ཡིད་སྐྱོ་བའི་དབྱངས་རྟ།

ཁྱོད་ཀྱི་མཛེས་སྡུག་གི་བཞིན་རས་ངའི་སྙིང་ཁོང་ན།འོན་ཀྱང་ཁྱོད་རྒྱང་རིང་ཞིག་ཏུ་བསྐྱལ་ཟིན།དེ་ཡང་དབྱུར་ཟླ་གསུམ་པའི་མེ་ཏོག་དང་ལྷན་ཏུ་ཁྱོད་ཀྱི་ལང་ཚོས་བཀྲག་མདངས་ངོམ་སྐབས།སྐྲ་ཐོགས་མའི་ལས་དབང་གི་རྟ་ཕོས་ཁྱོད་རང་ཁུར་ཏེ་ཆ་མེད་རྒྱུས་མེད་ཀྱི་གནས་ཡུལ་ཞིག་ལ་དལ་གྱིས་བསྐྱལ།དུས་དེ་ནས་ཁྱོད་ཀྱིས་མཐོང་མ་མྱོང་བའི་ཚེ་གཅིག་གི་སྐྱ་ཡ་དེའི་གདོང་གི་དཀར་ནག་འཚོ་བཞིན།སོང་མ་མྱོང་བའི་རི་ཡུལ་དེ་རུ་མི་ཚེའི་ཟིན་ཐོ་གསར་བ་ཞིག་འབྲི་མགོ་བརྩམས།དངོས་གནས་བྲག་ལ་འཕངས་པའི་མདའ་མོ་ལྟར།ཁྱོད་རང་བདག་དང་རིང་དུ་གྱེས།

ཁྱོད་ཀྱི་མཛེས་སྡུག་གི་བཞིན་རས་ངའི་སྙིང་ཁོང་ན།འོན་ཀྱང་སད་ཀྱིས་བཅོམ་པའི་གསེར་ཆེན་མེ་ཏོག་ལས་ཁྱོད་ཀྱི་ལོ་རྒྱུས་གསལ།དེ་ཡང་འདམ་བག་དང་ཆར་ཆུས་ཁྱོད་ཀྱིས་ལུས་པོ་བརླན་ཞིང་།དྲན་གདུང་དང་སྐྱོ་སྡུག་གིས་ཁྱོད་ཀྱི་སེམས་པ་བརླན།བདག་གིས་སྐྲ་ཐོགས་མའི་ལས་དབང་ལ་དམོད་འབོད་བྱེད་ཀྱིན་གྲང་རླུང་གི་ཁྲོད་དུ་འགྲེང་ནས་ཁྱོད་རང་དྲན་སྐབས་ཁྱོད་ལ་དྲན་སྣང་ཅི་ཡང་མེད་པར་བུ་ཆུང་ཞིག་བཙས།འདི་ནི་སྨན་ཤར་ཚོའི་ལས་དབང་གི་སྡོམ་ཚིག་ཅིག་ཡིན་ནམ།ཡང་ན་བདག་གི་སེམས་པ་སྲེག་པའི་ཨ་ལན་ཚ་དྲག་པ་ཞིག་ཡིན།གང་ལྟར་ཡོད་ཚད་གཞན་དབང་དང་སྐྱོ་གར་ཡིན་པས།བདག་གིས་ཁྱོད་ཉིད་ལྷག་ཏུ་དྲན། ལྷག་ཏུ་དྲན།

ཁྱོད་ཀྱི་མཛེས་སྡུག་གི་བཞིན་རས་སྙིང་ཁོང་ན།འོན་ཀྱང་ཁྱོད་རང་རྒྱ་ལྕང་སྐམ་པོའི་ཐལ་མདོག་གི་ཡལ་འདབ་ལྟར།སྐྱ་མདོག་གི་ཡ་ཐོད་ལ་སྐྱོ་སྡུག་གི་རི་མོ་ཤར་དུས།གཞན་ཅིག་གི་འདས་མཆོད་ལ་མྱ་ངན་གྱི་འོ་དོད་མི་སྒྲོག་ཐབས་མེད་བྱུང་།

མ་གཞི་ཁྱོད་ཀྱི་ཁྱོ་བོ་དེས་ཁྱོད་རང་བསྐྱུར་ཏེ་ས་རྩོད་ཀྱི་ཁྲག་རྒྱུན་ཁྲོད་དུ་ཡལ།དེ་ནས་ཁྱོད་ཀྱི་སྐྱོ་སྡུག་གི་མི་ཚེའི་མིག་ཆུ་བདག་སེམས་ཀྱི་སྨྱུག་ཁ་རུ་ཡང་ཡང་བཞུར།ཡང་ཡང་བཞུར།

ཁྱོད་ཀྱིས།རང་གི་བུ་ཆུང་དེ་“རྩྭ་ཐང་གི་དཔའ་རྒོད”ཅིག་བྱེད་པར་ཡང་ཡང་སྐུལ་དུས།ལབ་རྩེ་རི་བོའི་དར་ལྕོག་ཁོ་ནས་རྩྭ་ཐང་གི་ལས་དབང་གི་ལས་དབང་དེ་བགྲང་ཐུབ་བམ།

རྩོམ་ཁུངས། རྩོམ་རིག་འདབས་བརྒྱའི་ཚལ་ཡངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡིད་སྐྱོ་བའི་དབྱངས་རྟ།

2009-10-18 ཨ་རིན་ཆེན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།