བདག་དང་ཨ་རྡོར།

བདག་ལ་མཚོན་ན་ད་ལོའི་དགུན་གནང་གི་ཟླ་བ་དེ་གཉིས་ཀ་ནི་ཧ་ཅང་ལྷིང་འཇགས་ལྡན་ལ་ལུས་སེམས་གཉིས་ཀར་མི་གནོད་པ་ཞིག་སྟེ། དེ་ནི་སྔོན་མ་ལྟར་གྲོགས་པོ་མང་པོ་བསྡུས་ནས་རྩེད་མོ་དང་ཆང་རག ཡང་ན་ལོངས་སྤྱོད་གཞན་གང་རུང་ལ་རོལ་བ་ཞིག་མ་ཡིན་པར་གྲོགས་པོ་ཨ་རྡོར་དང་མཉམ་དུ་སོས་དལ་མོས་ཉིན་ཞག་རེ་རེ་བཞིན་ཕར་བསྐྱལ་བ་དེ་ཡིན། ཉིན་ཞག་དེ་དག་ངས་སྔ་དྲོ་རེ་རེར་ལུས་ཐོག་ནས་ཕར་བཤུ་བཞིན་པའི་མལ་ཐུལ་ཡང་མོ་དེའི་དཔེ་རུའང་དགོད་ཆོག

ཆུང་མ་ནང་ལོགས་ཀྱི་ནང་བའི་གནས་ཆེན་དག་ལ་མཇལ་སྐོར་དུ་ཕྱིན་པ་དང་བུ་མོ་རུ་ནང་གི་སྒྱུག་པོ་སྒྱུག་མོ་གཉིས་ལ་བཅོལ་རྗེས་ང་རང་གྲོགས་པོ་ཨ་རྡོར་གྱི་གམ་ལས་གཞན་གང་ལའང་འགྲོ་མི་འདོད་ལ་འགྲོ་འདོད་ཀྱང་རླངས་འཁོར་དང་མེ་འཁོར། ཡང་ན་གནམ་གྲུ་སོགས་ལས་ཕར་འགྲོའི་ཚུར་འགྲོའི་དཀའ་ཚེགས་དེ་བཟོད་མི་ཐུབ་པ་འདྲ། དེའི་ཕྱིར་སེམས་ཁྲལ་ཅི་ཡང་མེད་པར་ཡར་ལངས་ཤིང་དེ་ནས་མར་ཉལ་རྒྱུ་ནི་མི་ཚེ་འདིའི་བདེ་སྐྱིད་ཀྱི་གྲུབ་ཆ་ཞིག་རེད་ཅེས་བཤད་ཀྱང་ཆོག

ཆུང་ངུའི་དུས་སུ་བདག་ནི་གཏམ་རྒྱུད་ལ་ཉན་པ་དང་། ཆོས་འདོན་པ། པྲ་འཆལ་གྱི་ལས་སྣ་ཚོགས་སྒྲུབ་པ། རྩེད་མོའི་རང་བཞིན་གྱི་རྨི་ལམ་རྨི་བ་སོགས་ལས་དགའ་ཕྱོགས་གཞན་ཅི་ཡང་མེད་པའི་བྱིས་པ་པྲ་ཚེགས་ཤིག་ཡིན་ནའང་ད་ལྟའི་དུས་སུ་བདག་ནི་དགའ་ཕྱོགས་མང་དྲགས་ཏེ་ཅི་ཞིག་འདེམས་དགོས་པ་མི་ཤེས་པའི་མི་དར་མ་ཞིག་ཏུ་གྱུར་ཡོད་ལ་བསམ་བློ་ཞིབ་ཏུ་བཏང་ན་དེས་རང་ཉིད་ནི་ཅི་ཡང་མི་འཁྱོངས་པ་ཞིག་ཏུ་འང་སྒྱུར་གྱིན་པ་འདྲ། དེ་བས་གྲོགས་པོ་ཨ་རྡོར་གྱི་ནན་ཏན་དང་ཞིབ་ཚགས། གོ་རིམ་ལྡན་པའི་འཚོ་བ་སྐྱེལ་སྟངས་དང་སློབ་སྦྱོང་བྱ་སྟངས་དེའི་མདུན་ནས་བདག་གི་བྱ་སྤྱོད་མཐའ་དག་བྱིས་པས་རྩེད་མོ་རྩེ་བ་ལྟ་བུའི་ཉམ་ཆུང་ནུས་མེད་ཅིག་ཏུ་འང་གྱུར་འགྲོ། འབུམ་རམས་པར་རྒྱུགས་འཕྲོད་པ་ནས་བཟུང་། ཨ་རྡོར་གྱིས་རང་ཉིད་བོད་རྒྱ་དབྱིན་གསུམ་གྱི་ཡི་གེར་བྱང་ཆ་ཧ་ཅང་ཆེ་བའི་འཇོན་ཐང་དེ་རྩ་བར་བྱས་ནས་ནང་བ་སངས་རྒྱས་པའི་ཆོས་གཞུང་ལ་སློབ་སྦྱོང་དང་ཞིབ་འཇུག་གཅིག་ལྕོགས་སུ་བྱས་པར་མ་ཟད་རྒྱལ་སྤྱིའི་སྟེང་གི་བོད་རིག་པའི་མཁས་ཆེན་དག་གི་ལྟ་བ་ཕན་ཚུན་བསྡུར་ནས་ནང་རིག་པའི་ཐ་སྙད་གལ་ཆེན་ཞིག་སྟེ་བདེ་གཤེགས་སྙིང་བོར་དཔྱད་རྒྱུ་དེ་རང་གི་དཔྱད་རྩོམ་གྱི་བརྗོད་སྙིང་དུ་བཟུང་ཡོད་པས་བདག་གིས་ཁོའི་མིང་ལ་སྐབས་འགར་བདེ་གཤེགས་སྙིང་བོ་ཞེས་འབོད་ཀྱི་ཡོད། ངས་ཀྱང་ཁ་བརྡ་དང་རྩེད་མཚར་གྱི་ཁྲོད་ནས་རིག་པ་གསར་བ་མང་པོ་ཞིག་རྙེད་ལ་རིག་པ་དེ་དག་རང་གི་རྩོམ་རིག་གསར་རྩོམ་དང་རྩོམ་རིག་ཞིབ་འཇུག་གི་ཁྲོད་དུ་བཀོལ་ནུས་པའི་བློ་གདེང་ཞིག་ཀྱང་བྱུང་།

དེ་ལྟ་ནའང་རིག་གཞུང་ཞིབ་འཇུག་དང་ཡིག་སྒྱུར། གསར་རྩོམ་བཅས་ཀྱི་དྲི་ཞིམ་གྲུ་ག་ཀུན་ན་འཐུལ་བའི་ཁོང་གི་ཁང་ཆུང་དེའི་ནང་ལ་ད་དུང་ཡང་དངོས་པོ་མང་པོ་ཞིག་མཁོ་བ་འདྲ་ལ་དེ་དག་ལས་ཀྱང་ཆེས་གལ་ཆེ་བ་ནི་ཁོའི་ལས་ཀ་ལ་རམ་གདེགས་བྱེད་ཅིང་དུས་ཚོད་ལ་བར་ཆད་མི་བྱེད་པའི་བུ་མོ་མཛེས་མ་ཞིག་ཡིན་པ་འདྲ། བུ་མོ་དེ་གང་དུ་ཡོད་དམ། བུ་མོ་དེས་ངའི་གྲོགས་པོ་ཁོང་གི་མི་ཚེ་དང་འཚོ་བའི་ནང་ལ་ཁ་དོག་གསར་བ་འདྲ་བསྣན་ཡོང་ངམ། གཅིག་བྱས་ན་ཁེར་རྐྱང་ནི་སྐྱེས་བུ་དམ་པ་ཞིག་གི་འཚོ་བའི་ནང་མེད་ཐབས་མེད་པ་ཞིག་ཡིན་སྲིད་ཀྱང་ཁེར་རྐྱང་གཅིག་བུས་ཚེ་སྲོག་གི་དོན་སྙིང་འཚོལ་རྒྱུ་ནི་ཧ་ཅང་ཁག་པར་སྣང་། དེ་བས་བོད་མི་རིགས་ལ་ཤ་ཞེན་ཆེ་ཞིང་མཛངས་མའི་ཡོན་ཏན་ཚང་བའི་བོད་རིགས་བུ་མོ་ཚོས་ཁོང་གི་ཁ་པར་ནང་ལ་མཛའ་འཕྲིན་མཚམས་མི་ཆད་པར་སྐུར་བའི་རེ་བའང་ཞུའོ།།

སྤྱིར་ན་ཨ་རྡོར་དང་ངེད་གཉིས་ཀྱི་གཉིས་ཀའི་གཤིས་ཀ་ལ་མི་འདྲ་བའི་ཆ་ཧ་ཅང་མང་བ་ངེད་གཉིས་ཀྱི་བརྩམས་ཆོས་ལ་བལྟས་ན་ལྷང་ལ་འབུད་ངེད་རེད་མོད། འོན་ཀྱང་མི་འདྲ་བའི་ཆ་དེས་ངེད་གཉིས་ལ་བསམ་ཚུལ་བརྗེ་རེས་ཀྱི་ཁོར་ཡུག་ལེགས་པོ་ཞིག་ཀྱང་གྲུབ་ཏུ་འཇུག སྐབས་འགར་ངེད་གཉིས་བར་ཚིག་རྩོད་འཆོར་བ་དང་ངོ་གནག་སྟེ་འཛིང་ལ་ཁད་བྱེད་པའི་དུས་ཀྱང་ཡོད་མོད་མཛའ་བརྩེའི་མེ་ཕུང་དེ་ནི་ཆར་ཆུ་ཉུང་ཙམ་གྱིས་བརླག་མི་ཐུབ་པར་སྣང་།

གང་ལྟར་སློབ་གསོའི་གནས་བབས་ཧ་ཅང་ཉམ་ང་བར་གྱུར་བའི་དེང་གི་དུས་འདིར་མི་རབས་རྗེས་མ་ཚོས་ཨ་རྡོར་ལ་སློབ་སྦྱོང་བྱ་དགོས།

༢༠༠༩ལོའི་ཟླ་༢པའི་ཚེས༩ཉིན་ཨ་རྡོར་དུས་ཆད་བཏབ་པའི་བུ་མོ་ཞིག་ལ་འཕྲད་དུ་སོང་ཤུལ་ཏུ་སྐུ་འབུམ་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།