གློག་བརྙན་འཁྲབ་སྟོན་པ་ཞིག་ལས་འཕྲོས་ཏེ་ནག་ཚོགས་གླེང་བ།

                    ནག་ཚོགས་ནི་ཟི་ལིང་དང་གོར་མོ་སོགས་ཀྱི་རྐུན་ཕྲུག་མགོ་རིལ་དེ་ཚོ་ལ་ངེས་བཟུང་ན་འུ་ཅག་འཁྲུལ་ཡག་རེད། ནག་ཚོགས་ནི་མི་བུ་བཅུ་ཚན་ལྔ་དྲུག་ཅིག་གིས་མཚན་སྤྲོ་ཁང་རེ་ཨུ་ཚུགས་ཀྱིས་ཕྱེས་ཡོད་པ་དེ་ཡང་ཁྱོན་ནས་མ་རེད།  ནག་ཚོགས་ནི་ལུས་རྒྱབ་དུ་འབྲུག་གཟུགས་དང་སྟག་རིས་ཕབ་ཡོད་པའི་ཡོག་ལི་ཤ་དར་ཁྲག་དར་ཚོ་ནི་གཞར་ཡང་ཡིན་མི་སྲིད་ལ། ནག་ཚོགས་ནི་མིག་ཤེལ་ནག་པོ་བརྒྱབ་ཅིང་ལྭ་རིང་ནག་པོ་བཀླུབས་ལ་འཇེབ་འཁོར་ནག་པོ་བསྐོར་བ་ཙམ་གྱིས་འགྲུབ་པ་ཞིག་ནི་ག་ལ་ཡིན།ནག་ཚོགས་ནི་མཆུ་ནས་དུ་བའི་ཨ་ལོང་གཏོང་ཞིང་སྐད་ནས་སྡིགས་དམོད་ཅི་ཐོན་བརྩི་ལ་ལག་ནས་གྲི་ཆུང་བྱུང་རྒྱལ་འཕྱར་བ་ཙམ་གྱིསའོང་པ་ཞིག་ཀྱང་རྐང་ནས་མ་རེད་དེ།   
                  
དེ་དག་ནི་འཚོ་གནས་ཀྱི་ཆེས་མ་མཐའི་ཁག་ཐེག་ཀྱང་མ་རེག་པའི་སྤྱང་ལྟོགས་ཁྱུ་ཞིག་གི་གླལ་སྒྱིང་རེད་པས། དེ་དག་ནི་ལས་བགོས་ཀྱི་དཀར་ཡོལ་སང་དིར་རེ་ཆག་པའི་ཁྱི་ལྡོམ་ཁག་ཅིག་གི་གཞབ་རྒྱུག་རེད་པས། དེ་དག་ནི་གུ་ཐུག་ཐབས་ཟད་དང་ཁག་མེད་བཅོས་བྲལ་གྱི་ལྕེབ་སྟངས་རིགས་ཤིག་རེད་པས།  འཆི་སྟངས་རིགས་ཤིག་རེད་པས། ཁྱེད་ཉིད་དེ་ཙམ་ལ་གཉིད་བཅག་ཟས་བརྗེད་ཀྱི་ཞེད་པ་དྲག་པོ་སྐྱེ་དགོས་མི་འདུག་སྟེ། རྒྱུ་མཚན་ནི། ནམ་ཞིག་ལ་ཁྲིམས་ལུགས་ཟེར་བ་ཞིག་གིས། ཀུན་སྤྱོད་ཟེར་བ་ཞིག་གིས། རྒྱལ་ཁབ་ཟེར་བ་ཞིག་གིས། གང་ལྟར་བོའུ་ཐུང་ཁྱེར་ཞིང་ཤ་ཁྱི་ཁྲིད་པའི་ནག་ཚོགས་གཞན་ཞིག་གིས་ཁོ་ཚོ་ཤུལ་མེད་རྩ་མེད་དུ་བཏང་འགྲོ་བས། སྐད་ཅིག་ཙམ་ལའང་བཤའ་ལུག་བཞིན་དུ་འཛིན་ཅིང་སྐམ་ཟོག་ལྟར་དུ་གསོད་འགྲོ་བས། སྙིང་རྗེ་ཞིང་ལག་མ་ཆགས་པའི་བྱིས་རྟགས་དེ་ལ་མི་རྣམས་ཀྱིས་ནག་ཚོགས་སུ་གཞར་ཡང་འདོད་པ་མ་རེད། 
               དེ་ལས་ལྡོག་སྟེ། ནག་ཚོགས་དངོས་ནི་རླབས་ཆེ་བའི་ཚན་རིག་ཞིབ་འཇུག་གི་ལས་ཀའི་ཁྲོད་ནས་ཀྱང་འབྱུང་སྟེ། ཚེ་སྲོག་གིས་ཚོད་ལྟ་བྱེད་ཅིང་དོན་སྣོད་ཀྱིས་རྒྱུ་ཆ་བསོག་པའི་བྱ་རིམ་ཧྲིལ་པོའི་ཁྲོད་དུ། བྱིས་པ་གསོན་པོ་མེ་ལ་བསྲེག་པ་དང་། བུད་མེད་ཀྱི་ནུ་མ་ལྕགས་ལ་གཟིར་བ། སྙིང་དང་སྙིང་བརྗེ་བ། དབང་རྟེན་དང་དབང་རྟེན་སྤོར་བ་སོགས་འགེལ་མེད་སྐྱེ་བོ་ཁྲི་སྟོང་དུ་མས་དམྱལ་བའི་སྡུག་བསྔལ་མངོན་སུམ་མྱོང་བཞིན་ཡོད་པ་རེད།  ནག་ཚོགས་དངོས་ནི་མང་གཙོ་དང་འདྲ་མཉམ་གྱིས་ཕྱི་ཐུམ་འབོལ་པོ་བསྐྱོན་པའི་སྲིད་གཞུང་རུལ་སུངས་ཀྱི་རྒྱལ་ཇུས་གསེབ་ནས་ཀྱང་ཐོན་ཏེ། བདེན་དཔང་འུད་བཟོ་ཅན་དང་གསར་འགྱུར་རྫུས་སྐྱོན་ཅན་དག་གིས་ཐ་གྲུའི་མི་སེར་ཉམ་ཆུང་དག་ལ་ཅི་མི་སྙམ་པར་བཙན་འཛུལ་གཉོམ་བསྒྱུར་བྱེད་ཅིང་།  རྣོ་སྤུ་གྲིའི་ཁ་ནས་མི་ཤི་ན། ། མི་ཤི་བ་མི་འདྲ་གཉིད་པ་འདྲ། །ཅེས་པ་བཞིན་གཟུགས་ལུས་ན་རྨ་ཤུལ་མེད་པར་གསོན་སྙིང་སྤར་ལེན་བྱེད་པའི་གཡུལ་འཐབ་འབའ་ཞིག་སྟོན་ཏེ། ཕྱོགས་ཀྱི་མི་རིགས་སྡུག་ཆགས་དེ་དག་གཅེས་པ་བཞིན་དང་གཉོར་པ་བཞིན་དང་སྐྱོང་བ་བཞིན་དུ་ས་རྡུལ་དང་རྨེག་མེད་འདྲེས་སུ་འཇུག་གིན་ཡོད་པ་རེད། 
                ཚོད་བཤད་ཅིག་བརྒྱབ་ན། གནས་དུས་གང་རུང་དུ་ཁྱོད་ཀྱིས་ལག་རྩ་ལ་ཉན་བརྟགས་གནང་བཞིན་པའི་ཨེམ་རྗེ་ཞལ་དྲོ་དེ་ཡང་ནག་ཚོགས་སྟོང་གི་བྱེད་གཏེ་ཞིག་མིན་ཞེས་སུས་ཀྱང་ཇི་ལྟར་སྨྲའམ། སྒོ་བྱང་དུ་ལུས་གསོ་དང་འཕྲོད་བསྟེན་སོགས་ཐ་སྙད་སྙན་སྙན་ཁོ་ན་བྲིས་པའི་སྨན་ཁང་དེ་ནི་སྐྱི་གཡའ་ཞིང་ཁོག་འདར་པའི་ནག་ཚོགས་ཁང་གཤའ་མ་ཞིག་མིན་ཞེས་སུས་ཀྱང་ལབ་ཐབས་བྲལ།  དེ་བཞིན་དུ་རྒྱལ་ཁབ་རིམ་པའམ་ཞིང་ཆེན་རིམ་པའི་སྨན་ཁང་གང་དེའི་ལྟག་རྒྱབ་བམ་གྲུ་ཟུར་གང་རུང་ན་ཉལ་ཐའི་དོ་པོ་རི་ལྟར་བརྩིགས་ཅིང་འགལ་རྫས་དང་གསོད་མཚོན་མང་པོ་འཕྲང་ལ་བསྟར་མེད་ཅེས་ཀྱང་ནམ་ཡང་ཤོད་རེ་དཀའ།
                   
འུ་ཚོས་གཞར་ཡང་འཛམ་གླིང་ཡོངས་ལ་བརྡ་བསྒྲགས་བྱས་ཟིན་པའི་ནག་ཚོགས་བྱེད་གཏེ་ལྔ་འམ་བཅུ་སྟེ་པིན་ལ་ཏིན་དང་སཱ་ཏ་མོ་སོགས་ལ་མཐའ་གཅིག་ཏུ་མཛུབ་ཆུང་ཀེར་བ་དེ་ཡང་། ཞིབ་ཏུ་བསམས་ན་གློག་བརྙན་དང་གསར་འགྱུར་སོགས་ལ་རློམ་དྲགས་པའི་བྱིས་རྟགས་འཁྲུལ་མེད་རང་རེད།  པིན་ལ་ཏིན་དང་སཱ་ཏ་མོ་སོགས་ཀྱང་ནག་ཚོགས་ཙམ་པོ་བ་རེ་ཏན་ཏན་ཡིན་ངེས་ནའང་། ཁོ་ཚོ་ནི་ཇུས་ངན་ཁྱད་མཚར་ལྡན་པའི་འཇིག་རྟེན་གྱི་ནག་ཚོགས་མང་པོའི་ཁྲོད་ཀྱི་ཧ་ཅང་ཁ་ལས་མི་དགེ་མཁན་ནམ་ཚད་ངེས་ཅན་ཞིག་ནས་གསང་གབ་སྦས་གསུམ་ལ་དེ་ཙམ་བྱང་ཆ་མ་ཐོན་ཞིང་། ཁྱོན་ནས་རྒྱབ་རྫི་དང་ཁ་འཛིན་ཉུང་ཐལ་པའི་ནག་ཚོགས་ཕལ་བ་སྐོར་ཞིག་ཡིན་ངེས་ཏེ། དེའི་རྐྱེན་གྱིས་ཁོ་ཚོའི་རྫུན་ཕུགས་སླ་བོར་བརྡོལ་ཞིང་ས་སྒང་ཡོངས་ཀྱི་ནག་ཚོགས་ཀྱི་དཔེ་མཚོན་ལྟ་བུར་གྱུར་པ་མ་ཡིན་ནམ།
                   
ཉིག་ཡོ་དང་པེ་ཅིན་སོགས་ཀྱི་ལྐོག་ཟ་མཁན་རེ་གཉིས་ལ་ཁྲིམས་ཐག་བཅད་ཅིང་སྨྱན་བྱེད་བརྒྱུད་ནས་ཁྱབ་སྒྲོག་ཙམ་བྱས་པ་དེས་འཇིག་རྟེན་ཧྲིལ་བོའི་ནག་ཚོགས་ཡོངས་ཀྱི་ཚང་མལ་རྫོགས་སོང་བ་གཏན་ནས་མི་མཚོན། འོ་ཕྱེ་དུག་ལྡན་དང་འཁྲིག་སྤྱོད་བརྙན་ཐག་བསྐྲུན་པའི་བཟོ་གྲྭ་འགའ་ཞིག་གི་རྒྱ་སྒོར་ཁྲམ་རྟགས་ཙམ་བརྒྱབ་པ་དེས་ཀྱང་། གླིང་ཆེན་ཀུན་གྱི་ནག་ཚོགས་ཐམས་ཅད་རྩད་རྫོགས་སུ་སོང་བ་དེ་འདྲ་རང་ཡེ་ནས་མི་སྟོན། 
                 ནག་ཚོགས་ནི་མང་གཙོ་དང་འདྲ་མཉམ། རང་དབང་དང་དྲང་བདེན་སོགས་ཀྱི་ཁ་གཡང་སྒྲོག་མི་སྒྲོག་ལ་ལྟོས་པ་ཞིག་ཡེ་ནས་མིན་ལ། ནག་ཚོགས་ནི་སྨན་ཁང་དང་མགྲོན་ཁང་།  ཀུང་སི་དང་སྤྱི་བདེ་ཅུའུ་སོགས་ཀྱི་ཕྱི་ཤུན་ཙམ་ལྡན་མིན་ལ་ལྟོས་པ་ཞིག་ཀྱང་ལར་ནས་མིན་སོང་། 
                 དཔེ་དེབ་དང་གློག་བརྙན་སོགས་ལས་ནག་ཚོགས་ཐམས་ཅད་ཀྱི་མཇུག་འབྲས་ཕམ་ཁ་ཡིན་པ་དེ་ནི་རྩོམ་པ་པོ་དང་འཁྲབ་འཁྲིད་པ་སོགས་ཀྱི་ཐུགས་སྨོན་དང་ཞེ་འདོད་ཙམ་དུ་ངེས་བཟུང་ན་མི་ཆོག་པ་མེད་མོད།  དོན་དངོས་ཀྱང་དེ་འདྲའི་བཀྲ་ཤིས་བདེ་ལེགས་ཤིག་རེད་བསམ་ན་རང་མགོ་རང་གིས་གཡོགས་པ་ཙམ་ལས་མ་འདས་པའོ། །
                  ནག་ཚོགས་ནི་མངོན་མངོན་གསལ་གསལ་གསལ་གྱིས་ཚོགས་ཆེན་དང་ཚོགས་ཆེན་བསྡུས་ནས་འགྲོ་བ་ཞིག་ལས། ལྐོག་ལྐོག་སུད་སུད་ཀྱིས་བུད་མེད་དང་བྱིས་པ་འགའ་རེ་བཙན་ཁྲིད་བྱེད་པ་ཙམ་ལ་གོ་ན་དྲུང་ནས་ཁྱབ་ཆུང་སོང་། ནག་ཚོགས་ནི་ལས་ཁུངས་དང་རྩ་འཛུགས།   གོ་རིམ་དང་སྒྲིག་ལམ་ཡོད་པའི་འཇིག་རྟེན་ཆེ་ཞིག་ཡིན་པ་མ་གཏོགས།  གཞབ་རྒྱུག་དང་ཧོལ་མཆོང་གིས་ལུ་གུ་རེ་གཉིས་ཨེ་རྫོགས་ལྟ་མཁན་དེ་ཚོ་རང་གང་ནས་ཡིན་ནམ། 
                  དེ་ལྟར་དུ། འགལ་འདུས་གྲུབ་པའི་འཇིག་རྟེན་འདི་ནས་གཞར་ཡང་འགལ་འདུའི་བྱ་བ་འབའ་ཞིག་འབྱུང་སྟེ། དཔེར་ན། མི་བུ་ཉེས་མེད་སྐོར་ཞིག་ནག་ཚོགས་ཀྱི་གཉའ་ཤིང་དང་བཅས་ཏེ་ལོ་རྒྱུས་དེབ་ཐེར་གྱི་ནང་དུ་བཅུག་ཟིན་ལ། མི་བུ་དཔྱོད་ལྡན་སྐོར་ཞིག་ཉེས་ཅན་ཀྱི་ཞྭ་མོ་དང་ལྷན་དུ་མི་ངན་ནག་ཚོགས་སོགས་སུ་འུར་བཞིན་པ་དང་། མི་བུ་དམ་པ་སྐོར་ཞིག་ནི་འབྱུང་འགྱུར་ལའང་ནག་ཚོགས་ཀྱི་རྒྱ་ཐམ་དང་མཉམ་པོར་འཇིག་རྟེན་ཁམས་སུ་གྲགས་ངེས་པས། གནས་ལུགས་ལ་དཀར་འདོན་ཐོབ་མི་ཐོབ་ཟེར་པ་དེ་ཡང་ཡུལ་དུས་གནས་གསུམ་གྱི་ཆ་རྐྱེན་ལ་ལྟོས་དགོས་པ་ཞིག་ཅི་ལ་མིན་ནམ།   དེ་བས་ན། སྔོན་མ་ཁོ་བོ<<འཛམ་གླིང་གི་ལོ་སྟོང་ཚོ་ལྔའི་ལོ་རྒྱུས>>ཞེས་པའི་དེབ་རྒན་དག་ལ་མཇལ་སྐབས་ཀྱང་མཐའ་གཅིག་ཏུ་ལོ་རྒྱུས་དྲང་ལྡོག་གི་མི་སྣ་དེ་ཚོར་ཡི་རང་ངམ་དགག་པ་གང་ཡང་བྱེད་ཐུབ་མ་སོང་ཐལ། དེའི་རྒྱུ་མཚན་ནི། མིའི་རིགས་ཧྲིལ་བོས་འཁྱོག་བསྒྱུར་དང་སྦགས་སླད་གཏོང་བཞིན་པའི་རྫུས་མའི་ས་ཐོག་འདི་ན།  ཡོངས་སུ་དག་པའི་སྐད་ཆའམ་ཅི་ཞིག་ཡོད་མེད་ལ་དོགས་བློ་ཚད་མེད་དུ་སྐྱེས་པས་སོ། །
                  འཇིག་རྟེན་འདིར་ནག་ཚོགས་སྐོར་ཞིག་གིས་ནི་དཔལ་ཡོན་གྱི་མིང་བྱང་མཐོ་རུ་བཏེགས་ཏེ་བསྐལ་བའི་རྒྱལ་རབས་ཆེན་མོ་ཕུགས་སུ་བསྐྱེལ་བ་ཡོད་ལ། ཡང་ནག་ཚོགས་སྐོར་ཞིག་ནི་ཆེ་གྲགས་དཔལ་གསུམ་གྱི་མཚན་ཐོབ་དང་བཅས་ཏེ་སྐུ་ཚེའི་རྒྱལ་མཚན་འཁོར་ལོ་མཐར་ཕྱིན་པའང་ཇི་འདྲ་མང་། ད་དུང་ནག་ཚོགས་སྐོར་ཞིག་གིས་ནི་བཟང་གི་ཅོད་པན་ཐོད་ལ་བཅིངས་ཏེ་སྲིད་པའི་བང་སོ་གང་ཞིག་ཏུ་ཐིམ་ཚར་ཤག་ལ། ཡང་ནག་ཚོགས་སྐོར་ཞིག་ནི་ལེགས་པའི་ཁ་སྟབས་དང་བཅས་ཏེ་མི་ཡུལ་གྱི་རྒྱལ་ཁབ་དང་རྒྱལ་ཁབ་བར་ན་འགྲོ་འོང་ལ་བྲེལ་འདུག 
                 དེ་བས་ན། འཇིགས་སུ་རུང་བའི་ནག་ཚོགས་ཟེར་བ་དེ་ནི་ཁྲིམས་ལུགས་དང་ལྷན་དུ་ཐོན་གྱིན་ཡོད་པས་ཡ་ལན་སྤྲད་ན་ཁྲིམས་འགལ་རེད། ཁྲིམས་ལུགས་ལ་མི་སྐྲག་པའི་དཔའ་བོ་སུ་ཞིག་ཡོད། དེ་བས་ན།  འཇིགས་སུ་རུང་བའི་ནག་ཚོགས་ཟེར་བ་དེ་ནི་ཀུན་སྤྱོད་དང་མཉམ་དུ་འགྲོ་བཞིན་མཆིས་པས་དོགས་སློང་བྱས་ན་ནག་ཉེས་རེད། ལུགས་སྲོལ་ལ་མི་འཇིགས་པའི་དཔའ་བོ་སུ་ཞིག་ཡོད། གང་ལྟར་ནག་ཚོགས་ནག་ཚོགས་ཟེར་བ་དེ་ནི་ཁྱོད་ཀྱི་མིག་གིས་རིག་ས་ཞིག་དང་རྣ་བས་གོ་ས་ཞིག་ན་མེད་ཁོ་ཐག་རེད། གང་ལྟར་ནག་ཚོགས་ནག་ཚོགས་ཟེར་བ་དེ་ནི་སྙིང་ན་བའི་ཨེ་ཙི་འགོས་ནད་བཞིན་དུ་རྒྱལ་ཁབ་དང་མི་རིགས་ཀྱི་དབྱེ་བ་གཏན་མེད་པར་ས་སྒང་ཧྲིལ་བོར་མེར་གྱིས་ཁྱབ་ཡོད་ཅིང་། གཞར་ཡང་གཉེན་པོ་སྟོབས་ལྡན་ཟེར་བ་མེད་ལ་ནད་རྟགས་འཁྲུལ་མེད་ཅིག་ཀྱང་ཤོད་དཀའ་ཚོད་རེད། 
                  དྲན་ཚུལ་འདི་འདྲ་ཞིག་ལ་རྐྱེན་བྱས་ཏེ་ཁོ་བོས་འཛམ་གླིང་གི་གློག་བརྙན་གྲགས་ཅན་བརྒྱ་འམ་ལྔ་བཅུ་ཟེར་བ་དག་ལོགས་སུ་བསྐྱུར་ཅིང་། ཐེ་ཝན་དང་ཤང་ཀང་སོགས་ཀྱི་མཐོ་རིམ་བརྙན་འཕྲིན་ཁང་དག་གིས་ཕབ་བསྒྱུར་བྱས་པའི་ཟེར་སྡེར་སྤུས་གཙང་དག་ཀྱང་ཟུར་དུ་འཕངས་ཏེ།  ཤས་ཆེར་ནག་ཚོགས་ཀྱི་བྱེད་གཏེ་འབའ་ཞིག་འཁྲབ་ཡོད་པའི་གློག་བརྙན་འཁྲབ་སྟོན་པ་ཟོན་ཧོང་ལིན་གྱིས་གཙོ་འཁྲབ་བྱས་པའི་ཟེར་སྡེར་རང་ག་མ་སྐོར་ཞིག་ཆེད་དུ་འོས་སྦྱོར་བགྱིས་པ་ཡིན་ལ། སྤྱིར་ཡིན་ན་བར་མཚམས་འདི་ནས་གློག་བརྙན་དེ་དག་གི་འཁྲབ་འཁྲིད་མཁས་ཆེན་རྣམས་ཀྱི་ཆེ་བ་ནི་ཅིས་ཀྱང་བརྗོད་འོས་ཤིག་ཡིན་ལས་ཆེ་མོད། རང་གིས་བསམ་སྟངས་ལ་ནི་ཟོན་ཧོང་ལིན་གྱིས་འཁྲབ་སྟོན་བྱས་པའི་གློག་བརྙན་དག་གི་ཁྱད་ཆོས་དེ་ཧ་ཅང་དམིགས་བསལ་བ་ཞིག་རེད་འདོད་པས།  ངལ་བ་དེ་འདྲ་ཡང་བསམ་བཞིན་ལྷུར་དུ་མ་བླངས་པ་ཡིན་ཅིང་། ཁྱེད་ནས་གློག་བརྙན་འདི་ཚོར་ཞིབ་ཏུ་བལྟས་པའི་རྗེས་སུ་ཁོ་བོའི་གཏམ་ཐུང་འདི་ལ་ཡང་ངེས་ཤེས་རན་ཙམ་ཅིས་ཀྱང་འདྲོང་ངེས་ཡིན་ལ། དེ་སྟེ་ཟོན་ཧོང་ལིན་གྱི་ལུས་སྟེང་ནས་ཐོན་པའི་མྱངས་མི་མཛད་པའི་བྱེད་སྟངས་དང་མིའི་གཉུག་གཤིས་ཀྱི་འགྱུར་འགུལ་སོགས་ལ་མྱོང་རོལ་བྱེད་པ་དང་ཆབས་ཅིག ། ནག་ཚོགས་དང་དཀར་ཚོགས་གཉིས་ཀ་རྦད་དེ་འདྲེས་ནས་བཀར་དཀའ་ཚུལ་དང་། ལན་རེར་དཀར་ཚོགས*ལ་བལྟས་ནའང་ནག་ཚོགས་ལ་སྙིང་རྗེ་ཤས་ཙམ་ཅིས་ཀྱང་ཡོད་སྲིད་པ་དང་། ནག་ཚོགས་ནག་ཚོགས་མིན་ཅིང་དཀར་ཚོགས་ད་གཟོད་ནག་ཚོགས་ཡིན་པ་ལ་སོགས་ཀྱི་གནད་དོན་རྡོག་པོ་སྐོར་ཞིག་གི་གསང་རྒྱ་ཧར་གྱིས་རྟོགས་འོང་ཞིང་། ཁད་དང་ཁད་ཀྱིས་མི་ཡུལ་ཁམས་སུ་དུས་གསུམ་ཀུན་ལ་སྦས་སྐུང་བྱས་ནས་ཡོད་པའི་ནག་ཚོགས་ངོ་མ་བོ་དེ་ཡང་མག་མོག་སབ་སིབ་ཅིག་མཐོང་བར་འགྱུར་བས་ངོ་མཚར་ཤིན་ཏུ་ཆེའོ་སྙམ། འོན་ཏེ།  འདི་ལའང་འཁྲབ་འཁྲིད་པ་དང་སྤྱི་ཚོགས་ཀྱི་ཐིག་ཤིང་འདྲ་མིན་གྱི་ཚད་བཀག་ནི་ཅིས་ཀྱང་ཐེབས་སྲིད་པ་ཡིན་པས།  གཞར་ཡང་ཐམས་ཅད་པོར་ཡིད་ཆེས་འབའ་ཞིག་བྱ་ཆོག་ཅེས་པའི་དོན་ཡང་མེད།  གང་ལྟར་ཟོན་ཧོང་ལིན་གྱིས་འཁྲབ་པ་ཞིག་ཡིན་ཚེ་དྲང་ལྡོག་སུ་ཞིག་ཡིན་ཀྱང་འཁྲབ་སྟོན་པ་གཞན་དག་ལྟར་དུ་པྲ་ཚིལ་གྱིས་བཟོས་པ་དེ་འདྲ་རང་ཁྱོན་ནས་ཆགས་མེད་ཅེས་པ་དེའོ། ། 
                   མདོར་དེད་ན། ཁོ་བོས་རང་ཉིད་དམ་འཇིག་རྟེན་འདི་ལ་འཕྲལ་མར་འདྲི་འདོད་པ་ཞིག་ནི་མི་ཡུལ་ཁམས་ཀྱི་ནག་ཚོགས་དང་དཀར་ཚོགས་ཞེས་པར་དོན་དངོས་སུ་དབྱེ་མཚམས་གསལ་པོ་ཞིག་ཡོད་དམ་མེད་ཅེས་པ་དེ་ཁོ་ནའོ། །

                                                                                           2009.2.23

       *དཀར་ཚོགས་ནི་ནག་ཚོགས་ལ་ལྟོས་ཏེ་བཏགས་པའི་མིང་བརྡ་གསར་པ་ཞིག་ཡིན་ལ། ཡང་དག་པ་ནི་འདིའོ་དང་ལྷད་མེད་པ་ནི་འདིའོ་ཟེར་མཁན་གྱི་སྲིད་ལུགས་དང་ཚོགས་པ་སོགས་ལ་གོ་ཆོག་པ་ལས་གཞན།  བདེན་པ་ནི་ངའོ་དང་ཚད་མ་ནི་ངའོ་ཟེར་མཁན་གྱི་མི་བུ་སྒེར་ཀྱང་དེའི་ཁོངས་སུ་བསྡུ་རུང་པ་ཞིག་ལོས་ཡིན་འདོད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གློག་བརྙན་འཁྲབ་སྟོན་པ་ཞིག་ལས་འཕྲོས་ཏེ་ནག་ཚོགས་གླེང་བ།

2009-03-24 སེང་རྡོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།