉུག་མ་གཤིས་ཀྱིས་གཤིན་པའི་བཞིན་རས།ད་དུང་མངོན་ཆུང་ཁ་སྐྱེངས་ཀྱི་ཉམས་སྣང་གིས་ཅུང་ཟད་སྤྲས་པའི་འཛུམ་མདངས་དང་བཅས་པ་ནི།རི་ཚོགས་དང་འགྲོགས་པའི་མི་རྣམས་དང་ཁྱད་པར་དུ་རི་ཚོགས་དང་ཡུན་རིང་འགྲོགས་པའི་བུད་མེད་ཀྱི་ལྷན་སྐྱེས་མཛེས་སྡུག་གམ་ནང་སེམས་ཀྱི་རིག་གནས་མཚོན་བྱེད་ཅིག་རེད།དེ་ནི་བོད་མིའི་བུད་མེད་ཀྱི་སྤྱི་མཚན་དང་མཚོན་དཔེ་རེད་ལ་“མེ་ལོང་”ཡང་རེད།གང་ཡང་མི་མཐུན་མེད་པའི་བཞིན་མིག་དང་།ཅི་ཡང་ཟོལ་མེད་ལྷུགས་པོའི་རྣམ་འགྱུར་དག་གིས།ཐོག་མཐའ་ཀུན་ཏུ་བོད་མིའི་མི་གཤིས་ཤིག་དང་།བོད་མིའི་མི་གཞི་ཞིག བོད་མིའི་མིའི་རང་བཞིན་གྱི་ཁྱད་གཤིས་ཤིག་མཚོན་གྱི་འདུག དེ་མཐའ་དག་གི་རྨང་གཞིའམ་དེ་ཉིད་འདེགས་ཤིང་སྐྱོར་བའི་བྱེད་པོ་ནི་རིག་གནས་ཀྱི་རྒྱབ་རྩ་མཐུག་པོ་ཞིག་ཡིན་པ་སྨོས་མ་དགོས་པ་རེད།

མི་བུ་སུ་ཡིན་ཀྱང་རུང་གི དེའི་བཞིན་རས་དང་སྤྱན་མིག་གི་ཉམས་འགྱུར་ལས་ཁོ་པའི་ནང་སེམས་པའི་རིག་གནས་ཀྱི་རྒྱབ་ལྗོངས་དང་།བསམ་བློའི་ཞིང་ས།སེམས་ཁམས་ཀྱི་འགྱུར་བ་སོགས་རྟོགས་ནུས་པ་རེད།འོ་ན།བསོད་ནམས་དབང་མོའི་བཞིན་རས་ཀྱི་དཀྱིལ་འཁོར་དང་སྤྱན་མིག་གི་འབྱེད་འཛུམ་ལས་རིག་གནས་ག་འདྲ་མཐོང་ཐུབ་པ་རེད་ཟེར་ན། དེ་ནི་མཉེས་གཤིན་དང་། ཁྲེལ་ཡོད། གཞུང་དྲང་།བྱམས་བརྩེ། ལྷད་མེད།ཞི་དུལ།བབ་ཆགས།བློ་བརྟན་འགྱུར་མེད།སྒམ་དཀྱེལ་ཆེ་བ།དཀྱེལ་ཡངས་པ།གསོག་གསོབ་མེད་པ།གཡོ་སྒྱུ་མེད་པ།བཅོས་མ་མིན་པ།མི་ཚེ་ལ་མོས་པ།ཚེ་སྲོག་ལ་ཞེན་པ།རང་བྱུང་ལ་དགའ་བ།ཡ་རབས་ལ་འདུན་པ།རང་དབང་ལ་བརྩོན་པ་སོགས་ཀྱིས་བསྡུས་པའི་བོད་མིའི་བུད་མེད་ཀྱི་རང་བཞིན་གཤིས་ཀྱི་རིག་གནས་སམ་མཛེས་སྡུག་ཅིག་མཐོང་འོང་གི་འདུག རིག་གནས་དེ་ནི་བུད་མེད་ཀྱི་ཀུན་གཞི་ལྷན་སྐྱེས་དང་འགྲོགས་པའི་རིག་གནས་ཤིག་ཡིན་པ་དང་།གཞན་གྱིས་མ་ལྷད།མ་བསླུ།མ་བསྣོགས་པའི་བོད་མིའི་བུད་མེད་ཀྱི་ཡོན་ཏན་རྐྱང་རེད།བུད་མེད་རྣམས་ཀྱིས་འཛིན་དགོས་པའི་ཁྱད་ཆོས་དེ་རྣམས་རེད་ལ།བུད་མེད་རྣམས་ཀྱིས་སྤེལ་དགོས་པའི་གཤིས་སྤྱོད་ཀྱང་དེ་རྣམས་རེད།དེ་དག་ཡོད་པས་བུད་མེད་རྣམས་མཛེས་སྡུག་གི་བདག་མོར་གྱུར་ཅིང་འཇིག་རྟེན་གྱི་རྒྱན་དུའང་གྱུར་པ་རེད།འུ་ཚོས་ངོམ་ཆོག་ཆོག་གི་ཐུན་མོང་མ་ཡིན་པ་ཞེས་པ་འདི་ལྟ་བུ་ཞིག་ལ་ངོས་བཟུང་ན་ད་གཟོད་འགྲིག་འདུག་པ་རེད་སྙམ།

གང་ཡང་ཡོན་ཏན་དེ་འདྲ་ཡོད་པ་གཞིར་བཞག་གི་སྟེང་ལ།རབ་ཡིན་ན་བློ་སྦྱོང་དང་འབྱུང་སྤུས་ཚད་ལྡན་ཞིག་ཡོད་ཅིང་གློད་གྲོལ(开放)གྱི་རང་གཤིས་སམ་དེང་རབས་ཀྱི་ཉམས་བག་ཅུང་ཙམ་ལྡན་པ་ཡིན་ན། རླབས་ཆེ་ཞིང་ཚེ་སྲོག་སྐྱེད་ཡུལ་མམ་ “འཇིག་རྟེན་ཕྱེད་ཀའི”བདག་མོ་དེ་ལས་ལྷག་པ་གཞན་གང་དུ་འཚོལ་ཏེ། བཙལ་ཀྱང་ངལ་བ་འབྲས་མེད་ཡིན་གྱི་རེད།སྒྱུ་རྩལ་མཁན་རྣམས་ཐེ་བའི་ཡོ་རོབ་ཀྱི་མཁས་བླུན་ཐམས་ཅད་ཀྱི་དང་བ་དྲངས་ཤིང་།དཔྱད་བརྗོད་སྣ་ཚོགས་སྤེལ་མྱོང་བའི་དབྱི་ཐ་ལིའི་རིག་གནས་མི་བོ་ཆེ་ཏ་ཧྥེན་ཆི་ཡིས་བཞེངས་པའི་<<མོ་ལ་ལི་སའ>>ཞེས་པའི་སྣུམ་ཚོན་རི་མོས་བརྗོད་འདོད་པའང་ཕལ་ཆེར་འགྲོ་བ་མིའི་རིགས་ཀྱི་རང་བྱུང་ལྷན་སྐྱེས་ཀྱི་ལེགས་པའི་ཆའམ་མཛེས་པའི་ཆ་འདི་དག་ཡིན་གྱི་རེད།ཁོ་ཚོས་འགྲོ་མོའི་ལྷན་སྐྱེས་ཀྱི་མཛེས་སྡུག་གི་ཆ་དེ་སྣུམ་ཚོན་རི་མོའི“རྟག་གཏན་ཐེར་ཟུག་གི་འཛུམ་མདངས”ཙམ་ནས་མ་གཏོགས་མྱོང་རོལ་བྱེད་མི་ཐུབ་པ་ཡིན་ན།འུ་ཚོས་ནམ་རྒྱུན་གྱི་འཚོ་བའི་ཁྲོད་ནས་ཕུལ་བྱུང་གི་མཛེས་སྡུག་དེ་རྣམས་ཐད་ཐད་དུ་མཐོང་ཐུབ་སྟེ།ཅིའི་ཕྱིར་ཞེ་ན།<<མོ་ལ་ལི་སའ>>ཡི་གདོང་གི་མཛེས་སྡུག་ཡོངས་སུ་རྫོགས་པའི་བོད་མིའི་བུད་མེད་རྣམས་ནི་རི་ཚོགས་ཀྱི་གླིང་ན་ག་སར་གསོན་པོར་རྒྱུ་བས་སོ།།(འུ་ཚོའི་རྩོམ་རིག་སྒྱུ་རྩལ་པ་རྣམས་ཀྱིས་བུད་མེད་ཀྱི་ཡོན་ཏན་ནམ་མཛེས་སྡུག་འདི་དག་ཇི་མ་ཇི་བཞིན་སྒྱུ་རྩལ་གྱི་ལམ་ནས་དཔེ་གཟུགས་སུ་སྟོན་ཐུབ་ཅི་མ་རུང་ཨང་། དེ་ལྟར་ནུས་ན་ཁྱད་ཆོས་ཡོད་པའི་རླབས་ཆེན་གྱི་བརྩམས་ཆོས་བྱུང་བ་རེད་ལ་ཐུན་མོང་མ་ཡིན་པའི་རིག་གནས་གཞན་ལ་ངོམ་པ་ཡང་མ་ཡིན་ནམ -འཕྲོས་དོན)

དཔྱད་བརྗོད་གསུམ་པ།

བསོད་ནམས་དབང་མོའི་གདངས་དབྱངས་དང་གཤིས་སྤྱོད་ཀྱི་མཚོན་དོན་དག་ལ་དཔྱད་པ་རགས་རིམ་བརྗོད་ཚར་ཏེ།འདིར་ཁོ་མོའི་གྱོན་ཆས་དང་དེ་དང་འབྲེལ་བའི་མིའི་གཟབ་མཆོར་སྤྲས་ལུགས་ལ་སྐད་ཆ་རེ་གཉིས་བཤད་རྒྱུ་ཡིན།

གོང་དུ་བྲིས་པ་ལྟར།སུ་ཞིག་གིས་ཁྱབ་རྒྱ་ཤིན་ཏུ་ཆེ་བའི་ཀྲུང་གོ་ཀྲུང་དབྱང་བརྙན་འཕྲིན་ཁང་ལྟ་བུ་ནས་རང་གཟུགས་སྟོན་པ་ཡིན་ན།དེས་ནི་ཁས་ལེན་མིན་གང་ལྟར་ཀྱང་།བོད་མི་ས་ཡ་མང་པོའི་ཚབ་བྱས་ཡོད་པས་རང་གི་གཟུགས་བཟོ་ལ་ཡིད་འཇོག་ཏན་ཏིག་གནང་དགོས་པ་གོ་མ་ཆག ཁོ་བོ་བརྙན་འཕྲིན་ལྟ་པོ་ཞིག་ཡིན་པའི་ཆ་ནས།བསོད་ནམས་དབང་མོའི་གདངས་དབྱངས་དང་གཤིས་སྤྱོད་ཀྱི་ཡོན་ཏན་མཐོང་བ་དང་ཆབས་ཅིག ཁོ་མོའི་ལུས་སྟེང་ནས་ཁོ་ཆད་ཅིང་ཡི་ག་འཆུས་པའི་སྣང་ཚུལ་ཞིག་ཀྱང་ཞར་ལ་མཐོང་ནས་འོང་།དེ་ཡང་འགྲོ་མིའི་སྐད་ཀྱི་གདངས་དབྱངས་སྙན་པ་དང་བཞིན་མིག་མཉེས་གཤིན་ཆེ་བ་སོགས་མིའི་རང་བཞིན་གྱི་མཛེས་སྡུག་མཐོང་ཐོས་བྱུང་བ་དང་ལྷན་དུ་དུད་འགྲོ་ཟོག་གི་ཆ་ཞིག་ཀྱང་མངོན་སུམ་གྱིས་མཐོང་འོང་བ་དེ་རེད།(འདི་འདྲའི་སྐད་ཆ་རྣ་ལ་གཟན་པ་བཤད་པར་ཀློག་པོ་ཁྱེད་དགོངས་པ་ཚོམ་དང་།མངོན་ལྐོག་གི་ཁྱད་པར་ཙམ་མ་གགཏོགས་དུད་འགྲོ་ཟོག་གི་ཆ་དེ་འགྲོ་མི་ཐབས་ཅད་ལ་ཁྱབ་འདུག་པ་རེད)རྒྱན་ཆ་ཡིན་ཟེར་ནས་གསེར་དངུལ་ཟངས་ལྕགས་སོགས་ལྕགས་ཀྱི་བྱེ་བྲག་གི་འདོགས་ཆ་ཐེག་ལ་ཚད་ཅིག་བཏགས།མཆོར་གོས་ཡིན་ཟེར་ནས་རི་དྭགས་ཀྱི་པགས་པ་ཞིག་གིས་ལྭ་བའི་མཐའ་དབུས་ཐམས་ཅད་བརྒྱན་ཅིང་འཁོར་ལོའི་རི་མོ་ཕབ་སྟེ་གླུ་དབྱངས་ལེན་པ་མཐོང་བ་ན། ཁོ་བོར་དགོད་བྲོ་ལ་ངུ་ཡང་བྲོ་བའི་ཚོར་བ་ཞིག་དབང་མེད་དུ་སྐྱེས་པའི་མུར་ཡིད་སྐྱོ་ཞིང་སེམས་དམུས་པའི་འཆར་སྣང་སྡུག་པོ་ཞིག་གི་མཐའ་མི་རིག་པ་བཟོས་བྱུང་། བོད་མིའི་རྒྱན་ཆ་འདོགས་ལུགས་དང་མཆོར་ཆས་སྤྲས་ལུགས་དེ་རིགས་མཐོང་ཚེ།ཁོ་བོས་ནམ་རྒྱུན་དུ་གླིང་ཆེན་ཨ་ཧྥེ་རི་ཁའི་ནགས་གསེབ་དང་རི་བྲག་ཏུ་འཚོ་བའི་དམུ་རྒོད་མི་རིགས་དང་། གླིང་ཆེན་ཨ་མེ་རི་ཁའི་ཨེན་ཏིས་འན་པ་རྣམས་དྲན་འོང་གི་འདུག ཁོ་ཚོ་ཀླ་ཀློ་དང་དམུ་རྒོད་ཡིན་ཕྱིར་འདོགས་ཆ་རྒྱན་ཆ་མང་ལ།འགྲོ་བ་མིའི་རིགས་ནི་ཇི་སྲིད་ཀླ་ཀློ་དང་རྗེས་ལུས་ཡིན་ན་དེ་སྲིད་ལྕགས་ཀྱི་རིགས་དང་།རྡོ་ཡི་རིགས།རུས་པའི་རིགས།ད་དུང་ཤིང་གི་རིགས་ཀྱི་རྒྱན་ཆ་མང་བ་རེད།(ཚུལ་དེ་གཞན་ཡུལ་གྱི་གནས་ཚུལ་མཐོང་ཐོས་ལ་དགའ་ནི་ཞིག་ཡིན་ན།ད་ལྟ་བརྙན་འཕྲིན་དང་དཔེ་ཆ་སོགས་ལས་མངོན་སུམ་རིག་རྒྱུ་ཡོད་པས་གཟུ་ལུམ་གྱི་གཏམ་ཡེ་ནས་མིན)རུས་པའི་རྒྱན་ཆ་བཏགས་ཤིང་ཤིང་གི་མདུང་ཐོགས་པའི་གཉུག་གནས་མི་རིགས་རྣམས་ཀྱི་ལུས་གཟུགས་དང་སྤྱོད་ལམ་ལས་འགྲོ་བ་མིའི་རིགས་ཀྱི་ཡབ་མེས་ཀྱི་ཤེས་རིག་མ་དར་གོང་གི་མཛེས་དཔྱོད་ལྟ་ཚུལ་སོགས་སྔར་སོང་གི་ལོ་རྒྱུས་མཐོང་ཐུབ་པ་ཡིན་ན།རྡོ་རིགས་དང་ལྕགས་རིགས་ཀྱི་འདོགས་ཆར་དགའ་ཞིང་སྲམ་གཟིག་སྟག་ཝའི་པགས་རིགས་ཀྱི་མཆོར་གོས་གང་མང་གྱོན་རྒྱུར་དུངས་པའི་མི་བུ་དག་གི་སེམས་ཁམས་དང་བཟོ་ལྟ་ལས་ཁོ་ཚོ་ད་དུང་ཤེས་རིག་ཙམ་དར་བའི་ཚད་རིམ་དུ་ལུས་ཡོད་པ་རྟོགས་ནུས་པ་རེད།རྒྱན་གོས་དེ་རིགས་བཏགས་པ་ཡིས་རྒྱན་གོས་དེ་རིགས་འདོགས་པོའི་བསམ་བློའི་ཆུ་ཚད་དམའ་བ་དང་།ཤེས་རིག་གི་བློ་སྒོ་ཕྱེས་མེད་པ་གསལ་པོར་མཚོན་ཐུབ་པ་རེད།རྒྱན་གོས་ཅི་རིགས་འདོགས་རྒྱུར་དགའ་བ་ནི་འགྲོ་བ་མིའི་རིགས་ཀྱི་གདོད་མའི་དུས་ཀྱི་དགའ་ཕྱོགས་ཤིག་ཡིན་ཕྱིར་ཁོ་བོས་དེ་ཉིད་དུད་འགྲོ་ཟོག་གི་ཆ་ཞིག་ལ་ངོས་མི་འཛིན་ཐུ་མེད་རེད།དེས་ནི་གདོད་མི་ཞིག་དང་།ལོ་རྒྱུས་ཤིག ཀླ་ཀློ་ཞིག མུན་འཐོམས་ཤིག དམུ་རྒོད་ཅིག རྗེས་ལུས་ཤིག ཤེས་རིག་མེད་པ་ཞིག བསམ་བློ་མེད་པ་ཞིག་སོགས་ལས་ཅི་ཡང་མཚོན་མི་ཐུབ་པས།འུ་ཚོས་ད་རུང་དེ་རིགས་རྒྱན་དུ་བཏགས་ན་ཡུལ་དུས་དང་ཅི་འདྲ་མི་མཐུན་པ་ཞིག་དང་ཆོས་ཉིད་རང་བཞིན་ང་ཅི་འདྲའི་འགལ་བ་ཞིག་རེད་ཨང་།

རྒྱན་གོས་ཁོ་ནའི་ཐད་ནས་བཤད་ནའང་།མིའི་མཛེས་དཔྱོད་ཀྱི་ལྟ་ཚུལ་ནི་དུས་རབས་དང་བསྟུན་ནས་འགྱུར་གི་འདུག་ཅིང་།འགྱུར་འོས་པ་ཞིག་ཀྱང་རེད།ངས་འདི་ནས་ང་དང་འབྲེལ་བ་ཡོད་པའི་དཔེ་ཞིག་བཞག་ནས་བཤད་རྒྱུ་ཡིན།ངེད་ཁྱིམ་ལ་ཡང་ཁྱིམ་རྒྱུད་མ་ཡིན་ཞིང་རང་གི་རྩོལ་བའི་སྒོར་གྱིས་ཉོས་པའི་སྲམ་ལྤགས་གོང་མཐོ་གང་(ཚུན་བཞི་ཙམ)ཅན་གཉིས་ཡོད།ལོ་འགའི་སྔོན་ལ།ངས་“སྲམ་ལྤགས་ནི་གོས་ཀྱི་རྒྱན་ཆ་རེད།གལ་སྲིད་གདག་དགོས་ནའང་མཐོ་དོ་ཡོད་པས་ཆོག ཆེ་ན་རྫོབ་རྟགས་བསྟན་པ་རེད། སྤྱིར་གོས་ལ་སྲམ་ལྤགས་གདག་དགོས་དོན་མེད། སྲམ་ལྤགས་འདི་གཉིས་ཀྱིས་གོ་ཅི་ཡང་མི་ཆོད། འུ་ཚང་ལ་དགོས་པ་མེད་པ་འདྲ། བཙོང་ན་བཟང་ག?”ཞེས་ཆུང་མ་ལ་གྲོས་བཏབ་པ་ན།ངའི་ཆུང་མ་ཁོ་མོ་ཡང་སློབ་གྲྭར་མ་འགྲིམས་པ་དང་བློ་སྦྱོང་མེད་པའི་བེ་སང་དཀྱུས་མ་ཞིག་ཡིན་པས།རོང་འབྲོག་བུད་མེད་གཞན་དག་དང་འདྲ་བར་ཅིས་ཀྱང་གོ་བསྐོན་བློ་སྒོ་འབྱེད་ཐུབ་མ་སོང་།ལོ་ངོ་འདི་དག་གི་རིང་ལ།ངས་ནི་རྒྱན་ཆ་མཁོ་མེད་རང་བཞིན་དང་རྒྱན་ཆའི་ཉེས་དམིགས་དག་བཤད་པ་རྒྱུན་མ་ཆད་ཅིང་།ཁོ་མོས་ཀྱང་བརྙན་འཕྲིན་སོགས་ལས་བསམ་བཞིན་དང་བསམ་ཞིན་མ་ཡིན་པའི་ངང་ལ་རང་དང་གཞན་རིགས་ཀྱི་རྒྱན་འདོགས་ལུགས་མཐོང་ཞིང་གཤིབ་བསྡུར་ལེགས་ཉེས་བརྟག་པ་བརྒྱུད་དེ།ད་ཐེངས་གླུ་པའི་བརྙན་འཕྲིན་འགྲན་བསྡུར་གྱི་ལྟད་མོ་ལ་ལྟ་དུས།ཡུལ་དུས་གཅིག་ཏུ་གཞན་དང་ཞིབ་བསྡུར་བྱས་པའི་རྐྱེན་ཡིན་ནམ།གལ་ལྟར།རྒྱན་ཆ་དང་གཟབ་ཆས་ཐལ་ཆེ་ན་མི་བཟང་ཚུལ་དང་མཛེས་པ་ས་ལོག་ཡོད་ཚུལ་གྱི་སྐད་ཆ་མང་པོ་ད་གཟོད་བཤདསོང་། རེབ་འདིར་ངས་གཞི་ནས་ཤེས་བྱུང་བ་ནི།མི་མང་པོའི་སྲ་མཁྲེགས་ཨ་འཐས་སུ་གྱུར་པའི་རྙིང་ཞེན་གྱི་བསམ་བློ་དེར་མངོན་སུམ་གིས་རིག་རྒྱུ་ཡོད་པའི་གཤིབ་བསྡུར་མ་ཏོགས་གཞན་ཅི་ཡིས་ཀྱང་གོ་མི་ཆོད་པ་ཐག་གིས་བཅད་པ་དང་།ཞར་ལ་བོད་མིའི་མཛེས་སྡུག་གི་ལྟ་ཚུལ་རྙིང་བ་ཐེ་བའི་རིག་གནས་ཀྱི་སྣང་ཚུལ་སྐྱུག་བྲོ་ལ་ཡ་ང་བ་མཐ་དག་ཀྱང་ལོ་མང་པོ་མི་དགོས་པར་དེང་རབས་ཀྱི་ཕྱོག་སུ་འགྱུར་ཡོང་གི་རེད་ལ།འགྱུར་རྒྱུ་ཡིན་པ་ལ་ཡང་ཡིད་ཆེས་གསར་པ་ཞིག་རྙེད་བྱུང་།

སྤྱིར་བཤད་ན།ཁྱིམ་གྱི་རྒྱུ་ནོར་ཡོངས་རྫོགས་ལུས་ལ་གྱོན་ཏེ་མཆོར་པོ་ཡིན་སྙམ་པ་ནི་གནའ་མིའི་གླེན་རྟགས་ཡིན་པ་གཞིར་བཞག་དང་། སྒོས་སུ།ད་ལྟ་བོད་མིའི་ཁྲོད་དུ་རྒྱན་ཆ་མཆོར་གོས་ལ་དགའ་བའི་རླུང་ཡན་སྔར་བས་ཆེ་བ་ཞིག་ག་སར་གཡུག་གི་འདུག་པའི་ངང་ཚུལ་དེ་ནི།རྒྱན་ཆ་དང་གཟབ་འཆོར་སྤྲས་པ་ཁོ་ནའི་ངོ་བོ་ལས་རབ་ཏུ་འགོངས་ཏེ་རྒྱུ་ནོར་ངོམ་སོ་སྟོན་པའི་རྟགས་མཚན་ཞིག་ལ་སླེབས་འདུག རྒྱུ་ནོར་ངོམ་སོ་སྟོན་པའི་འགྲན་བསྡུར་དེའི་ཁྲོད་དུ།བོད་ཀྱི་མི་ཁྱིམ་ཕལ་ཆེ་བ་འབྱོར་ཕྱུག་ཅན་དུ་འགྱུར་བའི་རེ་བ་ནམ་ཡང་མེད་དེ། ཁོ་ཚོར་བཟའ་བཏུང་གྲོད་པ་འགྲངས་པའི་རྒྱགས་ཕྱེ་དཀོན་ནའང་། ལུས་སེམས་ངལ་བ་བརྒྱ་ཕྲག་གིས་བཙལ་ཅིང་བསགས་པའི་སྒོར་མོ་ཡོད་ཚད་ཀྱིས་ཁོ་ཚོས་རྒྱན་ཆ་དང་ཆོར་གོས་སུ་རློམ་པའི་གཡུ་བྱུར་དང་སྲམ་ལྤགས་སོགས་ཉོས་ནས་ལོ་ཟླ་ཁོར་མོ་ཡུག་ལ་ཕུགས་ཀྱི་སྒམ་ནང་དུ་ཉར་བར་བྱེད།དེ་ལྟར་བཙོག་པ་འཁོར་རྒྱུག་བྱས་པའི་མཐའ་མ་ལ།ཁོ་ཚོར་ཤུལ་དུ་ལུས་ཡོད་པ་ནི་རྒྱུ་ནོར་ཤི་རོ་ཙམ་ལས་གཞན་ཅི་ཡང་ལྷག་ཡོད་པ་མ་རེད།ཁོ་ཚོས་རྒྱུ་ནོར་ཤི་རོ་རྣམས་ཁུར་ཏེ་མཐོ་སྒང་འདིར་འགྲེང་གཟུགས་སུ་ལངས་པ་ན།དངོས་གནས་གླུ་པ་ཡར་དུང་གིས་བླངས་པའི་<<ཁམས་པའི་ཕོ་གསར>>ཞེས་པའི་གླུ་ཚིག་ཏུ་“་་་་་་འཇིག་རྟེན་ལག་པའི་མཐིལ་ན་ཡོད”ཅེས་པ་ལྟར་སྣང་བ་སྐྱིད་པོ་ནམ་འཕང་སྐྱོད་པ་ལྟ་བུ་ཞིག་སྐྱེས་འདུག རྒྱན་མཆོར་གྱིས་སྣང་བ་ཅི་ལྟར་སྐྱིད་ནའང་།རྒྱུ་ནོར་གྱིས་རྒྱུ་ནོར་གྱི་བེད་གོ་མ་ཆོད་ན་གཏན་ནས་མེད་པ་དང་ཅི་ཁྱད།

ཁོ་བོ་རྒྱན་ཆ་ལ་གཏན་ནས་མ་དགའ་བ་མ་ཡིན་ལ་མཐའ་གཅིག་ཏུ་དགག་པ་རྒྱག་པ་ཡང་མ་ཡིན། རྒྱན་ཆ་ནི་རྒྱན་ཆ་རང་རེད་ལ།རྒྱན་ཆ་ནི་མཛེས་པ་སྟོན་བྱེད་དམ་མཛེས་སྡུག་གི་ཁ་སྣོན་ཙམ་རེད།རྒྱན་ཆ་ཡིས་འབྱོར་ཕྱུག་མཚོན་པ་གཏན་ནས་མ་ཡིན་ཞིང་།མི་ཞིག་གི་ལུས་ཀྱི་རྒྱན་ཆའི་རིན་ཐང་གིས་དེའི་འབྱོར་ཕྱུག་གི་བརྒྱ་ཆའི་གྲངས་ཆུང་ཡན་ཟིན་ན་འགྲིག་ཡོད་པ་མ་རེད།བོད་མི་རྣམས་ཀྱི་ལུས་ཀྱི་རྒྱན་ཆ་དང་ཆོར་གོས་ཀྱི་རིན་ཐང་གིས་ཁོ་ཚོའི་འབྱོར་ཕྱུག་གི་བརྒྱ་ཆའི་དགུ་བཅུའི་ཡན་ནམ་ཡང་ན་བརྒྱ་ཆའི་བརྒྱ་ཟིན་ཡོད་པ་རེད།དེ་ནི་ཡ་མཚན་པའི་ཕྱིན་ཅི་ལོག་ཆེན་པོ་ཞིག་རེད།འུ་ཚོ་ཡང་དེང་རབས་སྤྱི་ཚོགས་སུ་འཚོ་གི་ཡོད་པསདེང་རབས་ཀྱི་མི་ཞིག་ལ་མཚོན་ན།རྒྱན་ཆ་འདོགས་རྒྱུར་ཚོད་ཅིག་འཛིན་ཤེས་ན་རེད།ཤེས་རིག་ལྡན་པའི་མི་བུ་རྣམས་ཀྱིས་གདོད་མའི་དུས་ཀྱི་རྒྱན་སྤྲས་ཀྱི་མཛེས་དཔྱོད་ལྟ་ཚུལ་རྩ་བ་ནས་བསྒྱུར་ཟིན་ཅིང་།གལ་སྲིད་རྒྱན་ཞིག་འདོགས་པའི་དབང་དུ་བཏང་ནའང་།རྣོ་རྡོ་རྗེ་ཕ་ལམ་གྱི་མགུལ་རྒྱན་ལྟ་བུ་དང་།གསེར་གྱི་རྣ་ལུང་དང་མཛུབ་དཀྲིས་ལྟ་བུ་རེ་གཉིས་ཙམ་ལས་འདོགས་གི་མ་རེད།གཞན་གྱི་སྟབས་བདེ་ཡང་ཟོར་ལྡན་པའི་རྒྱན་ཆ་དང་དང་མཆོར་གོས་ལ་སྡུར་དང་།འདི་ཁོ་ནས་ཀྱང་འུ་ཚོའི་གནས་སྐབས་གར་ཡོད་མི་ཤེས་སམ།

ཁོ་བོས་བལྟས་ན། ཤོག་ཁ་ཞིག་གམ་ཡུལ་ཁག་ཅིག་གི་རྒྱན་ཆ་དང་མཆོར་གོས་རྣམས་ལྷན་དུ་བསྡུས། གཅིག་ཏུ་སྤུངས། མི་གཅིག་ལ་བསྐོན།ལུས་གཅིག་ལ་བརྒྱན།མི་གདོང་ཟོག་ལུས།མི་མིན་ཟོག་མིན་འདྲ་བ་ཞིག་བཟོ་བར་སྐུལ་འདེད་གཏོང་མཁན་གྱི་སྣ་འདྲེན་ནི་་གཙོ་ཆེར་བོད་སྐད་བརྙན་འཕྲིན་ལས་ཁུངས་དག་དང་དུས་དེབ་རྣམས་རེད་སྙམ།ཁོ་ཚོས་བོད་མིའི་ཁྱད་ཆོས་སྟོན་པ་ཡིན་དང་།བོད་མིའི་རྒྱན་གོས་ངོམ་པ་ཡིན་ཟེར་ནས་ས་ཆ་ལུང་པ་སོ་སོར་རྒྱན་ཆ་དང་མཆོར་གོས་སྣ་ཚོགས་བཙལ།བརྙན་པར་དུ་ཕབ།བརྙན་འཕྲིན་ནས་བསྟན།འདྲ་པར་ལ་བརྒྱབ།དུས་དེབ་ཀྱི་མདུན་རྒྱབ་ཤོག་ཕྱི་ནང་ལ་བཞག ཆེ་བ་བརྗོད་དུས།མང་ཚོགས་ཕལ་ཆེ་བར་བླང་དོར་དང་ལེགས་ཉེས་དབྱེ་བའི་བློ་མིག་ལྡོངས་པས་ངོ་མཚར་ཟེར། མཐེ་བོང་སྒྲེང་།སྙན་པ་སྒྲོབློ་ཡིད་ཚིམ། གློ་བ་མཉེས།དགའ་མགུ་ཡི་རང་སྟེ་རྗེས་དེད་ནས་གཡུ་བྱུར་ཉོས། སྲམ་ལྤགས་བླུས། རྒྱན་ཆ་བསྒྲིགས་ནས་ལད་མོ་རྒྱ་ཆེར་བྱེད་དོ།།དེ་ནི་བོད་སྐད་བརྙན་འཕྲིན་ལས་ཁུངས་དག་དང་དུས་དེབ་རྩོམ་སྒྲིག་པ་རྣམས་ཀྱི་ཨ་གསར་མགོ་ཡང་གི་སྤྱོད་ཚུལ་ཅིག་རེད་ལ།ལས་འབྲས་རྩི་བའི་བོད་མི་རྣམས་ལ་འགན་མ་ཁུར་པ་ཞིག་དང་།མཐར་གཏུགས་ན་ལམ་ཁྲིད་གླེང་ཕྱོགས་ཐད་ཀྱི་ནོར་འཁྲུལ་ཆེན་པོ་ཞིག་རེད།གཞུང་པའི་ནོར་འཁྲུལ་གྱི་དྲིལ་བསྒྲགས་དེ་ཇི་ལྟར་མུ་མཐུད་དུ་རྒྱུན་བསྲིངས་ཤིང་།སྒེར་མིའི་གླེན་རྟགས་ཀྱི་བྱེད་སྒོ་དེ་བཅོས་སྒྱུར་བྱ་བའི་སྐབས་མེད་ན།བོད་མིས་བསགས་པའི་རྒྱུ་ནོར་ཐམས་ཅད་ཚེ་ཚེ་རབས་རབས་སུ་གཞན་གྱི་ལག་ལ་འཆོར་ངེས་པ་མ་བཤད་དང་།སྲམ་གཟིག་སྟག་ལྤགས་ཉོས་པ་གཅིག་པུའི་ངོས་ནས་ཀྱང་བོད་མི་རིལ་པོ་ས་སྒང་འདིའི་ཉེས་ཅན་དུ་འགྱུར་ཉེན་འདུག་སྟེ།ད་ལྟ་འཛམ་གླིང་ཧྲིལ་པོར་སྔོན་ཆད་མ་བྱུང་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ཚ་འུར་ཆེ་བ་ཞིག་ལང་གི་འདུག་ཅིང་།རི་ཆུ་དང་རྩྭ་ས།ནགས་ཚལ་སོགས་གཅེས་སྲུང་གིས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་གང་ལེགས་དང་།རི་སྐྱེས་སྲོག་ཆགས་གང་ཡང་མིའི་ཚེ་སྲོག་གི་འདུ་ཤེས་བཟུང་ནས་བསད་མི་ཆོག་པར་སའི་གོ་ལའི་སྒང་གི་སྣོད་བཅུད་དོ་མཉམ་ཡོང་དགོས་པའི་འབོད་སྐུལ་ཡང་ཡང་སྒྲོག་གི་འདུག སྐབས་འདིར། བོད་མི་རྣམས་ཀྱི་སྲམ་ལྤགས་དང་སྟག་ལྤགས།གཟིག་ལྤགས་དང་ཝ་ལྤགས་སོགས་ཀྱི་ཉོ་ཚོང་གི་སྡིག་ལས་དེའི་རྔ་མ་སྔར་བཞིན་མ་བཏང་བ་ཡིན་ན།ནམ་ཞིག་སའི་གོ་ལའི་སྟེང་གི་སྡེ་བ་ཡོངས་རྫོགས་ལངས་ནས་བོད་མིའི་གླེན་རྟགས་ལ་འདྲི་གཅོད་ཚ་ནན་བྱེད་དུས།འུ་ཚོས་ལན་ཅི་ཞིག་གདབ་བམ།མཚོ་སྔོན་མཚོ་ལྷོའི་འཁྲབ་སྟོན་པ་(ཤོམ་པ)སྐོར་ཞིག་ཀྲུང་གོ་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བསྡུས་པའི་2002ལོའི་ལོ་སར་དགོང་ཚོགས་ལ་ཞུགས་སྐབས།བོད་མི་བྲོ་རམ་པ་(伴舞)གླེན་མ་ཞིག་གིས་གསར་འགོད་པའི་འདྲི་ཚིག་ལ་ལན་བཏབ་པ་ལྟར། “འདི་ནི་ངེད་ཚོའི་གོམས་སྲོལ་ཞིག་ཡིན”ཞེས་ཟེར་རམ།སྲམ་ལྤགས་གཟིག་ལྤགས་གྱོན་ཅིང་ལྕགས་དང་རྡོ་རིགས་ཀྱི་རྒྱན་ཆ་འདོགས་པ་ཡང་འུ་ཚོའི་གོམས་སྲོལ་ཞིག་ཏུ་ངོས་འཛིན་རྒྱུ་ཡིན་ན།དེ་ནི་ཉེས་ཅན་གྱི་གཏན་ཚིགས་ཁོ་ན་ལས་མ་འདས་པས། ཁ་སྐྱེངས་པའི་ཁར་ཞེད་ལངས་པ་ཞིག་ཀྱང་མ་ཡིན་ནམ། སྐད་ཆ་དེ་འདྲ་ལབ་དུས། དབྱི་ཐ་ལིའི་གནམ་རིག་མཁན་རིག་མཁན་ཆེན་མོ་ཀ་ལི་ལེའོ་ཡིས་གསུངས་པ་བཞིན།གང་གིས་འུད་སྒྲོག་ཉོག་གཏམ་སྨྲ་བ་ལས“རིག་པ་གྲུང་ལ་ཤེས་རབ་དོད་པ།ཁེངས་སྐྱུང་ཡང་ཡིན་པའི་གུས་ཚིག་སྟེ།‘ངས་མི་ཤེས,”ཞེས་པའི་སྨྲས་ན་ཅིས་མ་ལེགས།

འུ་ཚོས་ནམ་རྒྱུན་ཁ་ནས་རང་ཉིད་ནི་རི་ཆུ་དང་སྲོག་ཆགས།རྩི་ཤིང་ལ་གཅེས་ཤིང་ཁོར་ཡུག་སྲུང་སྐྱོབ་ཀྱི་“ཕོ་ཉ”ཡིན་པ་ལྟ་བུ་ཞིག་སྒྲོག་གི་འདུག་མོད།ལག་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྩ་དོན་དང་རྩ་བ་ཉིད་ནས་རྒྱབ་འགལ་དུ་གྱུར་པའི་ལས་ཀ་སྒྲུབ་པ་ཡིན་ན།འུ་ཚོར་བསམ་སྦྱོར་གཅིག་སྒྱུའི་གསང་ལམ་ག་ཚོད་ཡོད་དམ། དུག་རིགས་ཧའེ་ལུའོ་དབྱིན(海洛因)དང་། ཁོ་ཁ་དབྱིན(可卡因)མ་ཧྥེ(吗啡)སོགས་སྦྱར་དུག་གི་རིགས་བཟོ་མཁན་དང་། འཚོང་མཁན།ཉོ་མཁན་རྣམས་ཀྱི་ནག་ཉེས་གཅིག་མཚུངས་ཡིན་པ་དེ་བཞིན་དུ།སྟག་གཟིག་སྲམ་ཝ་གསོད་མཁན་དང་།དེ་དག་གི་པགས་པ་འཚོང་མཁན།པགས་པ་ཉོ་མཁན་རྣམས་ཀྱི་ནག་ཉེས་ཀྱང་གཅིག་མཚུངས་ཡིན་གྱི་རེད། དེས་ན། འུ་ཚོས་རང་གི་ཉེས་སྤྱོད་ལ་འགྱོད་བཤགས་དང་།བོད་པ་རྣམས་ཞི་བདེ་མཉམ་གནས་ལ་དགའ་བའི་བསམ་ཚུལ་ལེགས་པོར་མཚོན་ཕྱིར།སྟག་གཟིག་སྲམ་ལྤགས་དང་གཡུ་བྱུར་འདོགས་རྒྱུར་དགའ་བའི་མཛེས་དཔྱོད་ལྟ་ཚུལ་རྙིང་པ་དང་དུས་དང་མི་འཚམ་པའི་སྤྱོད་ངན་དེ་རིགས་ད་ནས་བཟུང་སྟེ་འདོར་ཞིང་མཚམས་གཅོད་འགོ་བརྩམས་ན་ཅི་མ་རུང་ཨང་།གང་ལྟར་ཀྱང་།དུད་འགྲོ་ཟོག་གི་ཆའམ་རི་དྭགས་ཀྱི་གཤིས་སྤྱོད་སོགས་ཀྱིས་བཟུང་བའི་བག་ཆགས་རྣམས་རྩ་ལག་དང་བཅས་པ་ལྷག་མ་མེད་པར་འདོར་ཐུབ་ན།དེ་དུས་འུ་ཚོ་ཡང་ཤེས་རིག་དང་དཔལ་ཡོན་ལྡན་པའི་མི་གྲལ་དུ་ངེས་པ་དོན་གྱིས་ཚུད་སོང་བས།ཐམས་ཅད་བགྲོ་གླེང་འོང་བ་དང་བྲིས་ཚད་དོན་འབྲས་སྨིན་པའི་ཀུན་སློང་དང་བཅས་གསོང་པོར་སྨྲས་པའོ།།

མཇུག་གི་སྐད་ཆ།

ཡུལ་དུས་གང་ཡིན་ཀྱང་།ཁོ་བོས་མི་རྣམས་ཀྱིས་སྙན་པ་སྒྲོག་པའི་དོན་བྱ་བཟང་པོ་ཞིག་ལ་ལྟ་དུས་སུའང་མི་མཐུན་སྒྲོག་དགོས་པའི་སྐྱོན་ནམ་ཞན་ཆ་ཞིག་ཞར་ལ་མཐོང་འོང་ཞིང་མཐོང་བ་དེ་བཞིན་དུ་མ་བརྗོད་ཐུ་མེད་ཀྱི་འདུ་ཤེས་ཤིག་ཀྱང་རང་བཞིན་གྱིས་སྐྱེ་འོང་གི་འདུག དེ་ནི་ཁོ་བོའི་སྐྱོན་ཆེན་པོ་ཞིག་ཡིན་ལས་ཆེ་ནའང་།གཅིག་ནས་ཁོ་བོའི་ཚོར་ཤེས་དེ་ཉིད་ཤུགས་ཆེ་བས་ཤིན་ཏུ་གནོན་དཀའ་བ་དང་། གཉིས་ནས་རིག་གནས་ཀྱི་ལས་དོན་གཉེར་མཁན་ཞིག་གི་ལས་འགན་འབོགས་དཀའ་བ་ཞིག་ཏུ་སེམས་པ། གསུམ་ནས་ཁོ་བོ་འུ་ཚོའི་རིག་གནས་མ་ལག་གསར་འཛུགས་ལ་ཕལ་པ་ལས“ཧམ་སེམས”ལྡབ་གྱིས་ཆེ་བ་སོགས་ཀྱི་དབངགིས།གཞན་གྱིས་ཅི་ཟེར་ལ་སྣང་དོགས་སྤུ་ཙམ་ཡང་མེད་པར་གང་དྲན་གསོང་པོར་སྨྲ་བའི་གོམས་གཤིས་ཤིག་ཆགས་ཡོད།དེ་སྔར་<<ཅི་ཉི་སི་ལ་ཕུལ་པའི་ཁ་བཏགས་རིང་མོ>>ཞེས<<ཀྲུང་གོ་བོད་ཀྱི་རིག་གནས་སྒྱུ་རྩལ་ཀུན་འདུས་ཞལ་ཐང་ཆེན་མོ>>ལ་དཔྱད་པ་བརྗོད་པའི་ཁོ་བོའི་བྲིས་རྩོམ་དེར།<<ཞལ་ཐང་ཆེན་མོའི>>ཆེ་བ་འབྲི་ཐུབ་ཚོད་ཅིག་བྲིས་པའི་ཞར་ལ།དེས་མ་འཁྱོངས་སའམ་མ་འདང་སའི་ཞན་ཆ་མར་ནང་གི་སྤུ་ཙམ་བྲིས་པ་ན།“སྒམ་པོ”འགའ་རེས་ངས་བྲིས་རྩོམ་དེ་མགོ་ནས་མཇུག་བར“རྒྱུས་མངའ་མེད་པའི་སྐད་ཆ་འཆད་གི་འདུག”ཅེས་དང་།ལ་ཤས་ཀྱིས་“ཕྲག་དོག་ཁོ་ན་རེད”ཅེས་དཀྲོག་གཏམ་སྣ་ཚོགས་སྒྲོག་པ་ཐོས། ཁོ་བོ་ནི་འབྲེལ་མེད་ཀྱི་གཏམ་ལབ་རྒྱུར་དགའ་བོ་མེད་པའི་ཁར་མི་ཤེས་པའི་དོན་ལ་ཤེས་ཁུལ་བྱེད་མཁན་གྱི་མི་“གྲུང་པོ”ཞིག་གཞི་ནས་མིན་པས།ཐང་གི་རྡོ་བླངས་ཏེ་རུམ་གྱི་བྲོ་ལྷུང་བའི་སྡུག་གྱོང་གི་ལས་ཀ་བྱེད་དོན་མེད་པ་སྔར་ནས་ཤེས་ཡོད། དེ་ནི་འུ་ཚོར་རིག་གནས་ཀྱི་ཁོར་ཡུག་གཙང་ཡངས་ཤིག་ཆགས་མེད་པའི་དན་རྟགས་ཁོ་ནར་འདུག་པས།སྐད་ཆ་དེ་འདྲ་ལབ་སོང་བ་ལའང་རྒྱུ་རྐྱེན་མེད་པ་མ་རེད།གང་ལྟར་ཀྱང་།ཁོ་བོས་བྲིས་པ་དང་།བཤད་པ།བསམ་གཞིག་གཏོང་གི་ཡོད་པ་མཐའ་དག་ནི་བསམ་བློ་ཡོད་པའི་བོད་མི་གསར་པ་རེ་ཆགས་པར་རེ་བ་དང་།འུ་ཚོའི་ཕྱིས་འབྱུང་ལེགས་ཕྱིར་འབད་པ་ཁོ་ན་ལས་མ་འདས་པས།རྩོམ་འདིར་ཡང་སྐྱོན་སྟོན་པའི་དཔྱད་བརྗོད་ཅིག་བྲིས་པ་ལ་སྒེར་གཞུང་ཐམས་ཅད་དགོངས་འགལ་མེད་པར་ཞུ།

             2002.5.13-27

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁྲབ་སྟོན་པ་སོགས་ལ་བགྲོ་གླེང་བ།

2009-05-23 ཞོགས་དུང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།