བུ་མོའི་སེམས་ཀྱི་རང་མདངས།

བདེ་སྐྱིད་སྒྲོལ་མ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-05-09

             ༡༩༦༧ལོའི་དབྱར་ཟླ་དྲུག་པའི་ནངས་མོ་ཞིག་ལ་“རྩེ་གཞོང་སྐྱིད་པའི་སྨན་ལྗོངས”སུ་གྲགས་པའི་རྩྭ་ཐང་ཆེན་མོ་དེ་རུ་བདག་གིས་འཆར་ཀའི་ཉི་འོད་དང་བསྡོངས་ནས།འཇིག་རྟེན་འདིར་སྙིང་ཉེ་བའི་ངུ་སྐད་ཐེངས་དང་པོར་བཏོན།ཨ་མས་དེ་ལྟར་བཤད་མྱོང་།
                              
སྔོན་ལུས་ཀྱི་སྨོན་ལམ་ཞིག་གམ་སྟེས་དབང་གི་གླགས་བཟང་ཞིག་གིས་རང་ཉིད་ནི་འབྲོག་པའི་བུ་མོ་ཞིག་གི་སྐྱེ་བ་བླངས་ནས།རྩྭ་ཐང་དང་མེ་ཏོག་གིས་བདག་ལ་སྐྱེ་རོགས་མཛད་ཅིང་།བེའུ་རྟེའུ་ལུ་གུ་གསུམ་གྱིས་བདག་ལ་འཚོ་བ་རོལ་རོགས་བྱས་ཏེ་ནམ་ཡང་བརྗེད་ཐབས་དཀར་བའི་མཛེས་སྡུག་གི་ལོ་ཟླ་སྟེ_བྱིས་དུས་ཀྱི་གོམ་འདྲིས་ཁྱར་ཁྱོར་ཁྲོད་བཞག་པའི་དགོད་སྒྲ་དང་དགའ་སྣང་ཡོད་ཚད་ད་ལྟ་ད་རུང་ཡང་རྩྭ་ཐང་གི་སྟོན་ཟླ་ཇི་བཞིན།

ལོ་ཟླའི་གློག་ཞགས་རེ་འཁྱུག་ལ།ལམ་གྱི་མགོ་རྟིང་འགའ་བསླགས་རྗེས་ཁོ་མོ་ཡང་བཅུ་དྲུག་ལང་ཚོས་སྙེམས་པའི་གཞོན་ནུ་མ་ཞིག་ཏུ་གྱུར།སྐྱིད་སྡུག་མི་ཚེ་ཡི་འཚོ་བ་གསར་བ་ཡིད་ལ་མྱོང་བཞིན་ད་ལྟའི་བར་བསླས་དང་སློབ་བཞིན་པའི་རིག་པའི་གནས་འདི་ནི་ངོ་མ་རིན་ཐང་བྲལ་ཞིང་མཁོ་གལ་ཆེ་བ་ལ། ད་ནི་རྩྭ་ཐང་གི་མི་རབས་སྔོན་མ་ནང་བཞིན་ཕྱུགས་ཟོག་གི་བདག་པོ་རྐྱང་རྐྱང་དུ་བྱེད་མི་རུང་བའི་གནས་ལུགས་ཅིག་ཐོག་དང་པོར་རྟོགས།དེའི་ཕྱིར་མུ་མཐུད་དུ་སློབ་གྲྭར་འགྲིམ་སྟེ་རིག་གནས་རྒྱ་མཚོའི་ཆུ་ཐིགས་ཙམ་ཞིག་རྙེད་པར་འདོད་པའི་འགོག་མེད་ཀྱི་སྐོམ་པ་ཞིག་གིས་ཀུན་ནས་མནར།བཀའ་དྲིན་ཅན་གྱི་ཕ་མ་དང་དགེ་རྒན་རྣམ་པས་སྐུལ་འདེད་དང་ཏང་གིས་ཐུགས་ཁུར་མཛད་འོག་བདག་ལ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་གི་གྱ་དྲུག་བོད་ཡིག་ཆེད་གཉེར་འཛིན་གྲྭ་ནས་སློབ་སྦྱོང་བྱེད་པའི་སྐལ་བཟང་ཐོབ།༡༩༩༠ལོའི་ཟླ་དྲུག་པར་ལོ་བཞིའི་སློབ་མའི་འཚོ་བ་མཇུག་རྫོགས་ཏེ་སླར་ཡང་ཕ་ཡུལ་དུ་ལོག་ནས་རང་ཉིད་ཀྱི་བྱ་སྤྱོད་ངོ་མས་རྩྭ་ཐང་མི་དམངས་ལ་ཞབས་འདེགས་ཞུ་བའི་བྱ་བར་འཇུག་འགོ་བརྩམས།འོན་ཀྱང་།ང་ལ་གཏིང་ཟབ་པའི་ངོས་ཟིན་ནམ་རྟོགས་སད་ཅིག་བྱུང་བ་ནི།མ་གཞི་སློབ་གྲྭའི་ཕྱི་རོལ་གྱི་འཇིག་རྟེན་ནི་དེ་འདྲའི་མཛེས་སྡུག་ལྷད་མེད་ཅིག་གཏན་ནས་མིན་ཏེ།རྙོག་འཛིང་དང་རྫུན་བཅོས་ལྡན་པའི་སྤྱི་ཚོགས་ཀྱི་དོན་བྱ་མོད་པོ་ཞིག་གིས་ངའི་དྲི་མ་མེད་ཅིང་ཡིད་སྤོབས་ཀྱིས་ཁེངས་པའི་གཞོན་སེམས་ཆུང་ཆུང་འདི་ལ་བསམ་ཡུལ་འདས་པའི་འཇབ་རྒོལ་དྲག་པོ་གང་མང་དུ་བྱས་མྱོང་།ལྷག་པར་དུ་དེང་རབས་ཀྱི་འཛམ་གླིང་ཞི་བདེ་དང་མི་རིགས་ཕྱུག་འགྱུར་གྱི་བརྩོན་པའི་མཐོ་རླབས་ཆེན་པོ་འདིའི་ཁྲོད་དུ།ང་ཚོས་བོད་ཀྱི་རིག་གནས་ཁོ་ན་གཉེར་བ་ཡིས་ས་རྒྱ་ཆེན་པོ་ཆོད་མི་ཐུབ་པ་ནི་ངའི་སེམས་ན་མཁྲེགས་པར་གྱུར་པའི་སྡུག་བསྔལ་ཅིག་ཏུ་གྲུབ་ཡོད།ནམ་རྒྱུན་འདིའི་དོན་དུ་སྨྲ་དབེན་གྱི་མནོ་བསམ་རེ་བགྱིད་རྒྱུ་ནི་ང་རང་གི་མ་འོངས་འཚོ་བའི་ཁྲོད་འཇགས་པ་མེད་པའི་ལོངས་སྤྱོད་ཅིག་ཏུ་འགྱུར་ངེས་རེད།འོན་ཀྱང་ང་ལ་ཐབས་ཅི་ཡོད།
                
རྒྱང་ཐག་རིང་བའི་དབེན་འཇམ་གྱི་སྤང་གཞུང་འདི་ནས།ས་གཞིའི་བརྩེ་སེམས་ལ་ཆགས་པའི་རྩི་རྐང་ཆུང་ཆུང་ཞིག་གིས་དུས་སྔ་མོ་ནས།རང་ཉིད་ཀྱི་གཏམ་རྒྱུད་རང་ཉིད་ལ་སྐྱོ་གླུ་གྱེར་བཞིན་པ་དེ་ནི་གཞན་ལ་སྨྲ་མི་ཕོད་པའི་གསང་བ་མིན་ཀྱང་།ནོར་གནག་མ་གཏོགས་སུ་ཞིག་གིས་གསན་མྱོང་། 
                  རང་བློར་ཅུང་འབབ་པའི་རྩོམ་ནི་<<འཛམ་གླིང་མཛེས་པའི་རྒྱན་གཅིག>>ཞེས་པ་དང་།བློར་མི་འབབ་པ་ནི་<<ཐོག་མའི་བརྩེ་དུང་གི་འདུ་བྲལ>>ཞེས་པ་དེ་ཡིན།“མི་ལ་བརྩོན་འགྲུས་ལྡན་གྱུར་ན།།འཇིག་རྟེན་འདི་ན་དཀའ་བ་མེད།།”ཆུ་སྣ་གར་ཁྲིད་ཀྱི་བྱ་སྤྱོད་ནི་ལྟས་ངན་མི་ཡི་རང་གཤིས་ཡིན།།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བུ་མོའི་སེམས་ཀྱི་རང་མདངས།

2009-05-09 བདེ་སྐྱིད་སྒྲོལ་མ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།