བོད་ཀྱི་སྤྱི་སྐད་སྐོར་ལས་འཕྲོས་པའི་གཏམ་ཐར་ཐོར།

རིན་སྤུངས་ཚུལ་བསྟན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-01-05

        དེ་ལ་དེང་སྐབས་དྲ་ཚིགས་དང་དུས་དེབ་སོགས་དུ་མ་ཞིག་ཏུ་བོད་ཀྱི་སྤྱི་སྐད་སྐོར་གླེང་མཁན་དུ་མ་ཞིག་བྱུང་དང་འབྱུང་མུས་སུ་མཆིས་པ་འདི་ནི་ཆེས་དགའ་འོས་པའི་གནས་ཤིག་རེད།འདིར་ཕྲན་གྱིས་བོད་ཀྱི་སྤྱི་སྐད་སྐོར་ལ་བལྟ་ཚུལ་ལམ་འདོད་ཚུལ་ཅུང་ཙམ་གླེང་བ་ལ།  དེ་ལ་བོད་ཀྱི་སྤྱི་སྐད་ཅེས་པ་ནི་བོད་དེ་མདོ་དབུས་ཁམས་གསུམ་གྱི་བོད་རིགས་ཚང་མས་གོ་ཐུབ་པའི་སྐད་དེ་བོད་ཀྱི་སྤྱི་སྐད་ལ་འདོད།  འོན་ཀྱང་གནའ་དེང་གང་ཡིན་ནའང་འདྲ་གང་ལྟར་ཨ་མདོ་བ་རྣམས་ཀྱིས་ལྷ་སའི་སྐད་དེ་མི་གོ་ཞིང་ལྷ་ས་བ་དག་གིས་ཨ་མདོ་བའི་སྐད་མི་གོ་བ་དང་དེ་བཞིན་ཁམས་ཀྱང་དེ་ལྟར་གྱུར་འདུག    ཨ་མདོ་བ་དང་ལྷ་ས་བའི་མི་གཉིས་ངོ་ཐུག་པ་དང་བོད་སྐད་ཀྱིས་སྒོ་ནས་བཤད་ན་ཁོང་གཉིས་ཀྱི་བར་ལ་སྐད་བརྡ་མི་འཕྲོད་པ་དང་རྒྱ་སྐད་སོགས་ཀྱི་སྒོ་ནས་བཤད་ཚེར་གཞི་ནས་དེ་གཉིས་གོ་བརྡ་འཕྲོད་པ་སོགས་ནི་དེང་སྐབས་མཐོང་ཐོས་སུ་གྱུར་བའི་གནས་ཚུལ་ཞིག་རེད།   གཞན་ད་དུང་ལྷ་ས་བ་དང་ཨ་མདོ་བའི་བར་ལ་སྐད་བསྒྱུར་པ་ཞིག་ཀྱང་དགོས་པ་ཞིག་ཆགས་འདུག  དེ་ཡི་རྒྱུ་རྐྱེན་གཙོ་བོ་ནི་ཨ་མདོ་བ་དང་ལྷ་ས་བའི་བར་ལ་འབྲེལ་འདྲིས་ཉུང་ཅིང་དེ་ལས་ཀྱང་ཡི་གེ་ཀློག་སྟངས་སམ་ཡི་གེ་ཀློག་སྐབས་སྒྲ་མདངས་སྐོར་ལ་མི་མཐུན་པ་དུ་མ་མཆིས་པ་སོགས་ཀྱི་སྐྱོན་ཤིག་རེད་སྙམ།  དེ་ལས་སྡུག་པ་ཞིག་ལ་ཨ་མདོ་བ་དང་ལྷ་ས་བ་གཉིས་གཅིག་གིས་གཅིག་གི་སྐད་ལ་དམའ་འབེབས་སམ་མཐོང་ཆུང་བྱེད་ཅིང་དེ་ལས་རྒྱ་སྐད་སོགས་སྐད་རིགས་གཞན་པ་རྣམས་ལེགས་པོར་བརྩིས་མཁན་ཀྱང་མང་པོ་མཆིས།    ལྷག་པར་དུ་དེང་སྐབས་བོད་ཀྱི་ན་གཞོན་ཁག་གཅིག་གིས་རྒྱ་སྐད་ཁོ་ན་སྤྱོད་ཅིང་བོད་སྐད་རེ་བཤད་ཚེ་དེ་ལ་ངོ་ཚ་བའི་གནས་སུ་རྩིས་མཁན་ཡང་མང་པོ་འདུག   དོན་ལ་མི་དེ་དག་གིས་ངོ་ཚའི་གནས་གང་ཡིན་མ་ཤེས་པ་རེད།   དོན་དངོས་ངོ་ཚ་དགོས་པ་དེ་ངོ་ཚ་བའི་གནས་སུ་ཤེས་མི་འདུག   ད་དུང་རྒྱ་སྐད་སོགས་རེ་བཤད་མཁན་བྱུང་ན་དེ་དག་ལ་མཐོང་ཆེན་དང་བརྩིས་འཇོག་འདྲ་བྱེད་པ་སོགས་ནི།  བོད་རང་མི་རིགས་ཀྱི་ཐུན་མིན་རིག་གནས་སམ་སྐད་ཡིག་ལ་མཐོང་ཆུང་ཆེས་ཆེར་བྱེད་པའི་སྐྱོན་ཞིག་རེད།   རྒྱ་སྐད་མ་ཡིན་བོད་སྐད་མ་ཡིན་པའི་འདྲ་འདྲིས་རེད་དམ་ར་མ་ལུག་གི་སྐད་རེ་བེད་སྤྱོད་ནས་ད་དུང་སོ་སོ་ཁ་ཕོ་ཡིན་མདོག་རེ་བྱེད་མཁན་གྱི་དེང་གི་བོད་གཞོན་མང་པོ་ཡང་འདུག  སྤྱིར་བོད་ཀྱི་སྤྱི་སྐད་སོགས་སོ་སོ་རང་མི་རིགས་ཀྱི་ཐུན་མིན་གྱི་རིག་གནས་སམ་ཤེས་རིག་ཞིག་ཡིན་པས་དེ་དག་གི་རྒྱུན་འཛིན་ནམ་རྐང་འཛིན་བྱེད་མཁན་ནི་བོད་རིགས་རང་ཡིན་པ་མ་གཏོགས་མི་རིགས་གཞན་དག་གིས་དེ་རྒྱུན་འཛིན་སོགས་བྱེད་ཐུབ་པ་ཞིག་གཏན་ནས་མ་རེད།  མི་རིགས་གཞན་པ་དག་གིས་སོ་སོའི་སྤྱི་སྐད་དེ་ཡག་པོ་ཞིག་བཤད་མི་ཤེས་ཀྱང་ཁོང་ཚོ་རྒྱུན་དུ་མི་རིགས་དེའི་སྐད་དེ་གཙོ་བོ་བེད་སྤྱད་ནས་ཕན་ཚུན་སྐད་ཆའམ་ཁ་བརྡ་བྱེད་དེ།   དཔེར་ན་རྒྱ་མི་རིགས་སོགས་མི་རིགས་གཞན་པ་དག་ལ་མཚོན་ན། ཆུང་དུས་ནས་བོད་དུ་གནས་འཚོ་བྱེད་མཁན་ཡིན་ནའང་ཁོང་ཚོ་ནང་ཕན་ཚུན་སྐད་ཆ་སོགས་བྱེད་སྐབས་རྒྱ་སྐད་སོགས་སོ་སོའི་སྐད་ཀྱི་སྒོ་ནས་བཤད་པ་མ་གཏོགས་བོད་སྐད་སོགས་ཀྱིས་སྒོ་ནས་བཤད་མཁན་གཅིག་ཀྱང་མི་འདུག  དེ་དག་ལ་ཡང་བཙན་བཙུགས་ཀྱིས་ཁོང་ཚོའི་སྐད་དེ་ཤོད་དུ་བཅུག་མི་དགོས་པ་སོ་སོའི་མི་རིགས་ཀྱི་སྐད་ཡིག་སོགས་ལ་ཤ་ཞེན་ནམ་ལ་རྒྱ་སོགས་ཡོད་པའི་དབང་གིས་ཁོང་ཚོའི་མི་རིགས་ཀྱི་སྐད་དེ་གཙོ་བོ་ངོས་འཛིན་བྱེད་ཅིང་ཡོད།  རྒྱ་རིགས་ཤིག་ཡིན་ཚེ་རྒྱ་ཡིག་མི་ཤེས་མཁན་ཧ་ལམ་མེད་ཅིང་བོད་རིགས་ལ་གྲྭ་བ་དང་བོད་ཡིག་སློབ་གྲྭ་བ་དང་བོད་ཡིག་སློབ་གྲྭའི་སྡེ་ཁག་ནས་མཐར་ཕྱིན་པའི་ལས་བྱེད་པ་འདྲ་མ་གཏོགས།  དཔེར་ན་ཞིང་ལས་པ་དང་འབྲོག་པ་སོགས་ལ་བོད་ཡིག་ཤེས་མཁན་ཕལ་ཆེར་མེད་པ་འདྲ་ཆགས་འདུག  ཐ་ན་བོད་རིགས་ཚོ་ནང་ཕན་ཚུན་ཁ་པར་ཨང་གྲངས་ཤིག་བཤད་པའི་ཚེར་རྒྱ་སྐད་ཁོ་ནས་ཨང་གྲངས་དེ་ལབ་རེ་བྱེད་པ་མ་གཏོགས་བོད་སྐད་སྒོ་ནས་ལབ་མཁན་ཧ་ལམ་གཅིག་ཀྱང་མེད་ཅིང༌།   དེ་བཞིན་གྲོང་ཁྱེར་སོགས་ནང་ཁུལ་དུ་འགྲིམ་འགྲུལ་གྱི་རླངས་འཁོར་ལ་འགྲོ་སྐབས་ལམ་གྱི་མིང་སོགས་ལ་རྒྱ་སྐད་ཀྱི་ལམ་དེའི་མིང་བཤད་པ་མ་གཏོགས་བོད་སྐད་ཀྱི་བཤད་མཁན་དེ་ལས་ཀྱང་དཀོན་འདུག  གལ་ཏེ་བོད་སྐད་ཀྱིས་སྒོ་ནས་ལམ་དེའི་མིང་སོགས་ལབ་ཚེ་མི་མང་པོ་ཞིག་གིས་ཧ་ཡང་གོ་ཀི་མེད་ཅིང༌། དེ་དག་ལ་བསམ་བློ་ལེགས་པོར་གཏོང་ན་ང་ཚོ་མང་པོ་ཞིག་གིས་ཁ་ནས་བོད་སྤྱི་སྐད་སྐོར་ལ་ལབ་གླེང་དང་བགྲོ་གླེང་བྱེད་བཞིན་ཡོད་ཀྱང་དོན་དངོས་ཐབས་ལམ་གང་ལ་བརྟེན་ནས་བོད་ཀྱི་སྤྱི་སྐད་སྤྱོད་དགོས་མིན་དང་གང་འདྲ་བྱེད་ནས་སྤྱི་སྐད་སོགས་དེ་ཉིད་ལེགས་པོ་ཡོང་བ་སོགས་ལ་བསམ་བཞེས་ལེགས་པོར་གཏོང་དགོས་འདུག  མི་རང་ཉིད་ནས་གཙོར་བླངས་སྟེ་སྐད་ཆ་ཚིག་གཅིག་ཡན་ཆད་ལབ་པ་ལ་བོད་སྐད་རྣལ་མ་རེ་ལབ་གང་ཐུབ་རེ་བྱེད་རྒྱུ་དང་དེ་མིན་བོད་ཀྱི་ཡུལ་སྐད་རེ་ཡིན་ནམ་འདྲ་ལུང་སྐད་རེ་ཡིན་ནའང་འདྲ་གཙོ་བོ་བོད་སྐད་གཙང་མ་རེ་བཤད་གང་ཐུབ་བྱེད་རྒྱུ་དེ་ནི་ང་ཚོ་བོད་པ་ཞིག་ཡིན་ཚད་ཀྱི་འོས་འགན་ནམ་ལས་འགན་ཞིག་ཏུ་ངོས་འཛིན་ནས་སོ་སོས་གང་ཐུབ་ཀྱིས་འབད་ན་ལེགས་སོ།  གཞན་ཡང་བོད་རིགས་སུ་དང་སུ་ཡིན་ནའང་འདྲ་ཚང་མ་བོད་ཡིག་སྦྱོང་རྒྱུ་དེ་དེང་སྐབས་ཆེས་གལ་ཆེ་བའི་གནས་ཤིག་རེད།  དེ་ཡང་སྤྱིར་རྒྱ་ཡིག་དང་རྒྱ་སྐད་དེ་བཞིན་དབྱིན་ཡིག་དང་དབྱིན་སྐད་སོགས་སྦྱོང་རྒྱུ་དེ་དེང་སྐབས་འགངས་ཆེ་བའི་གནས་ཚུལ་ཞིག་རེད་མོད་འོན་ཀྱང་དང་ཐོག་རང་མི་རིགས་ཀྱི་སྐད་དང་ཡི་གེ་སོགས་ཀྱི་ཆུ་ཚད་ཅུང་ཟད་ལས་མ་ཐོབ་པ་དག་གིས་ད་དུང་གཞན་མི་རིགས་ཀྱི་རིག་གནས་སྦྱོང་མདོག་བྱེད་པ་དེ་ནི་དོན་དངོས་ལ་བགད་མོ་ཤོར་བའི་གནས་ཤིག་རེད་སྙམ། དེ་ལས་ང་ཚོ་སུ་དང་སུ་ཡིན་ནའང་འདྲ་དང་ཐོག་རང་མི་རིགས་ཀྱི་སྐད་དང་ཡི་གེ་སོགས་ཐུན་མིན་གྱི་རིག་གནས་དེ་གཅེས་སྐྱོང་དང་སློབ་སྦྱོང་ལེགས་པོ་ཞིག་གནང་རྗེས་སླར་མི་རིགས་གཞན་པའི་སྐད་ཡིག་སྟེ་རྒྱའི་སྐད་ཡིག་དང་དབྱིན་ཡིག་སོགས་ལ་སློབ་སྦྱོང་བྱེད་ན་ལེགས་སོ། 
                                                                       ༢༠༠༧ ༧ ༡༠ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་སྤྱི་སྐད་སྐོར་ལས་འཕྲོས་པའི་གཏམ་ཐར་ཐོར།

2010-01-05 རིན་སྤུངས་ཚུལ་བསྟན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།