རྩོམ་འབྲིའི་མྱོང་ཚོར་དང་ལྟ་ཚུལ་རགས་པ།

ཨོ་རྒྱན་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-05-06

       <<བོད་རིག་གཞོན་སྐྱེས་རྩོམ་པ་པོ་ཕྱོགས་སྒྲིག>>རྩོམ་སྒྲིག་པུའུ་ཡིས་བདག་ལ་རྩོམ་འབྲིའི་མྱོང་ཚོར་དང་།དེ་བཞིན་བོད་རིགས་རྩོམ་རིག་གི་ད་ལྟའི་གནས་བབས་དང་མ་འོངས་ཀྱི་ལྟ་ཚུལ་ཞིག་འབྲི་དགོས་པའི་བཀའ་བསྩལ།བདག་རང་བྱ་སྒོ་དང་སྲིད་འཛིན་གྱི་ལས་བྲེལ་ཆེ་བས་རྒྱས་བཤད་རྒྱས་གླེང་བྱེད་པའི་ཁོམ་པ་དང་བྲལ་མོད།འོན་ཀྱང་འདིར་རང་གི་མྱོང་ཚོར་དང་ལྟ་ཚུལ་ཆེས་རགས་པ་ཞིག་བརྗོད་རྒྱུ་ཡིན་ཞིང་།འདིས་མཁོ་ཕན་གསོས་མིན་རྩོམ་སྒྲིག་པས་ཐག་བཅད་ན་འགྲིག

༡རྩོམ་རིག་ཅེས་པ་ནི་སྟེང་གི་བཀོད་པའི་ཁྱབ་ཁོངས་ཤིག་ཡིན་ཞིང་།འདི་ཉིད་གཙོ་བོ་རྩོམ་པ་པོའི་ཀླད་པས་གསར་གཏོད་དང་ལེགས་འགྲུབ་བྱ་དགོས།དེ་ཡང་བྱ་བ་གང་ཞིག་ཡིན་རུང་དེར་སྔོན་འགྲོའི་ཆ་རྐྱེན་ཞིག་ཡོད་དགོས་པ་ལྟར་རྩོམ་རིག་གསར་རྩོམ་བྱེད་པར་ཡང་དེར་ཐོག་མའི་རྒྱུ་ཆ་ཡོད་དགོས།འོ་ན།གསར་རྩོམ་གྱི་རྒྱུ་ཆ་དེ་གང་ལས་བྱུང་ཞེ་ན།དེ་ནི་འཚོ་བ་དངོས་ལས་བྱུང་བ་ཞིག་ཡིན་ཞིང་།འཚོ་བ་དངོས་ནི་རྩོམ་རིག་གི་སྐྱེད་མ་ཡིན།དོན་དུ་རྩོམ་རིག་གི་རྒྱུ་ཆ་ཞེས་པ་ནི་འཚོ་བ་དངོས་ཀྱི་ཤེས་རྟོགས་ཡིན་པས་འཚོ་བ་དངོས་ལ་ཤེས་རྟོགས་མེད་ན་རྩོམ་རིག་ཅེས་པ་དེ་ཐོན་མི་འགྱུར།དེའི་ཕྱིར་ཐོག་མར་རྩོམ་པ་པོས་འཚོ་བ་དངོས་ལ་འཇུག་རྒྱུ་དེ་གལ་ཤིན་ཏུ་ཆེ།མ་གཞི་མི་རྣམས་འཚོ་བ་དངོས་ཀྱི་ནང་དུ་འཚོ་མོད།འོན་ཀྱང་འཚོ་བ་དངོས་ཀྱི་གདོང་རིས་ངོ་མ་དེ་རྟོགས་པའི་ངེས་མེད།ཐ་ན་ཉེ་འཁོར་གྱི་འཚོ་བ་ཡང་མི་རྟོགས།དེ་ཡང་འཚོ་བ་དངོས་ལ་འཇུག་པ་ཞེས་པ་དེ་འཚོ་བར་མིག་གིས་བལྟ་བ་དང་།ཡང་ན་གཞན་ལ་སྐད་ཆ་འདྲི་བ་ཙམ་གྱིས་མི་ཆོག་ཅིང་།རང་ཉིད་ལ་གོ་སྐབས་ཅི་བྱུང་ཚེ་རང་ངོ་མས་འཚོ་བ་གང་དེའི་བྲོ་བ་མྱོང་དགོས།དེ་ལྟར་བྱུང་ཚེ་འཚོ་བ་གང་དེའི་ནང་གི་དགའ་སྐྱོ་དང་།བདེ་སྡུག་ངོ་མ་དེ་རྟོགས་ཐུབ།གལ་ཏེ་དེ་ལྟར་མ་བྱུང་ནའང་འཚོ་བར་འབྲེལ་འདྲིས་ཡང་ཡང་བྱེད་དགོས།དེས་ཀྱང་འཚོ་བ་གང་དེའི་གདོང་རིས་ཅུང་རྟོགས་ཐུབ།འོན་ཏེ་འཚོ་བ་བ་དངོས་ཀྱི་ཤེས་རྟོགས་སམ་མྱོང་བྱ་ཡོད་པ་ཙམ་གྱིས་རྩོམ་རིག་གི་བརྩམས་ཆོས་འགྲུབ་མི་ཐུབ།དེར་ད་དུང་ངེས་པར་དུ་དགའ་ཞེན་ཡོད་དགོས་པ་དང་།རྩོམ་རིག་གི་ཤེས་རབ་ཡོད་དགོས།རྩོམ་རིག་གི་ཤེས་རབ་ཡོད་མིན་ནི་བརྩམས་ཆོས་ལེགས་པོ་བརྩམས་ཐུབ་མིན་གྱི་འགག་རྩ་ཡིན།དེ་ནི་དཔེར་ན།ཁང་པ་ཞིག་རྒྱག་པར་ས་རྡོ་ཤིང་ཆ་སོགས་ཡོད་དགོས་ཤིང་།ས་རྡོ་དང་ཤིང་ཆ་སོགས་འཛོམས་ནའང་ཁང་བའི་བཟོ་དབྱིབས་དང་སྤུས་ཚད་ཅི་འདྲ་ཞིག་རྒྱག་ཐུབ་མིན་དེ་ནི་ལག་རྩལ་བའི་བློ་རྩལ་ལ་བརྟེན་དགོས་པ་ལྟར།རྩོམ་རིག་གི་རྒྱུ་ཆ་སྟེ།འཚོ་བ་དངོས་ཀྱི་མྱོང་བྱ་ཡོད་རྗེས་རྩོམ་ལུས་ཅི་འདྲ་ཞིག་དང་།སྤུས་ཚད་གང་འདྲ་ཞིག་བརྩམ་རུང་དེ་ནི་རྩོམ་པ་པོའི་ཀླད་ཁམས་སུ་ཡོད་པའི་རྩོམ་རིག་གི་ཤེས་རབ་ལ་རག་ལས་ཡོད།             

གལ་ཏེ་རྩོམ་པ་པོར་རྩོམ་རིག་གི་ཤེས་རབ་ཡོད་ནའང་དེར་ཟམ་མི་ཆད་པའི་བརྩམས་ཆོས་འབྲི་རྒྱུ་མེད་ཅིང་། དེར་ད་དུང་རིག་པའི་ཀློང་རྡོལ་ཞེས་པའི་དུས་ཤིག་ཡོད།དུས་དེ་ནི་རྩོམ་རིག་འབྲི་རྒྱུའི་དུས་ཡིན་ལ།དུས་དེར་བྲིས་པའི་རྩོམ་རིག་ནང་རང་གི་སྒྱུ་རྩལ་ཉིང་ཁུ་ཚུད་འགྲོ་བས་དུས་དེ་དམ་འཛིན་བྱ་དགོས།འོ་ན།རིག་པའི་ཀློང་རྡོལ་ཞེས་པ་དེ་ཇི་ལྟར་ཡོང་གི་ཡོད་དམ་ཞེ་ན།དེ་ནི་བྱ་དངོས་གང་ཞིག་མིག་གིས་མཐོང་བའམ་རྣ་བས་ཐོས་པའི་སྐབས་ན་རྩོམ་པ་པོའི་ཀླད་ཁམས་སུ་རྩོམ་རིག་བརྩམ་བྱའི་ཕྱི་སྒྲོ་བཏགས་པ་ཞིག་རང་བཞིན་གྱིས་གྲུབ་ཀྱིན་ཡོད། སྐབས་དེ་ཡི་ཚེ་ན་རྒྱུ་ཆ་དེ་བློར་ངེས་འམ་ཡིག་ཐོག་ཏུ་ཕབ་ནས་སླར་རྩོམ་པ་པོ་རང་ཉིད་ཀྱིས་ལེགས་སྒྲིག་དང་ཞིབ་འབྲི་སོགས་བྱ་དགོས།ལེགས་སྒྲིག་དང་ཞིབ་འབྲི་སོགས་བྱས་རྗེས་རྩོམ་པ་པོ་རང་ཉིད་ཀྱི་བློ་ལ་མ་འཐད་པར་བཟོ་བཅོས་ཡང་ཡང་བྱ་དགོས།རྒྱུ་མཚན་ནི་བཟོ་བཅོས་བྱེད་པའི་བརྒྱུད་རིམ་ནང་ཐོག་མའི་མ་ཡིག་ལ་ཡག་ཐོག་ཡག་བརྩེགས་ཡོང་ངེས་ལ།ཐོག་མའི་གྲུབ་ཆར་ཕན་པའི་ཕྲན་ཚེགས་གསར་པ་སོགས་ཀྱང་རྙེད་དགོས།གཞན་ཡང་རྩོམ་པ་པོར་མ་མཐའ་ཡང་དུས་རབས་དང་མཉམ་པའི་བསམ་བློ་ཡོད་དགོས།གང་ཞེ་ན།བརྩམས་ཆོས་ཀྱི་ནང་དུ་རྩོམ་པ་པོའི་གྲིབ་གཟུགས་ཚུད་ཡོད་པ་དང་།བརྩམས་ཆོས་ནང་གི་ལྟ་བ་ནི་རྩོམ་པ་པོའི་ལྟ་བ་ཡིན་པས་རྩོམ་པ་པོར་དུས་རབས་དང་མཉམ་པའི་བསམ་བློ་མེད་ན་གང་དེའི་རྩོམ་རིག་ལ་དུས་རབས་ཀྱི་དྲི་དང་བྲལ་ཞིང་།དུས་རབས་ཀྱི་དྲི་དང་བྲལ་ན་ལོ་རྒྱུས་ཀྱི་རིན་ཐང་དང་བྲལ་བས་གང་དེའི་བརྩམས་ཆོས་ཀྱི་ཚེ་སྲོག་དེ་ཉིད་ཉི་ཚེ་བ་དང་མཚུངས།

༢བོད་ཡིག་གི་རྩོམ་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐོག་ན་ལོ་རབས་བརྒྱད་ཅུ་པ་དང་།ལོ་རབས་དགུ་བཅུའི་ལོ་འགོ་ནི་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པའི་ལོ་རབས་ཤིག་རེད།ལོ་རབས་དེ་གཉིས་ནང་ངོ་མ་བོད་ཁུལ་དུ་རྩོམ་རིག་གི་མཐོ་རླབས་ཤིག་འཕྱུར་ཅིང་།ལོ་རབས་དེ་གཉིས་ཀྱི་ནང་ཐོན་པའི་རྩོམ་རིག་ལ་དུས་རབས་ཀྱི་བྲོ་བ་ཆེར་ལྡན་ཞིང་།སྒྲུང་རྩོམ་གྱི་ཚད་གཞི་གསར་རྐྱང་ཞིག་ཏུ་སླེབས་ཡོད།འོན་ཀྱང་ལོ་རབས་དགུ་བཅུའི་དུས་དཀྱིལ་དུ་སླེབས་དུས་མཐོ་རླབས་དེ་རིམ་བཞིན་འཇགས་ཏེ་ད་ལྟ་མུ་མཐུད་མདུན་དུ་བསྐྱོད་མི་ཐུབ།དེར་རྒྱུ་མཚན་མང་པོ་ཡོད་ངེས་ཀྱང་གཙོ་བོ་ནི་ཀྲུང་གོ་ཧྲིལ་པོར་འཕྱུར་བའི་དཔལ་འབྱོར་གྱི་མཐོ་རླབས་དེས་རེ་ཞིག་རྩོམ་རིག་གི་མཐོ་རླབས་དེ་བསྣུབས་པ་རེད། ང་རང་གི་ལྟ་ཚུལ་ལྟར་ན།བོད་ཡིག་གི་རྩོམ་རིག་ལ་ལོ་འགའི་ནང་འཕུར་མཆོངས་ཆེན་པོ་ཞིག་མི་ཡོང་།འཕུར་མཆོངས་ཆེན་པོ་ཞིག་ཡོང་བར་ཉུང་ནའང་ལོ་བཅུ་འགོར་ངེས།རྒྱུ་མཚན་ནི་རང་རེ་བོད་རིགས་ཀྱི་ནང་ན་ཡིག་རྨོངས་ཆེས་མང་ཞིང་།འཚོ་བ་ཡང་ཞན་པོ་ཡིན་པས་འཚོ་བའི་གནས་ཚུལ་ཐག་གཅོད་མ་བྱུང་གོང་ཡིག་རྨོངས་རྩ་མེད་དུ་གཏོང་རྒྱུ་དང་།རྩོམ་རིག་ལོངས་སྤྱོད་བྱ་རྒྱུའི་གོ་སྐབས་ག་ལ་ཡོང་།གཞན་ཡང་རང་རེ་བོད་ཡིག་གི་རྩོམ་རིག་དེ་ཇི་ལྟར་ཡང་རྒྱལ་ཡོངས་དང་རྒྱལ་ཕྱིའི་ཐོག་ན་ཀློག་པ་པོ་དང་རྩོམ་པ་པོ་ཆེས་ཉུང་ཞིང་།བོད་ཁུལ་དུའང་ད་ལྟ་རྒྱ་ཡིག་སོགས་ཡིག་རིགས་གཞན་སྤྱོད་པ་མང་བ་ལས་བོད་ཡིག་ལ་གོ་གནས་དེ་འདྲ་མེད་པས་ཀློག་པ་པོ་མོད་པའི་རྩོམ་རིག་ཅིག་ཐོན་མི་ཐུབ།འོན་ཀྱང་བོད་ཡིག་གི་རྩོམ་རིག་དེ་མི་ལ་ལའི་བསམ་ཚུལ་ལྟར་རང་སར་སྡོད་མི་སྲིད་ལ།དེ་བས་ཡལ་མི་སྲིད།གང་ཞེ་ན།མི་རིགས་གང་ཞིག་གི་རྩོམ་རིག་ནི་མི་རིགས་དེའི་ཤེས་རིག་ཡིན་ལ།རྣམ་ཤེས་ཀྱང་ཡིན་ཞིང་།མི་རིགས་དེ་དང་གཟུགས་དང་གྲིབ་མ་བཞིན་འབྲེལ་ཡོད་པས་མི་རིགས་དེ་འཕེལ་རྒྱས་འགྲོ་བ་དང་འབྲེལ་ཏེ་རྩོམ་རིག་ཀྱང་འཕེལ་རྒྱས་འགྲོ་བ་དང་།མི་རིགས་དེ་རྩ་མེད་དུ་སོང་རྗེས་རྩོམ་རིག་འཕེལ་རྒྱས་འགྲོ་མཚམས་ཀྱང་ཆད་པ་རེད།དེར་བརྟེན་མ་འོངས་ཀྱི་དུས་ན་བོད་ཡིག་གི་རྩོམ་རིག་དེར་སླར་འཕེལ་རྒྱས་ཀྱི་མཐོ་རླབས་ཤིག་འཕྱུར་རྒྱུ་གདོན་མི་ཟ།
       བདག་གིས་ཆེས་རློམ་པའི་ལེགས་བཤད་ནི
མི་ཚེའི་རིན་ཐང་ངོ་མ་ནི་བྱ་བཞག་ལ་ཟམ་མི་ཆད་པར་འབད་འཐབ་བྱེད་རྒྱུ་དེ་ཡིན་པས་སྐྱེ་བོ་གང་ཞིག་འབད་འཐབ་དང་བྲལ་ཚེ་དེ་ནི་བེམ་རོ་དང་ཁྱད་ཅི།

ཆེས་བཟོད་སྒོམ་བྱ་མི་ཐུབ་པ་ནི་རྫུན་དང་གཡོ་སྒྱུས་ལྟག་སྒོ་འགྲིམས།།བླུན་རྨོངས་བོང་རྒན་གྲལ་འགོར་འཁོར།།བོང་བུའི་མི་བསྲན་ཞེ་སྡང་གིས།།རྟ་མཆོག་སུག་བཞི་ཞགས་པས་བཅིངས།།ཉེ་དགའི་དྲ་རྒྱ་རིང་དུ་བཀྲམས།།ལྐོག་ཟ་ལྐོག་ལེན་ཙེ་གུར་སྦྱངས།། མི་ནག་དཔོན་དུ་འཁོད་གྱུར་པས།། བདེན་པའི་བུ་ཆུང་བར་དོ་འཁྱམས།།

སྙན་རྩོམ་ལ<<གངས་ལྗོངས་ཀྱི་གཏམ་རྒྱུད>><<གསར་རྩོམ་ལེགས་སཤད་གཞོན་ནུའི་ཡིད་ཀྱི་འབོད་སྒྲ>>སོགས་ཡོད །

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩོམ་འབྲིའི་མྱོང་ཚོར་དང་ལྟ་ཚུལ་རགས་པ།

2009-05-06 ཨོ་རྒྱན་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།