ཁྱོད་ཀྱི་མྱོང་བྱང་།

ཧོར་ཞི་བདེ་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-12-14

མ་དྲིནམོ་ཆེ་ཇི་བཞིན།སྙིང་གི་ཟབ་ན་འགུལ་བ་ལྟ་བུའི་སྤྲིན་དཀར་ལང་ལོང་གི་གནམ་མཐའ་དེ་ན།ཁྱོད་བྱིས་དུས་ཀྱི་མུ་ཏིག་ཆུང་ཆུང་དང་རྫི་གླུ་ཐར་ཐོར་ཁུར་བའི་སེར་ཆེན་མེ་ཏོག་ཡོད་ལ།ཁྱོད་དང་འདྲ་བའི་བྱིས་པ་པྲ་ཚེག་ཚོའི་རྐང་ཆུང་གི་ཉེས་པ་སྤུངས་སའི་ལྷ་རི་སྨུག་པོ་དང་ཀླུ་མཚོ་སྔོན་མོ་ཡོད།ད་དུང་ཁྱོད་དང་འདྲ་བའི་ཤེའུ་ཕྲུག་སྙིང་རྗེ་ཚོའི་ཚེ་ནོམ་གཙང་མ་འཁྱིལ་སའི་ན་གཞུང་གོར་མོ་དང་རྫ་མཐའ་ལེབ་མོ་ཡོད།

       དགོང་ཁའི་མཚམས་སྤྲིན་དང་ལ་ཁའི་ཉི་མ་ཟེར་བ་ལ་ཞེན་པའམ་འཛིན་པ་མེད་པར་ཨ་མ་དང་འོ་མ་ནི་མཆི་མེད་རྒས་མེད་ཀྱི་སྐྱབས་བསླུ་མེད་དུ་འཁྲུལ་བའི་ཁྱོད་ཀྱི་ན་ཆུང་དུས་ནི་ཉི་ཟེར་དང་ཆུ་མོའི་གཡའ་དག་པའི་ཚིགས་མལ་རེ་རེ་ནས་རྩེན་ཞིང་འོང་།

      སྔོ་ལ་དྭངས་པའི་ནམ་མཁའ་ནི་རང་བྱུང་ཁམས་ཆེན་མོའི་མྱ་ངན་གྱི་རི་བོ་ལེབ་ཀྱིས་འགེབ་པའི་རྗེ་བླ་མའི་ཐུགས་བསྐྱེད་ཇི་བཞིན་རྒྱ་ཆེ་ལ་གཏིང་ཟབ། ལྗང་ལ་ནེམ་པའི་གཡུ་གཤོངས་སྒེག་མོ་ནི་ཕ་གཞིས་གོར་མོའི་ཡ་ཆུང་གི་ཉི་ཐིག་འཚོ་བའི་མ་དྲིན་མོ་ཆེའི་ཐུགས་སྨོན་ཇི་བཞིན་ཁོད་ཡངས་ལ་ངོས་སྙོམས།ཡིན་ན་ཡང་།མི། སྐྱིད་ཀྱི་ཁ་ཞེང་གླེང་དུས་སྡུག་གི་གཞུ་མོ་ཁུར་ནས་ཡོད། མི་ཚེའི་ཐང་ཆེན་ཆོད་དུས་སེམས་ཀྱི་རྡོག་ཁྲེས་ལྕི་ནས་ཡོད།

    བག་ཆགས་སམ་ཁོར་ཡུག་དེ་དང་། ལམ་དེ་དང་རླུང་དེའི་རྐྱེན་གྱིས། ཁྱོད་ཀྱིས་ཀྱང་སྙིང་རྗེ་དང་སྡང་སེམས། བརྩེ་ཞེན་དང་སུན་སྣང་རེས་མོས་ཀྱིས་ལས་ཀྱི་བཀོད་ཐང་བསྐྱངས།

    སྡེ་ཆེན་པོ་ལུག་ཁྱུ་བཞིན་སྐྱོང་བའི་རྒོད་པོ་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་ཕམ་ཤུལ་ན། ཁྱོད་དང་ཉམ་ཆུང་གི་ལུག་ཁྱུ་དེ་རླུང་བུ་འདི་མི་གཡུག་ས་ཞིག་དང་སྒྲ་སྐད་འདི་མི་གྲག་ས་ཞིག་ཏུ་མྱུར་སྐྱོད་བྱ་ན་ཇི་འདྲའི་འདོད་ཡོད་ཨང་།

  སྐྱེ་བ་གཅིག་ལ་ས་དོག་མོ་འདིས་ཅི་ཙམ་གཅུན་ན་ཡང་།ཨ་སྔོན་གྱི་མགྲོན་པོ་བྱེད་ཚུལ་མེད་པའི་གནས་ལུགས་ལ་ངེས་པ་ཇེ་ཟབ་ནས་ཇེ་ཟབ་ཡིན་ཡང་།སེམས་བསམ་པ་འདི་ཁ་བརྡ་རིང་མོ་ཞིག་དང་མཚུངས་པས་རྒྱབ་ཀྱི་ཁུར་བོ་ཐང་ལ་འཇོག་པ་དང་གཅིག་ཏུ་བརྩི་ག་ལ་ནུས།

གནས་ལུགས་ལྟར་ན། བྱིས་དུས་ཀྱི་རྒྱུ་སྐར་ཆུང་ཆུང་ནི་ཨ་མའི་བང་བར་གཉིད་དུ་ཡུར་བའི་བུ་ཆུང་གི་དབུགས་ཀྱི་རྒྱུ་བ་བཞིན་ཇི་འདྲའི་བག་ཕེབས་ལ། བྱིས་དུས་ཀྱི་ནམ་ཟླ་འཇམ་པོ་ནི་དུས་ལས་ཡོལ་བ་མེད་པའི་རྒྱ་མཚོའི་རྦ་རླབས་བཞིན་ས་ཆེན་པོའི་བང་བ་འདིར་ཡང་དང་བསྐྱར་དུ་འཁོར་སྲིད་ན་ཡང་། འགྲོ་བ་རིགས་དྲུག་གི་མིག་རྒྱང་ཐུང་ཐུང་དེས། སྙན་ངག་ཟེར་བའི་མིག་ཆུ་སྐྱུར་བོ་དེ་སེམས་ཞབས་ནས་བརྡོལ་ཡོང་ལ།ཚོར་འདུ་ཞེས་པའི་རྒྱ་ཤོག་སྲབ་མོ་དེ་བྲང་གཞུང་ནས་མཆེད་ཡོང་།

སྐབས་དེ་དག་ཏུ།ཁྱོད་ཀྱིས་ཀྱང་མི་སེམས་ཀྱི་སྐྲ་ལོ་རི་ཁའི་དར་ལྕོག་བཞིན་སྐྱོད་བཞིན་ཡོད་ལ། མི་སེམས་ཀྱི་ཟླ་བ་དགུན་ཟླའི་མཚན་མོ་བཞིན་འདར་བཞིན་ཡོད་པ་མྱོང་ཐོག་ནས་འགྲེལ་གནང་མཛད།

ཁ་ཆར་རླུང་གསུམ་གྱི་རྩེད་ར་ཆུང་ཆུང་ནས་ཉི་ཟླ་སྐར་གསུམ་གྱིས་འཚོ་བཅུད་འདང་བ་དེ། དཔེ་ཁུག་ཆུང་ཆུང་ཁུར་བའམ་འུར་ཆ་ཕྲ་མོ་སྐོར་བའི་བྱེའུའམ་བེའུ་དེ་ཚོའི་རང་བྱུང་ལྷུན་གྲུབ་ཀྱི་བྱིན་རླབས་ཡིན་ལ་གླུ་གར་བྲོ་གསུམ་གྱི་ལྕགས་མཁར་སྒོ་མེད་དུ་སྡིག་སྡུག་གཏམ་མི་ཟད་པ་ནི་རྒོད་པོའམ་སྒེག་མོ་ཡིན་ཟེར་བ་ཚོའི་རྩ་དབང་རུས་གསུམ་གྱི་རྐང་ཡིན་པ་དེར་ཁྱོད་ཀྱིས་སྡོམ་ཚིག་ལྟར་འཇོག

རྩོམ་ཁུངས། རིག་གནས་ཡར་སྤེལ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ཀྱི་མྱོང་བྱང་།

2009-12-14 ཧོར་ཞི་བདེ་རྒྱ་མཚོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།