ཁྱུང་།

བྱ་གཞུང་དབྱངས་བྷ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-18

སྒུག་སྒུག་རྗེས། ཡང་བསྐྱར་ཁྱོད་རང་མཐོང་།

ཁྱུང་།འུ་གཉིས་ཀྱི་བར་ན་སྟོན་རླུང་ལྡང་གིན་ཡོད་ནའང་།ངས་སྔར་བཞིན།ཁྱོད་ཀྱི་སྨིན་མའི་གསེབ་ན་ཀེམ་ཀེམ།ཀེམ་ཀེམ་དུ་འཕུར་ལ་རེ་བའི་བྱེའུ་ཆུང་དེ་གཉིས་མཐོང་ཐུབ་ལ།སེམས་པ་རྨང་ནས་བསྲེགས་པའི་དབྱངས་རྟ་དེའང་སྣོམ་ཐུབ།

ཁྱུང་།སྟོན་ལྗོངས་སུ།ཁྱོད་ནི་ལོ་འདབ་འཐོར་མི་སྲིད་པའི་མེ་ཏོག་ཁོ་ན་ཡིན།ཁྱོད་ནི་ནང་སྙིང་རྒྱགས་པའི་གང་བུ་གཅིག་པུ་ཡིན།ཁྱོད་ཀྱི་དབང་གིས།དབྱར་གཞུང་གི་ཚ་གདུག་དང་།བུང་བའི་གཞས་ཆུང་།ཀོ་ཀུའི་མཛའ་གླུ།ཡོད་ཚད་དང་འབྲལ་མི་སྲིད།གྱེས་བྲལ་གྱི་དུས་སྐར་རེ་རེ་ནང་དུ།ངས་ཁྱོད་ཀྱི་འཛུམ་ཀོང་མེ་ཏོག་བཞིན་བཞད་ཚུལ་དང་།ཁྱོད་ཀྱི་སྐྲ་ལོ་དར་སྐུད་བཞིན་གཡོ་ཚུལ་དྲན་བཞིན་ཡོད།ད་དུང་།མེ་ལྕེ་ལྟ་བུའི་བབ་ཆགས།རྫ་ཆུ་ལྟ་བུའི་ངག་སྐད།རྫི་མ་དང་ལག་ཆུ་དྲན་བཞིན་ཡོད།

ཡིད་ཆེས་ལ་གོད་ཆགས་མོད་པའི་ང་རང་།

རྨི་ལམ་ལ་གས་འཐོར་མང་བའི་ང་རང་།

ཅི་ཡང་ཁ་ཚང་བའི་སྐྱེད་ཚལ་ཅིག་རྙེད་འདོད་ཀྱིས།དྲན་གྱིན།འཚོལ་གྱིན།ད་ནི་སྟོང་འདང་ཁྲོད་བརྩེ་འདང་གི་ལྷག་མ་ཁྱོད་ལ་ཕྱེས་ཡོད།

འུ་གཉིས་ཀྱི་བར་ན་སྟོན་རླུང་འཁྱག་སིབ་སིབ་ལྡང་ནའང་།ཁྱུང་།ངས་སྔར་བཞིན།ཁྱོད་ཀྱི་མཆུ་སྒྲོས་ལ་བབས་པའི་ཡིག་འབྲུ་དམར་པོ་དེ་ཚོ་ཀློག་ཐུབ་ལ།ཁྱོད་ཀྱི་བྲང་ཁོག་ན་མཛེས་སྡུག་གིས་འཕྱོ་བའི་ཕྱེ་ལེབ་དེ་ཚོ་འཛིན་ཐུབ།

ཁྱུང་།ང་རང་གྲང་མི་སྲིད།

 

རྩོམ་ཁུངས། རྩོམ་རིག་འདབས་བརྒྱའི་ཚལ་ཡངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱུང་།

2009-10-18 བྱ་གཞུང་དབྱངས་བྷ། ཀློག་གྲངས། མཆན ཡོད།

སྒུག་སྒུག་རྗེས། ཡང་བསྐྱར་ཁྱོད་རང་མཐོང་།

ཁྱུང་།འུ་གཉིས་ཀྱི་བར་ན་སྟོན་རླུང་ལྡང་གིན་ཡོད་ནའང་།ངས་སྔར་བཞིན།ཁྱོད་ཀྱི་སྨིན་མའི་གསེབ་ན་ཀེམ་ཀེམ།ཀེམ་ཀེམ་དུ་འཕུར་ལ་རེ་བའི་བྱེའུ་ཆུང་དེ་གཉིས་མཐོང་ཐུབ་ལ།སེམས་པ་རྨང་ནས་བསྲེགས་པའི་དབྱངས་རྟ་དེའང་སྣོམ་ཐུབ།

ཁྱུང་།སྟོན་ལྗོངས་སུ།ཁྱོད་ནི་ལོ་འདབ་འཐོར་མི་སྲིད་པའི་མེ་ཏོག་ཁོ་ན་ཡིན།ཁྱོད་ནི་ནང་སྙིང་རྒྱགས་པའི་གང་བུ་གཅིག་པུ་ཡིན།ཁྱོད་ཀྱི་དབང་གིས།དབྱར་གཞུང་གི་ཚ་གདུག་དང་།བུང་བའི་གཞས་ཆུང་།ཀོ་ཀུའི་མཛའ་གླུ།ཡོད་ཚད་དང་འབྲལ་མི་སྲིད།གྱེས་བྲལ་གྱི་དུས་སྐར་རེ་རེ་ནང་དུ།ངས་ཁྱོད་ཀྱི་འཛུམ་ཀོང་མེ་ཏོག་བཞིན་བཞད་ཚུལ་དང་།ཁྱོད་ཀྱི་སྐྲ་ལོ་དར་སྐུད་བཞིན་གཡོ་ཚུལ་དྲན་བཞིན་ཡོད།ད་དུང་།མེ་ལྕེ་ལྟ་བུའི་བབ་ཆགས།རྫ་ཆུ་ལྟ་བུའི་ངག་སྐད།རྫི་མ་དང་ལག་ཆུ་དྲན་བཞིན་ཡོད།

ཡིད་ཆེས་ལ་གོད་ཆགས་མོད་པའི་ང་རང་།

རྨི་ལམ་ལ་གས་འཐོར་མང་བའི་ང་རང་།

ཅི་ཡང་ཁ་ཚང་བའི་སྐྱེད་ཚལ་ཅིག་རྙེད་འདོད་ཀྱིས།དྲན་གྱིན།འཚོལ་གྱིན།ད་ནི་སྟོང་འདང་ཁྲོད་བརྩེ་འདང་གི་ལྷག་མ་ཁྱོད་ལ་ཕྱེས་ཡོད།

འུ་གཉིས་ཀྱི་བར་ན་སྟོན་རླུང་འཁྱག་སིབ་སིབ་ལྡང་ནའང་།ཁྱུང་།ངས་སྔར་བཞིན།ཁྱོད་ཀྱི་མཆུ་སྒྲོས་ལ་བབས་པའི་ཡིག་འབྲུ་དམར་པོ་དེ་ཚོ་ཀློག་ཐུབ་ལ།ཁྱོད་ཀྱི་བྲང་ཁོག་ན་མཛེས་སྡུག་གིས་འཕྱོ་བའི་ཕྱེ་ལེབ་དེ་ཚོ་འཛིན་ཐུབ།

ཁྱུང་།ང་རང་གྲང་མི་སྲིད།

 

རྩོམ་ཁུངས། རྩོམ་རིག་འདབས་བརྒྱའི་ཚལ་ཡངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།