བླ་འབོད་རྐང་གླིང་།

གངས་བུ་དགའ་སྐྱེད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-17

ལྡིར་སྒྲ་དང་བཅས་དུས་དུས་ཚོད་ཀྱི་སྐྱ་མདའ་མེ་ལྕེས་གཞོབ་ཚེ་མཆི་མའི་མེ་ཏོག་གི་ཕྲེང་བ་རི་སུལ་ལ་འཐོར་ཞིང་རྩི་ཤིང་གི་སྣེ་མོར་བཀལ།

བོར་སོང་བའི་ང་ལ་རྨི་ལམ་གྱིས་སྐྱེས་མ་མཛད།

འབད་གཤོག་གི་སྲེད་ལྡད་ཀྱིན་འཕྱོ་བའི་འཇུག་ངོགས་སྔོ་ཞིང་མཐིང་ལ་ངའི་གཡོར་གྲུ་ཁེར་རྐྱང་འབོད་པའི་ཕྱོགས་དེ་ན། གནའ་བོའི་ཆུ་ཀླུང་འཁོར་ཤུལ་དུ་ལུག་ཁྱུ་དང་སྦྲ་གུར་ཁ་ཤས། ད་དུང་། གང་ས་གང་ནས་བགྲད་པའི་དྭ་ཕྲུག་ལྟར་རྡོ་བའི་སྐོམ་གདུང་གི་མིག་འབྲས་གྲངས་མེད།

གངས་རི། འཆི་བདག་གི་བརླ་རྐང་དཀར་པོའི་གླིང་བུ་སུ་ཡིས་འབུད།

རྐང་གླིང་ལས་འཕུར་བ་རྟོགས་བརྗོད་ཀྱི་དམར་དྲི་འཐུལ་བའི་འགྱུར་ཁུགས་ཏེ། གསོལ་སྟོན་རྗེས་མའི་ཐབ་མགོ་ནས་ཁོལ་བའི་ཟུངས་ཁྲག་གི་བདུད་རྩི་ཁྱོད་ལ་འདྲེན།

གནམ་སའི་བར་དུ་ར་བཟི་བའི་གྲོད་པ་དང་ར་བཟི་བའི་པི་ཝང་ར་བཟི་བའི་མ་མའི་ཚེམས་ཕྲེང

ཉིན་གུང་གི་གླུ་ངག་འཇགས་དུས་ངས་རང་སྲོག་བཅད། དུག་རླངས་ཁུར་བའི་སྤྲིན་ཕུང་གཡས་འཁྱིལ་དེ་ཐམས་ཅད་ཀྱི་འབྱུང་རྐྱེན་ཡིན་ནམ།

ནུ་ཞོ་རྒྱང་བཞུར་བའི་ཤག་སྒྲ་དང་ད་དུང་སྙན།

ལོ་ཟླའི་ས་མཐར་ཤོར་བའི་མཇལ་འཛོམ་གྱི་བྲག་ཕུག་ཅིག་ནས། དམག་འཁྲུག་གི་མེ་ཞགས་ཁྲོད་དམ་དངུལ་གྱིས་ཤན་པའི་ཆང་ཕོར་ཁ་རུ་ཡང་ན་ཆར་རླུང་གི་སྐྱོ་ངལ་ལ་ཐིམ་སྔ་བའི་དམ་པ་དག་གི་ངོ་གདོང་དང་སྐྱེལ་མ་ངོ་མ་ཚོའི་སྐྲ་ལོ་ཟིན་ཅིང་འདར་ལྕུག་ལྕུག་གི་ང་ཡང་མཐོང་།

རྐང་གླིང་།རྐང་གླིང་།

དུར་ཁྲོད་ནས་ཡར་དགྱེས་པའི་ང་ས་སྲོས་ཀྱི་ཉི་ཟེར་གྱོན་པའི་བཙུན་པ་ཡིན་ལ་ཇག་པའང་ཡིན།

རི་སྤྱང་ཀི་མིག་ཀོང་ལྗང་ཁུའི་སྦུབས་ལས་འཕྲེད་དུ་ཆས་པའི་ཀེང་རུས་དང་རྣམ་ཤེས།རྔམ་བརྗིད་ལྡན་པའི་དཔུང་ཚོགས་ཀྱིས་གཤིན་པོའི་སྐོར་བྲོ་འཁྲབ་བཞིན་ཚེ་སྲོག་ལ་རབ་གནས་མཛད་དུ་འགྲོ། ང་འདྲེ་ལའང་མི་སྐྲག

ཨོ། རྐང་གླིང་གིས་མ་ཁུག་པའི་བསླུ་བྲིད་ནག་པོ།

རྒྱབ་ཕྱོགས་སུ།ངའི་བུ་མོའི་ངུ་སྐད་ལྷང་ལྷང་རོལ་དབྱངས་འདྲ།

རྩོམ་ཁུངས། རྩོམ་རིག་འདབས་བརྒྱའི་ཚལ་ཡངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བླ་འབོད་རྐང་གླིང་།

2009-10-17 གངས་བུ་དགའ་སྐྱེད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།