སྐྱེས་མ་ཚོར་སྤྲིངས་བའི་དྲན་སྐུལ་གྱི་འབོད་པ།

ཉི་འདི་དག་གི་རིང་ལ།ངས་སེམས་སྐྱ་མོ་རླུང་དང་འགྲོགས་ཏེ་འཇིག་རྟེན་འདིའི་ཕྱི་ནང་གསུང་གསུམ་ཀུན་ལ་སྟོང་འདང་སྣ་ཚོགས་བརྒྱབ་ལ།བསམ་གཞིགས་གང་མང་ཞིག་ནི་དེང་སྤྱི་ཚོགས་འདིའི་ཁྲོད་ཀྱི་བོད་རིགས་བུད་མེད་རྣམས་ཀྱི་ལས་དབང་ངམ་བདེ་སྡུག་གི་འཚོ་བའི་སྐོར་གྱི་གཏམ་གླེང་དང་ལྟ་ཚུལ་འདྲ་མིན་གྱི་ཕྱོགས་སུ་གཞོལ་བ་ན།ངའི་སྣང་ངོར།ང་ཚོས་རང་ཉིད་ལ་ཡིད་ཆེས་དང་གདེང་ཚོད་ག་འདྲ་ཡོད་ན།དེ་འདྲའི་སྟོབས་ཤུགས་དང་རྒྱལ་ཁ་ཐོབ་ལ།སྟོབས་ཤུགས་དང་རྒྱལ་ཁ་ཇི་འདྲ་ཐོབ་ན།དེ་འདྲའི་ཐོབ་ཐང་དང་གོ་གནས་ཐོབ་ངེས་སྙམ།

སྤྱིར་རྒྱལ་ཁ་དང་གྲུབ་འབྲས་བླ་མེད་ཅིག་ངོམ་རྒྱུ་མེད་ལ།ཕམ་ཁ་དང་གྱོང་གུད་ཆེན་པོའང་གླེང་རྒྱུ་མེད་པར་མི་ཚེ་ཞིག་གི་ཕྱེད་ཀ་དེ་ལོ་ཟླའི་ཁ་ཟས་སུ་སྦྱིན་ཟིན་པའི་བདག་ལ་མཚོན་ན།ཁ་མངར་སྐྱུར་གསུམ་གྱི་འཚོ་བ་འདི་ཞེན་རིགས་སྣ་ཚོགས་ཀྱིས་གྲུབ་པའི་བསླུ་བྲིད་ཅིག་དང་མཚུངས་མོད།འོན་ཀྱང་དེ་ནི་དངོས་གནས་ཀྱི་འཚོ་བ་ལན་པ་མ་ཡིན་པར་རང་གིས་རང་ལ་ཡིད་ཆེས་དང་གདེང་ཚོད་དབེན་པས་རེད།

དེ་ཡང་འགྲོ་བ་མིའི་སྤྱི་ཚོགས་འདི་ནི་སྐྱེས་ཕོ་མོ་མཉམ་གནས་ཀྱི་ཚོགས་སུ་གྲུབ་པའི་འཇིག་རྟེན་ཞིག་སྟེ།ཐོག་མར་ཟས་སུ་ས་ཞག་ཟ་བ་དང་གོས་སུ་ལོ་མ་གྱོན་པའི་དུས་ནས་མ་རྒྱུད་སྤྱི་ཚོགས་དང་ཕ་རྒྱུད་ཚོ་བ་སོགས་འཕེལ་འགྱུར་སྣ་ཚོགས་ཀྱི་བརྒྱུད་རིམ་ཁྲོད།སྐྱེས་པ་རྣམས་ནི་ཐབས་དང་སྟོབས་ཤུགས་ལྡན་པ་ན།རང་བྱུང་ཁམས་འདི་དབང་དུ་བསྡུ་བའི་བདག་པོར་གྱུར་ཞིང་།བུད་མེད་རྣམས་ནི་བྱམས་དང་སྙིང་རྗེས་ངང་རྒྱུད་ཕྱུག་པས་འགྲོ་ཀུན་སྐྱོང་བའི་མ་མར་གྱུར་བ་འདི།བརྟན་པ་སྣོད་ཀྱི་འཇིག་རྟེནའདིར་གཡོ་བ་བཅུད་ཀྱི་སེམས་ཅན་དག་ཡུན་གནས་གཏན་འཇགས་ཀྱི་དགོས་དབང་ཡིན་ལ།སྔོན་ང་ཚོའི་མཐོང་ཡུལ་དུ་གྱུར་པའི་ཕོ་མཆོག་མོ་དམན་གྱི་ལྟ་བ་དང་གནས་ཚུལ་དག་ནི་ལོ་རྒྱུས་དང་གོམས་སྲོལ་སོགས་ལས་བྱུང་བའི་སྣང་ཚུལ་ཞིག་ཡིན་པ་ཚང་མས་གསལ་བོར་རྟོགས་ཤིང་།ད་ལྟ་ཤེས་རིག་ཡོན་ཏན་གྱི་དཔལ་ལ་བརྟེན་ནས་འཛམ་གླིང་ཁྱིམ་གཞི་གཅིག་ལྟར་སྐྲུན་པའི་འཕེལ་ཕྱོགས་སུ་བསྐྱོད་བཞིན་པའི་དུས་འདིར།ང་ཚོ་ད་དུང་ལོ་ངོ་སྟོང་ཕྲག་མང་བོའི་ཡར་སྔོན་གྱི་འདུ་ཤེས་དང་གོམས་སྲོལ་སོགས་མཁྲེགས་འཛིན་བྱས་ནས།རང་ཉིད་ནི་ཐབས་མེད་ལས་དམན་དང་།དབང་མེད་གཉོམ་ཆུང་གི་བུད་མེད་ཅིག་ཡིན་ཞེས་དཔའ་ཞུམ་ཞུམ་དང་གུ་དོག་དོགསེམས་གཉོམ་གཉོམ་བཅས་ཀྱི་སྒོ་ནས་རང་མགོ་རང་གིས་གནོན་ཞིང་རང་ལག་རང་གིས་བསྡམས་ཏེ།ཡོད་ཚད་གཞན་ལ་རེ་ནས་སྤྲང་བོའི་ཚུལ་གྱིས་མི་ཚེ་འདི་དམིགས་མེད་ཆུད་ཟོས་སུ་གཏོང་བ་འདི་ནི་སྤྱི་ཚོགས་གོང་འཕེལ་གྱི་ཆོས་ཉིད་ལ་མི་མཐུན་ཞིང་།འཛམ་གླིང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཏོན་པའི“རང་བཀུར།རང་གཅེས།རང་སྟོབས”བཅས་ཀྱི་རྩ་དོན་དང་འགལ་བ་ཞིག་མ་རེད་དམ།

མ་གཞི་དལ་འབྱོར་གྱི་མི་ལུས་ཐོབ་པ་ཞིག་ལ་སྐྱེས་པ་དང་སྐྱེས་མའི་ཁྱད་པར་མེད་དེ“སྨྲ་ཤེས་ཤིང་གོ་བའི”མཚན་ཉིད་དང་ལྡན་པ་ཡིན་ལ།འཇིག་རྟེན་བྱེད་པོས་འགྲོ་བ་མིའི་རིགས་ལ་ཐུན་མོང་འདྲ་མཉམ་དུ་གནང་བའི་ཁྱད་ནོར་ནི་བསམ་ཤེས་ཤིང་དཔྱོད་ནུས་པའི་བློ་རིག་འདི་ཡིན་པས།ང་ཚོས་ཅིའི་ཕྱིར་རང་ཉིད་ཀྱི་ཁྱད་དབང་དེ་རིང་དུ་དོར་ནས“ཆེས་མུན་ནག་གི་འཇིག་རྟེན་དང་ཆེས་མི་ཁོམ་པའི་གནས”(1)སུ་བཅུག་དགོས་པ་ཡིན་ནམ།ངས་བལྟས་ན།འདི་ནི་ང་ཚོས་ཕྲལ་དུ་བཅོས་དགོས་པའི་རང་སྟེང་གི་སྐྱོན་ཆའམ་ཉེས་པ་ཞིག་ཡིན་ཏེ།འདིར་ངས་བརྗོད་འདོད་པ་ནི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་རུང་ན་ཤེས་རིག་གི་ཡོན་ཏན་སློབ་པའི་སྐལ་བ་དང་ལྡན་པའི་བོད་རིགས་བུད་མེད་དག་དང་།ནང་དགོས་སུ་ད་ལྟ་རྒྱལ་ཁབ་ཀྱི་ལས་བྱེད་པའི་གྲལ་དུ་གནས་པའི་གངས་ཅན་པའི་བུད་མེད་ཤེས་ཡོན་ཅན་རྣམས་ཏེ།ང་ཚོ་ནི་འགྲོ་བ་མིའི་སྤྱི་ཚོགས་འདིར་སྐྱེས་པ་ཚོ་དང་འདྲ་མཉམ་གྱི་ཐོབ་ཐང་ལྡན་པའི་བུད་མེད་ལས་འཕྲོ་ཅན་རེ་ཡིན་པས།ད་ལྟ་ང་ཚོའི་ཕྲག་ཏུ་བབ་པའི་འོས་འགན་ནམ་ལས་སྐལ་ནི།ངོ་གདོང་བཅོས་མ་རེའི“སྒེག་ཉམས”གཡར་ནས་རང་ལུས“འགྲེམ་སྟོན”བྱེད་པའམ།ཡང་ན་ཅོག་ཙེ་གྲི་བཞི་རེའི་མཐར་སྐོར་ནས་གཡོ་སྒྱུ་དང་རློམ་སེམས་སྟུག་པོ་རེ་གྱོན་ཏེ་སྐྱེས་པ་ཚོ་དང་ང་ཁེ་ཁྱོད་ཕམ་གྱི་རྒྱན་པོའི་ཆོ་ལོ་རྩོད་པའི་ལས་རྣམས་མ་ཡིན་པར།གནའ་དེང་རྒྱལ་ཁབ་ཕྱི་ནང་གི་བུད་མེད་མཛངས་མ་ཚོའི་མཛད་རྗེས་དང་སྙིང་སྟོབས་སོགས་ལ་ཁ་མིག་ཡར་ལྟའི་ཚུལ་གྱིས།མི་ཚེ་འདིར་དམིགས་འདུན་ལེགས་པོ་ཞིག་དང་འཆར་གཞི་འགྲིག་པོ་རེ་ཡོད་པའི་སྒོས་རང་སེམས་ལ་ཡིད་ཆེས་དང་གདེང་ཚོད་ཡོད་པའི་དམ་བཅའ་འགྱུར་མེད་ཅིག་བཀོད་ནས།སྐྱེས་པ་ཚོ་དང་རྣམ་དཔྱོད་འགྲམ་ཕོད་ཅིང་སྤོབས་པ་བསྡུར་ནུས་པའི་སྙིང་སྟོབས་འཆིང་སྟེ།རང་ཉིད་ཀྱི་བྱང་ཚད་མཐོ་རུ་གཏོང་བ་འདི་ནི།རང་སྐྱ་ཐུབ་པའི་མི་ལུས་རྣལ་མ་ཞིག་བརྩོན་ལེན་བྱེད་པའི་ཐབས་ལམ་ཉག་གཅིག་ཡིན་པར་སྙམ།སྤྱིར་བཤད་ན།བུད་མེད་རྣམས་ནི་རིགས་རྒྱུད་ཅིག་གི་མ་ཡུམ་ཡིན་པས། གལ་ཏེ་མི་རིགས་གང་ཞིག་གི་མ་རྒྱུད་ཀྱི་བྱང་ཚད་ཞན་པ་ན།མི་རིགས་དེའི་རྗེས་རབས་པ་རྣམས་ཀྱི་བློ་རྒྱ་དང་ཀུན་སྤྱོད་སོགས་ཡ་རབས་དཔྱོད་ལྡན་གྱི་གྲུབ་རྐྱེན་དག་ཀྱང་ཞན་པར་འགྱུར་ངེས།དེའི་ཕྱིར།བུད་མེད་ཀྱི་ཐོབ་ཐང་ནི་བུད་མེད་ཁོ་ནའི་ཆེད་ཙམ་མ་ཡིན་པར།མི་གཤིས་བཟང་ཞིང་དཔལ་ཡོན་དང་ཤེས་རིགས་ལྡན་པའི་མི་རིགས་ཤིག་གི་རིགས་རྒྱུད་རྒྱུན་སྤེལ་བྱེད་པའི་དགོས་དབང་ཡང་ཡིན།དེས་ན།ང་ཚོས་སྤོབས་པ་དང་ཡིད་ཆེས་བསྐྱེད་དེ།ཕུལ་དུ་བྱུང་བའི་མི་རིགས་ཤིག་གི་བླ་སྲོག་དང་རྣམ་ཤེས་ཀྱི་རྒྱུན་སྐྱོང་བའི་གངས་ཅན་པའི་མ་རྒྱུད་ཤེས་རྒྱ་ཅན་དང་སྙིང་སྟོབས་ཅན་གྱི་མཚན་སྙན་བརྩོན་ལེན་བྱེད་པར་ཡིད་སེམས་གཅིག་ཏུ་སྦྲེལ་ནས་ཕན་ཚུན་ལ་རོགས་འདེགས་དང་སྐུལ་ལྕག་གནང་སྟེ།བློ་སྤོབས་ཆེན་པོའི་སྒོས་འཛམ་གླིང་མི་རིགས་ཀྱི་སྔོན་གྲས་སུ་སྐྱོད་པར་སྙིང་ནས་བསྐུལ་ལོ། །།

རྩོམ་ཁུངས། ༢༠༠༥ལོའི་དུས་རབས་ཀྱི་ང་།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱེས་མ་ཚོར་སྤྲིངས་བའི་དྲན་སྐུལ་གྱི་འབོད་པ།

2009-10-21 འོད་ཟེར་འཚོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།