“སྔོན་འགྲོ”ལས་འཕྲོས་པའི་བསམ་གཞིག་ཐ་ཐོར།

 ཀ སྣང་ཚུལ།

འདིར་འཆད་འགྱུར་གྱི“སྔོན་འགྲོ”ཞེས་པ་མི་སྒེར་གྱི་རྩོམ་རིག་བརྩམས་ཆོས་བསྡུས་དེབ་ཀྱི“སྔོན་འགྲོ”འམ“འགོ་བརྗོད”ཅེས་པ་དེ་ལ་གོ་དགོས།རྩོམ་རིག་འཕེལ་བའི་ལོ་རྒྱུས་རིང་མོའི་ཁྲོད“སྔོན་འགྲོ”དེ་ཕལ་ཆེར་གཞན་གྱིས་བྲིས་པ་ཡིན་ལ་རང་གིས་རང་ལ་བྲིས་པའང་ཡོད།“སྔོན་འགྲོ”ཞེས་པ་ནི་ཀློག་པ་པོ་དག་བརྩམས་ཆོས་མྱོང་རོལ་གྱི་ལས་ལ་འཇུག་བདེ་བའི་ཆེད་དང་།རྩོམ་པ་པོའི་ངལ་རྩོལ་གྱི་འབྲས་བུར་མཐའ་རུ་མ་ལྷུང་བའི་རྒྱུས་ལོན་འབྱུང་ཆེད།གཞུང་ལུགས་ཀྱི་མཐོ་ཚད་ནས་འགྲེང་སྟེ་དཔྱད་བྱའི་བསྡུས་དེབ་དེར་བཀོད་པའི་བརྩམས་ཆོས་དག་གི་སྒྱུ་རྩལ་གྱི་རིན་ཐང་གི་ཆ་དང་བསམ་བློའི་སྙིང་སྟོབས་ཀྱི་ཆ་སོགས་ཕྱོགས་ཡོངས་ལ་དྲང་པོ་དྲང་བཞག་གིས་གདེང་འཇོག་དང་དཔྱད་པ་གཏོང་བའི་རྩོམ་ཡིག་ལ་ཟེར་བ་རེད།

དེ་ཡང་དེང་རབས་རྩོམ་རིག་གིས་གངས་རིའི་མུ་ཁྱུད་ཐོལ་གྱིས་བརྟོལ་བ་དང་འགྲོགས་ནས།“སྔོན་འགྲོ”འང་ཐོག་མར་བོད་ཀྱི་རྩོམ་རིག་གི་སྟེགས་བུར་མངོན་པ་རེད།དེང་རབས་རྩོམ་རིག་གིས་བོད་པའི་འདུ་ཤེས་ཀྱི་ཁྱབ་ཁོངས་སུ་བཙན་འཛུལ་དང་བརྡབ་གསིག་བཏང་པའི་ལོ་ཟླ་ཐུང་ངུའི་ཁྲོད།སྒྱུ་རྩལ་རིན་ཐང་ཡོད་མེད་ཅི་རིགས་དང་བསམ་བློའི་ནང་སྙིང་ཡོད་མེད་ཅི་རིགས།དགོས་ངེས་ཀྱི་དཔེ་རྟགས་ཡོད་མེད་ཅི་རིགས་པའི་རྩོམ་རིག་བརྩམས་ཆོས་ཀྱི་བསྡུས་དེབ་སྣ་ཚོགས་ཤིརྩོམ་སྟེགས་ཀྱི་གྲུ་ཟུར་གང་རུང་ལ་ཁངས་སྐྱ་བཞིན་བབས་ཤིང་འབབ། དེ་ལྟ་བུའི་བསྡུས་དེབ་ཅིག་ལ་སྤྱི་འགྲོས་ལྟར“སྔོ་འགྲོ”ཞིག་མེད་དུ་མི་རུང་བས་ན། སུ་ཞིག་ལ“སྔོན་འགྲོ”འབྲི་རུ་འཇུག་རྒྱུ་དེ་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་འགངས་ཆེན་ཞིག་ཏུ་གྱུར།རྩོམ་པ་པོར་མཚོན་ན།“སྔོན་འགྲོ”འབྲི་མཁན་གྱི་གདམ་ག་ནི་བསྡུས་དེབ་རང་སྟེང་གི་སྒྱུ་རྩལ་དང་བསམ་བློའི་འགུག་ཤུགས་ལས་ཀྱང་འགངས་ཆེ་བ་ཞིག་སྟེ།གཅིག་ན“སྔོན་འགྲོ”འབྲི་མཁན་གྱི་གོ་ཐང་དང་སྙན་གྲགས་ལ་བརྟེན་ནས་རང་དང་བསྡུས་དེབ་ཀྱི་གོ་ཐང་དང་སྙན་གྲགས་རྒྱས་ཐུབ་པ་དང་།གཉིས་ན་གོ་ཐང་དང་སྙན་གྲགས་ཡོད་པའི“སྔོན་འགྲོ”འབྲི་མཁན་གྱི“དྲིལ་སྒྲོག”ལ་བརྟེན་ཚེ་བསྡུས་དེབ་ཚོང་ར་ནས་བྲིན་པར་ཕན་པ་རེད།ཁེ་ཕན་འཐོབ་དཀའ་བ་དེ་གཉིས་ལ་དམིགས་ནས།ཁོ་ཚོས་རང་དང་བརྩམས་ཆོས་ལ་རྒྱུས་ལོན་ཡོད་མེད་ཀྱི་རྩོམ་པ་པོ་གྲགས་ཅན་དག་དང་།རྩོམ་རིག་ལ་བློ་སྦྱོང་ཡོད་མེད་ཀྱི་“མཁས་དབང་དམ་པ”དག་ལ་དངོས་དང་བརྒྱུད་པའི་སྒོ་ནས་བསྡུས་དེབ་ཀྱི“སྔོན་འགྲོ”འབྲི་བ་རེ་བ་ཞུ་དགོས་བྱུང་བ་རེད།དེ་ལྟ་དེ་ལྟར།ང་རང་ཚོའི་ནང་གི་འཁྱོག་གཟུགས་སུ་སོང་བའི་སྤྱི་ཚོགས་དང་རིག་གནས་ཞིང་སའི་དབང་གིས།ནང་འདྲེན་བྱས་པའི་རིག་གནས་གསར་བའི་གསེར་སོན་དག་ཀྱང་འཁྱོག་གཟུགས་སུ་འབུས་ཤིང་སྐྱེཞིན་པ་ལྟར།རྩོམ་རིག་བརྩམས་ཆོས་བསྡུས་དེབ་ཀྱི“སྔོན་འགྲོ”འང་གནོད་འཚེ་དེ་ལས་གཡོལ་མ་ཐུབ་པར་དཔྱད་མཁན་གྱི་མཐོང་སྣེ་ནས་སྐུལ་མཁན་གྱི་ཀུན་སློང་བར་ངོ་བོའི་ཆ་ནས་རྣམ་པ་གཞན་ཞིག་ཏུ་འགྱུར་གྱིན་འདུག

              བསམ་གཞིག་དང་པོ།

རྩོམ་པ་པོ་རྣལ་མ་ཞིག་གིས་རྩོམ་རིག་ཡོ་བྱད་དུ་བསྟེན་ནས་རྒྱུ་འབྱོར་དང་སྙན་གྲགས། གོ་ཐང་སོགས་ལ་ཡེ་ནས་བསྙེགས་མི་སྲིད་ལ།སྒོས་སུ།ཚོང་རྫས་བཞིན་གཞན་གྱི“དྲིལ་སྒྲོག”ལ་བརྟེན་པའམ་གཞན་གྱི་འོད་སྣང་ལ་བརྟེན་ནས།རང་གི་ཁེ་གྲགས་གཉེར་བའི་བསམ་སྦྱོར་སྐྱུག་བྲོ་བ་དེ་ཇི་སྲིད་དུ་དང་ལེན་བྱ་མི་དཔེ་བ་ཡིན།བདེན་ཐུབ་ཀྱི་རྩོམ་པ་པོ་ཞིག་གི་སྙན་གྲགས་དང་གོ་ཐང་དེ་བརྩམས་ཆོས་ཀྱི་རིན་ཐང་དང་འགུགས་ཤུགས་ལས་བྱུང་ལ།བརྩམས་ཆོས་ཀྱི་རིན་ཐང་དང་འགུག་ཤུགས་དེའང་རྩོམ་པ་པོ་རང་སྟེང་གི་མི་གཞིའི་སྟོབས་ཤུགས་དང་རང་གཤིས། ལྷན་དུ་སྐྱེས་པའི་སྒྱུ་རྩལ་གྱི་རྟོགས་སད།ཐོས་ཤིང་བསམ་པའི་རྩོམ་རིག་གི་བློ་སྦྱོང་སོགས་འོ་ཆུ་འདྲེས་པ་ཇི་བཞིན་བརྩམས་ཆོས་ལས་ཆ་འགྲིག་པོར་མངོན་པ་ལས་བྱུང་བ་ཡིན།དེ་ལྟ་ན།རྩོམ་པ་པོ་ཞིག་གི་སྙན་གྲགས་དང་གོ་ཐང་དེ་ཚོང་རྫས་རྫུས་བཟོ་བྱེད་པ་ལྟ་ཅི་དགར་སྐྲུན་ཐུབ་པ་ཞིག་མིན་ལ།སྐྲུན་པའི་དབང་དུ་བཏང་ནའང་།ཤོག་བུས་མེ་མདག་གབ་པ་བཞིན་འཕྲལ་དུ་རྫུན་ཕུགས་བརྡོལ་འགྲོ་བ་ཡིན།

ང་ཚོས་རྩོམ་པ་པོ་རྣལ་མ་ཞིག་གི་ཚད་གཞིའི་ཆ་ནས་དང་།ཆ་ཚང་བའི་མི་གཞི་ཡོད་པའི་མི་མཚན་ཉིད་དང་ལྡན་པ་ཞིག་གི་ངོས་ནས་བལྟས་ཤིང་དཔྱད་ཚེ།ད་གཟོད“སྔོན་འགྲོ”འི་ཐུན་མོང་མ་ཡིན་པའི“དྲིལ་སྒྲོག”ལ་མཐོང་ཆན་དང་ཇུས་འགོད་བྱ་མཁན་དག་གི་ངོ་གདོང་མཐོང་སླ་བ་ཡིན།ཁོ་ཚོའི་བསྡུས་དེབ་ལ“སྔོན་འགྲོ”ཞིག་དགོས་དོན་ནི་དཔེ་དེབ་དཔར་སྐྲུན་གྱི་སྤྱི་སྲོལ་ལམ་སྤྱི་འགྲོས་དང་བསྟུན་པ་ཡིན་ཤས་ཆེ་ལ།དེ་ལྟ་བུའི“སྔོན་འགྲོ”འབྲི་བའི་བྱ་བ་དེ་མི་སྣ་གྲགས་ཆེན་ཞིག་གི་ཞབས་ལ་གཏུགས་དོན་ཡང་རང་དང་བརྩམས་ཆོས་ཤུགས་ཆེན་པོར“དྲིལ་སྒྲོག”བྱ་ཆེད་ཡིན་ངེས་རེད།དེས་ན་བརྩམས་ཆོས་ཤུགས་ཆེན་པོར“དྲིལ་སྒྲོ”ག་བྱེད་པའི་དམིགས་ཡུལ་ནི་རྒྱུུ་འབྱོར་གོ་ཐང་དང་སྙན་གྲགས་ལས་སླ་བོར་འཐོབ་པའི“མྱུར་ལམ”ཞིག་བརྒྱུད་འདོད་པ་མ་རེད་དམ།བརྩོན་འགྲུས་ཀྱི་རྔུལ་ཁྲག་གཏོར་བའི་གོ་རིམ་མ་བརྒྱུད་པར་གཡུར་ཟའི་འབྲས་བུ་ལས་སླ་བོར་འཐོབ་པའི“མྱུར་ལམ”ཞིག་ལ་རེ་བའི་གཤིས་ཀ་དེ་ང་ཚོར་ལྷན་སྐྱེས་སུ་ཡོད་པ་འདྲ་སྟེ།ཁྱིམ་སྐྱོང་བའི་དུས་ན་ཐོན་སྐྱེད་ངལ་རྩོལ་གྱི་འཆར་གཞི་བསྐྱུར་ནས་མཆོག་གསུམ་གྱི་དངོས་གྲུབ་ལ་རེ་བ་དང་།ཚོང་རྒྱག་པའི་དུས་ན་རྒྱུ་ནོར་ཕྲ་མོ་ཡུན་གྱིས་གསོག་པའི་ངལ་བ་མི་འདོད་གློ་བུར་བའི་ཁེ་བཟང་ལ་བརྟེན་ནས་ཕྱུག་པོར་འགྱུར་འདོད་པ་ལྟ་བུའོ།།ཁོ་ཚོའི་ཀུན་སློང་དང་དམིགས་ཡུལ།ཐབས་ལམ་སོགས་གང་ནས་དཔྱད་ནའང་།སྡོམ་ཚིག་འདི་འདྲ་ཞིག་འབབ་པར་འགྱུར་ཏེ།གཅིག་ན་རྩོརིག་ལ་བཟུང་བའི་རྣམ་འགྱུར་མ་དག་པའི་སྒྱུ་རྩལ་འཚོལ་སྙེག་མཐའ་འཁྱོལ་བྱེད་པའི་དད་འདུན་དེ་མེད་པར་སྐབས་གླགས་དང་བསྟུན་ནས་རང་གི་ཁེ་ཕན་བསྙེགས་དགོས་བྱུང་ལ།གཉིས་ན་ཚུགས་ཐུབ་ཀྱི་མི་གཞི་དང་ཁེར་ཚུགས་ཀྱི་འདུ་ཤེས་མེད་པའི་གཞན་གྱི་སྟོབས་ཤུགས་ལ་བརྟེན་ནས་རང་དོན་གཉེར་དགོས་པ་གྱུར། གསུམ་ན་སྙན་གྲགས་དང་གོ་ཐང་དེ་བརྩམས་ཆོས་རང་ངོས་ཀྱི་རིན་ཐང་དང་འགུག་ཤུགས་ལ་བརྟེན་ནས་མངོན་འགྱུར་བྱ་མ་ནུས་པས“དྲིལ་སྒྲོག”སྟོབས་དང་ལྡན་པ་ཞིག་ལ་བརྟེན་དགོས་བྱུང་བའོ།།

ཞིབ་ཏུ་བསམ་ན།འཚོལ་སྙེག་མཐའ་མི་འཁྱོལ་བ་དང་སྐབས་གླགས་དང་བསྟུན་པ་ཟེར་ནའང་འདྲ། ཚུགས་ཐུབ་ཀྱི་མི་གཞི་མེད་པ་དང་གཞན་གྱི་སྟོབས་ཤུགས་ལ་བརྟེན་པ་ཟེར་ནའང་འདྲ། མཐར་གཏུགས་ན་མདོག་དང་བྲོ་བ་མ་འགྱུར་བའི་བྲན་གཤིས་ཀྱི་མངོན་སྟངས་མ་རེད་དམ། ངོ་མ། ང་ཚོས་གནའ་དེང་གང་རུང་གི་རིགས་མཐུན་གྱི་མི་སྣ་གང་རུང་ཞིག་དཔྱོད་ཤེས་ཀྱི་དཔྱད་བྱར་དམིགས་ཚེ།དཔྱོད་ཅིང་དཔྱད་པའི་མཐར་ཐུག་གི་མཐར་ཐུག་ནི་ནམ་ཡང“བྲན་གཤིས”ཞེས་པའི་ཡིག་འབྲུ་འདི་གཉིས་ཁོ་ནར་ཐུག་དོན་ཅི་ཡིན་ནམ།

            བསམ་གཞིག་གཉིས་པ། 

གོང་གསལ་ལས།ང་ཚོས“སྔོན་འགྲོ”ནི་སྐུལ་མཁན་ནམ་བསྡུས་དེ་ཀྱི་རྩོམ་པ་པོའི་ངོས་ནས་ཇི་ལྟར་འཁྱོག་གཟུགས་སུ་སོང་ཚུལ་མཐོང་ཐུབ་པ་ཡིན།དེས་ན།“སྔོན་འགྲོ”འབྲི་མཁན་གྱི་ངོས་ནས“སྔོན་འགྲོ”དེ་འཁྱོག་གཟུས་སུ་འབྲི་དོན་ཡང་སྙིང་ཅི་ཞིག་ཡིན་ནམ།ཁོ་ཚོས་འཚོལ་སྙེག་མཐའ་མི་འཁྱོལ་ཞིང་ཚུགས་ཐུབ་ཀྱི་མི་གཞི་མེད་པའི་རྩོམ་པ་པོ་ཞིག་དང་།དེས་བྲིས་པའི་རང་སྟེང་ནས་དགོས་ངེས་ཀྱི་རིན་ཐང་དང་འགུག་ཤུགས་མེད་པའི་བརྩམས་ཆོས་དག་དེ་འདྲ་འུ་ཆེན་པོས“དྲིལ་སྒྲོག”བྱེད་པའི་དམིགས་ཡུལ་ཡང་གང་ཡིན་ནམ།གོང་དུ་གླེང་ཟིན་པ་ལྟར།“སྔོན་འགྲོ”འབྲི་མཁན་ལ་རིགས་གཉིས་ཏེ།སྙན་གྲགས་ཡོད་པའི་རྩོམ་པ་པོ་དང་ཆེད་ལས་ཅི་རིགས་ཀྱི་མཁས་པ་རྒན་གཞོན་དག་གོ།སྔ་མ་དག་ལ་མཚོན་ན“སྔོན་འགྲོ”དེ་ལྟ་བུ་ཞིག་འབྲི་དོན་ནི།གྲོགས་པོའི་བརྩེ་འདང་ངམ་མིའི་ངོ་བཟློག་མ་ནུས་པའི་ཆ་ཡོད་སྲིད་ལ།རྩོམ་རིག་ངས་ཤེས་སོ་སྙམ་པའི་ངོམ་ཤོམ་དང་རང་རློམ་བན་བུན་ཡང་ཡོད་སྲིད་པ་རེད།གང་ལྟར་ཡང་།ཁོ་ཚོས་དཔྱད་བྱའི་རྩོམ་པ་པོ་དང་བརྩམས་ཆོས་ཀྱི་སྟེང་ནས་མི་གཞིའི་སྟོབས་ཤུགས་སམ་སྒྱུ་རྩལ་གྱི་རིན་ཐང་བསྐྱར་དུ་ཕངས་པ་ཞིག་རྙེད་པ་ཡིན་ན།དེ་འདྲ་འུད་ཆེནཔོས“དྲིལ་སྒྲོག”བྱ་དགོས་མེད་དེ།བརྩམས་ཆོས་སམ་རྩོམ་པ་པོ་རང་ངོས་ཀྱི་འོད་ཟེར་དེ་ནམ་ཞིག་དུས་ཚད་དང་ལོ་རྒྱུས་ཀྱིས་བདེན་དཔང་བྱ་ངེས་པ་མིན་ནམ།གལ་ཏེ།ཁོ་ཚོས་རྩོམ་པ་པོའམ་བརྩམས་ཆོས་རང་ངོས་ནས་མི་གཞི་དང་སྒྱུུ་རྩལ་གྱི་འོད་ཟེར་ཐུན་མོང་མ་ཡིན་པ་ཞིག་མེད་པ་མཐོང་བཞིན་དུ།བརྩེ་འདང་ངམ་མིའི་ངོ་མ་བཟློག་པ་སོགས་ཀྱི་དབང་གིས“དྲིལ་སྒྲོག”བྱ་དགོས་བྱུང་བ་ཡིན་ན།ཁོ་ཚོའི་རྩོམ་རིག་སྒྱུ་རྩལ་གྱི་དད་འདུན་དེ་ར་རོས་སྦགས་པ་ཞིག་དང་རྩོམ་རིག་དཔྱད་བརྗོད་ཀྱི་རྩ་དོན་ནམ་མཐོང་སྣེ་དེའང་དུངས་ཞེན་གྱིས་ཁ་ལོ་བྱེད་པ་ཞིག་ཏུ་ཅིས་ཀྱང་ཁས་ལེན་དགོས་པར་འགྱུར།དེ་མ་ཟད།ཁོ་ཚོའི་མཚན་སྙན་གྲགས་ཀྱི་སྒྲིབ་གཡོགས་འོག་གི་མི་གཞི་དང་རང་གཤིས།སྙིང་སྟོབས་སོགས་ཀྱང་ཧ་ཅང་དོགས་པའི་གནས་ཤིག་མིན་ནམ།

དེ་ལས་ཀྱང་བློ་ངོར་མི་ཤོང་བ་ཞིག་ནི“སྔོན་འགྲོ”འབྲི་མཁན་ཕྱི་མ་དག་ཡིན་ཏེ། ཁོ་ཚོ་ཞིབ་འཇུག་གི་ཆེད་ལས་གང་རུང་ལ་འཐམ་ཞིང་རྩོམ་རིག་དང་སྒྱུ་རྩལ་གྱི་བློ་སྦྱོང་ཏིལ་འབྲུ་ཙམ་མེད་ནའང་།རྩོམ་རིག་བརྩམས་ཆོས་བསྡུས་དེབ་ཀྱི“སྔོན་འགྲོ”འབྲི་བའི་ལས་དེ་ཁུར་དུ་ལེན་སྲིད་ལ།སྒམ་སྒམ་གྱིས་རྩོམ་རིག་བརྩམས་ཆོས་དེ་དག་དང་འབྲེལ་བ་མེད་པའི“སྔོན་འགྲོ”འམ“སློབ་སྟོན”དགོད་བྲོ་བ་གང་འདོད་ཤར་ཤར་འབྲི་སྲིད།དཔེར་ན།སངས་རྒྱས་ཆོས་གཞུང་ལ་ཞིབ་འཇུག་བྱེད་ཅིང་སྙན་ངག་གསར་བར་མཐའ་གཅིག་ཏུ་དགག་པའི་མཁས་པ་ཞིག་གིས།ཁོའི་སློབ་མ་ཞིག་གིས་བྲིས་པའི་སྙན་ངག་གསར་བའི་བསྡུས་དེབ་ལ“སྔོན་འགྲོ”བྲིས་འདུག་པ་ལྟ་བུའོ།།ཁོ་ཚོས་རང་ལ་ཆ་རྒྱུས་མེད་ཅིང་ཐ་ན་ཐན་ལྟས་སུ་བལྟ་བའི་རིག་གནས་ཤིག་ལ།“སྔོན་འགྲོ”བྲིས་ཏེ“དྲིལ་སྒྲོག”བྱ་དགོས་དོན་གང་ཡིན་ནམ།ཁོ་ཚོས་ཡང་སྙིང་ཅི་ཞིག་སྟོན་འདོད་པ་ཡིན་ནམ།ཞིབ་ཏུ་བསམ་ན།རང་ཉིད“དྲིལ་སྒྲོག”བྱ་བའི་ཆེད་དེ།ཁོ་རང་ཆེད་ལས་ཙམ་མ་ཟད་རིག་གནས་ཀྱི་ཚན་ཁག་གང་ལའང་མཁས་སོ་ཞེས་པའི་དབང་ཐང་དེ་སྟོན་འདོད་པ་མ་རེད་དམ།དེ་ལྟ་བུའི་རང་རློམ་དེའི་རྩ་བ་ཡར་དེད་ཚེ།བོད་པའི་རིག་གནས་ལོ་རྒྱུས་ཀྱི་འཕེལ་རིམ་དང་འབྲེལ་ཡོད་དེ།བོད་སྔ་རབས་པར་མཚོན་ན་ནུབ་གླིང་དང་ད་ལྟའི་རྒྱ་ནག་གི་རིག་གནས་ལྟར་སྤྱི་སྡེ་ཚན་སོ་སོར་ཕྱེས་པ་ཙམ་མ་ཟད།ཚན་ཁག་ཕྲ་མོ་རེ་རེར་ཆེད་ལས་མཁས་པ་གྲངས་མེད་པས་མི་ཚེ་བསྟིམས་ཏེ་ཞིབ་འཇུག་མཐའ་འཁྱོལ་བྱེད་པ་དེ་འདྲ་མིན་པར།མི་ཞིག་གིས་གཞུང་པོ་ཏི་ལྔ་ལ་སྦྱངས་པའམ་རིག་གནས་ཆེ་ཆུང་བཅུ་ལ་སློབ་གཉེར་བྱས་མྱོང་བ་ཙམ་གྱིས་ནང་བསྟན་རིག་པའི་ཆེད་མཁས་དང་། མཚན་ཉིད་རིག་པའི་ཆེད་མཁས། བཟོ་སྐྲུན་ཆེད་མཁས། གནམ་རིག་ཆེད་མཁས། སྐད་བརྡ་རིག་པའི་ཆེད་མཁས།རྩོམ་རིག་ཆེད་མཁས་།སྙན་ངག་པ་སོགས“རིག་གནས་ཀུན་མཁྱེན་གྱི་ཆེད་མཁས”སུ་གཞན་གྱིས་བལྟ་ལ་རང་གིས་ཀྱང་འདོད་པ་རེད། ཡང་གཅིག་བཤད་ན།  དེ་ལྟ་བུའི་བོད་ཀྱི“ཆེད་མཁས”གཅིག་གིས།མི་རིགས་གཞན་གྱི་ཆེད་ལས་ཕྲ་མོ་གྲངས་མེད་པ་རེ་རེར་མི་ཚེ་བསྟིམས་ཀྱིན་པའི་ཆེད་མཁས་ཁྲི་སྟོང་མང་བོའི་གོ་ཆོད་འདུག་པ་མིན་ནམ།རིག་གནས་སྣང་ཚུལ་དེ་ལས་ཕར་བལྟས་ན།ད་གཟོད་ད་ལྟའི་རྩོམ་རིག་བརྩམས་ཆོས་ལ“སྔོན་འགྲོ”འབྲི་མཁན་གྱི་མཁས་པ་དག་གི་ངོ་གདོང་རྗེན་པོར་མཐོང་ཐུབ་པ་སྟེ།རྩོམ་རིག་བརྩམས་ཆོས་ཆོས་ཀྱི“སྔོན་འགྲོ”འབྲི་བ་དེའང་། དོན་ངོ་མར།  ཁོ་པ་ཚོའི་བག་ཆགས་ཀྱི་མཐིལ་ན་ཉལ་བའི“རིག་གནས་ཀུན་མཁྱེན་གྱི་ཆེད་མཁས”སུ་རློམ་པའི་ནད་རྙིང་དེའི་ནད་རྟགས་རིགས་ཤིག་དུས་རབས་ཉེར་གཅིག་པའི་དུས་དང་འཚམ་པོར་མངོན་པ་མིན་ནམ།

                ང བསམ་གཞིག་གསུམ་པ།

“སྔོན་འགྲོ”འི་སྟོབས་ཤུགས་ལ་བརྟེན་ནས་རང་གི་ཁེ་གྲགས་སྙེག་པའི་རྩོམ་མཁན་ཡིན་ནའང་འདྲ།“སྔོན་འགྲོ”འི་སྨྱུག་རྩལ་ལ་བརྟེན་ནས་རང་ཉིད་ངོམ་ཤོམ་བྱེད་པའི་དཔྱད་མཁན་ཡིན་ནའང་རུང་།ཐུན་མོང་གི་ཁྱད་ཆོས་ཤིག་ནི།“སྔོན་འགྲོ”ཞེས་པའི་ཡོ་བྱད་ལེགས་པོ་འདིར་བརྟེན་ནས་རང་དོན་བསྒྲུབ་རྒྱུ་དེ་ལས་ཅི།སྔ་མར་སྒྱུ་རྩལ་འཚོལ་སྙེག་གི་མི་ཕྱེད་དད་འདུན་དེ་མེད་ལ།ཕྱི་མར་དྲང་བོ་དྲང་བཞག་གི་དཔྱོད་པའི་བློ་མིག་དང་བྲལ།དོན་ངོ་མར།ང་ཚོའི་རྩོམ་རིག་བརྩམས་ཆོས་བསྡུས་དེབ་དག་ལས།འུད་བསྟོད་དང“དྲིལ་སྒྲོག”གིས་མ་བསླད་པའི་ངེད་དོན་གྱི“སྔོན་འགྲོ”ག་ཙམ་བགྲང་རྒྱུ་ཡོད་དམ།“སྔོན་འགྲོའི་”སྣང་ཚུལ་ཆུང་ཆུང་འདི་བརྒྱུད་ནས་ང་ཚོས་བོད་ཀྱི་རྩོམ་སྟེགས་ཧྲིལ་བོ་གསལ་ལེར་དཔག་ཐུབ་ལ།དེང་རབས་རྩོམ་རིག་གིས་བོད་མིའི་རྣམ་ཤེས་གསར་བ་བཞེངས་སྒྲུབ་བྱ་བའི་དམིགས་འབེན་དང་ཅི་འདྲ་རྒྱང་ཐག་རིང་བའང་ཚོར་ཆོག ངོ་མ། ཞོ་གསར་བཞིན་ཆགས་འོས་པའི་བོད་ཀྱི་རྩོམ་རིག་གསར་བའི་སྟེགས་བུ་དེ། འུད་བསྟོད་དང་རང་རློམ། ཁེ་ཕན་དང་ཟོལ་བཅོས་སོགས་ཀྱིས་ཆེམ་ཆེམ་ཟ།

ཆེས་ཡིད་ཕངས་པ་ཞིག་ནི།“སྔོན་འགྲོའི”གནོད་སྐྱོན་ཐེབས་ཡུལ་གཙོ་བོ་ནི་རྩོམ་རིག་གི་དར་ཆ་ལྟ་བུར་གྱུར་བའི་སྙན་ངག་གསར་བ་ཡིན་པ་དེ་རེད།ང་ཚོར“སྙན་ངག་པ”ཧ་ཅང་མང་བ་དེ་བཞིན་དུ“སྙན་ངག་བསྡུས་དེབ”ཀྱི་འཕེལ་ཁའང་ཤིན་ཏུ་མགྱོགས་ལ།“སྔོན་འགྲོའི”ཁེ་ཕན་གྱི་བརྗེ་རེས་ནི་དེ་བས་ཀྱང་འཁྲུག་ཆ་དོད་པོར་ཡོད།ལྷག་པར།གཞན་ལྟ་ཞོག་ཚིག་གི་སྡེབ་སྒྲིག་གྲ་དག་ཙམ་ཡང་མི་འཁྱོངས་ནའང་།དཔེ་རྟགས་ཡོད་མེད་ཅི་རིགས་ཀྱི“སྙན་ངག་བསྡུས་དེབ”འཕྲོ་རིམ་འཕྲོར་དཔར་མཁན་གྱི་གསར་བུ་ལོ་ཆུང་དག་གི་ཕོ་ཚོད་དང་ཁ་ཕོ་མཐོང་ཞིང་ཐོས་ཐེངས་རེར་དང་། “སྙན་ངག”གི་གནོད་སྐྱོན་ཐེབས་ཀྱིན་པའི་དུས་རབས་འདི་ལ་ཁ་གཏོད་ཐེངས་རེར། བདག་གིས་ནི་རུས་གསེང་ནས་དངངས་འདར་ཡང་ཡང་རྒྱག་དགོས་བྱུང་།དཔེར་ན།ཟླ་འགའི་སྔོན་ལ།སློབ་ཆེན་པ་གསར་བུ་ཞིག་གིས་སློབ་གྲྭའི་ར་སྐོར་ནས་ང་བཀག་སྟེ“ངས་སྙན་ངག་བསྡུས་དེབ་ཅིག་མི་འགྱངས་པར་དཔར་རྩིས་ཡོད།ཁྱོད་ཀྱིས་མགོ་ནས་མཇུག་བར་དག་བཅོས་ཐེངས་ཤིག་བྱས་རྗེས“སྔོན་འགྲོ”ཞིག་འབྲི་རོགས་ཞུ”ཞེས་བཤད་བྱུང་།སྐད་ཆ་དེས་ང་ལ་དངངས་འཇིགས་དང་བློ་ཕམ་བཟོད་གླགས་མེད་པ་ཞིག་སྐྱེས་སུ་བཅུགགཅིག་ན་གཞན་གྱིས“མགོ་ནས་མཇུག་བར་དག་བཅོས་ཐེངས་ཤིག”བྱེད་དགོས་པའི་ཆུ་ཚད་ཅན་གྱི་བརྩམས་ཆོས་དག་དེབ་ཏུ་བསྐྲུན་འདོད་ཀྱི་ཕོ་ཚོད་དེ་ཧ་ལས་པ་ཞིག་རེད་ལ།གཉིས་ན“གཞན་གྱིས་མགོ་ནས་མཇུག་བར་དག་བཅོས་ཐེངས་ཤིག་བྱས་རྗེས”ཀྱི་བརྩམས་ཆོས་ལས་སྒྱུ་རྩལ་དང་བསམ་བློའི་རིན་ཐང་ལྟ་ཞོག སྙན་ངག་པའི་བླ་སྲོག་ཡིན་པའི་རང་གཤིས་གང་དུ་འཚོལ།སྐད་ཆ་དུམ་བུ་འདི་ལས་གསལ་བོར་མཐོང་ཐུབ་པ་ནི།ན་གཞོན་དེའི་མིག་ལམ་གྱི“སྔོན་འགྲོ”ཞེས་པ་ནི་དོན་དུ“བསྟོད་པ”ཡིན་པ་དེའོ།།ཁོ་རང་ཚོར་ཕ་མེས་ནས་བརྒྱུད་ཅིང་ད་ལྟའི་དཔྱད་བརྗོད་ཁྲོད་ཆེན་པོར་དར་བའི“བསྟོད་པ”འམ“སྔོན་འགྲོའི”ཤུགས་རྐྱེན་ཐེབས་ཚུལ་ཇི་འདྲའི་ཡ་ང་བ་ཞིག་རེད་ཨང་། གང་ལྟར། ཁོའི“མགོ་ནས་མཇུག་བར་དག་བཅོས”བྱེད་དགོས་པའི“སྙན་ངག་བསྡུས་དེབ”དེར། ནམ་ཞིག་སྙན་གྲགས་ཅན་གྱི་རྩོམ་པ་པོ་ཞིག་གམ་མཁས་དབང་ཆེ་གེ་མོ་ཞིག་གིས་སྟོབས་དང་ལྡན་པའི“སྔོན་འགྲོ”ཞིག་འབྲི་སཞིད་ངེས་རེད་ལ།ཁོ་རང་ཉིད་ཀྱང་མི་འགྱངས་བར“སྔོན་འགྲོའི”སྟོབས་ཀྱིས་བཏེགས་པའི“སྙན་ངག་བསྡུས་དེབ”དང་འགྲོགས་ནས།བོད་ཀྱི་འཚང་ཁ་ཤིག་ཤིག་གི་སྙན་ངག་པའི་གྲས་སུ་ཁ་ཕོ་དང་བཅས་ཏེ་སྡོད་ཆོག་གི་རེད།

“སྔོན་འགྲོའི”སྐོར་གཡི་ཁ་བརྡ་ཐ་ཐོར་འདི་རེ་ཞིག་མཇུག་རྫོགས་པར་བྱས་ནའང་། དེ་ནི་ཁ་བརྡའི་སྔོན་འགྲོ་ཙམ་ཡིན་ཏེ།རྒྱུ་མཚན་ནི་ཇི་སྲིད་རྩོམ་པ་པོ་དག་གིས་ཁེར་ཚུགས་དང་རང་གཤིས་རྙེད་པ་དེ་སྲིད་དང་།ཇི་སྲིད་མི་རིགས་འདི“བསྟོད་པ”དང་བྲན་གཤིས་ལས་ཐར་བ་དེ་སྲིད་དུ།འཇིག་ཉེན་གྱི་ཚོར་ཤེས་ལྕི་བའི་སྐྱེས་བུ་སྐོར་ཞིག་ནམ་ཡང་གཉིད་ཁུག་གིན་མེད་པས་སོ།།

རྩོམ་ཁུངས། ༢༠༠༥ལོའི་དུས་རབས་ཀྱི་ང་།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

“སྔོན་འགྲོ”ལས་འཕྲོས་པའི་བསམ་གཞིག་ཐ་ཐོར།

2009-10-21 གླག་མིག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།