<< འདོད་པའི་བསྟན་བཅོས >>དང་བུད་མེད་ཀྱི་མཛེས་པ།

འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཡོད་པ་ནས་བཟུང་འཇིག་རྟེན་ཁ་ལོ་སྒྱུར་པོ་ནི་བུད་མེད་རེད་ཅེས་ན་རྫུན་དུ་འགྲོ་ཡང་།ལོ་རྒྱུས་ཀྱི་བཤུལ་ལམ་རིང་མོའི་རྡོ་ཐེམ་རེ་རེའི་སྟེང་ན་བུད་མེད་ཀྱི་རྐང་རྗེས་གསལ་པོར་མངོན་པ་ནི་བསྙོན་དུ་མེད།

འཛམ་གླིང་གི་རྩོམ་རིག་སྒྱུ་རྩལ་གྱི་ལོ་རྒྱུས་ནི་བུད་མེད་ཀྱི་སྣང་བརྙན་མཚོན་པ་དང་བུད་མེད་ཀྱི་མཛེས་པ་ལ་བསྟོད་གླུ་ཕུལ་པའི་ལོ་རྒྱུས་རེད་ཅེས་ན་འུད་དུ་འགྲོ་ལས་ཆེ་ཡང་།ནུབ་གླིང་གི་རྩོམ་འབྱུང་ལོ་རྒྱུས་དང་སྒྱུ་རྩལ་ལོ་རྒྱུས་ལ་བལྟས་ཚེ་ཐོག་མཐའ་བར་གསུམ་དུ་མེད་དུ་མི་རུང་བ་ནི་བུད་མེད་རེད།

ཡོ་རོབ་གླིང་དུ་དུས་རབས་བར་མའི་ནང་དུ་བུད་མེད་ལ་ཆེས་མི་འོས་པའི་དམའ་འབེབ་དང་མཐོང་ཆུང་བྱས་ཏེ་ཕོ་མོའི་བར་གྱི་འདོད་པ་སྡོམ་པ་དང་།ལྷག་པར་དུ་ཆོས་ལུགས་པས་བུད་མེད་དང་འདོད་པ་ནི་“ཉེས་པ”དང་མི་དགེ་བ་འབྱུང་བྱེད་ཀྱི་རྩ་བ་ཡིན་པར་བརྗོད།རྒྱའི་རུའུ་ལུགས་ཀྱི་སྲོལ་འབྱེད་པ་ཁུང་ཙི་ཡིས་ཀྱང་བུད་མེད་གང་བྱུང་དུ་མི་བསྟེན་པར་བསྟན་ཡོད།རང་རེའི་བོད་ཡུལ་དུ་ཆོས་རྒྱོལ་སྲོང་བཙན་སྒམ་པོས་བུད་མེད་ཀྱི་ཁ་ལ་མི་ཉན་པར་བྱ་ཞེས་གཏན་ཕབ་པ་དང་།སངས་རྒྱས་ཆོས་ལུགས་ཀྱི“འདོད་སྡོམ་རིང་ལུགས”དར་ཁྱབ་བྱུང་བ་ནས་བཟུང་བུད་མེད་ཀྱི་ཐོབ་ཐང་དང་།རང་དབང་།བརྩེ་དུང་བཅས་ནི་མར་གནོན་དང་འབུར་འཇོམས་བྱེད་ཡུལ་དུ་གྱུར་བས་བུད་མེད་ནི་མི་ལུས་ཤིག་བླངས་ཡོད་ཙམ་མ་གཏོགས།མཐོ་སྒང་གི་ཁོལ་མོའམ་དུད་འགྲོ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

བུད་མེད་ཀྱི་ཐོབ་ཐང་དམའ་འབེབ་དང་བུད་མེད་ཀྱི་མཛེས་པ་དེ་མུན་པས་ཇི་ལྟར་བསྒྲིབས་ནའང་།ཕྱོགས་གཞན་ཞིག་ནས་དེ་དག་སྒྱེ་མོ་ནང་གི་སྙུང་བུ་བཞིན་ཕྱིར་བརྟོལ་འོང་གིན་ཡོད་དེ།གནའ་རབས་ཀེ་རེ་སེའི་བརྐོས་རེས་ཝེ་ན་སི་དཔུང་རྡུམ་མ་དང་།ཏ་ཧྥེན་ཆི་ཡི་སྣུམ་ཚོན་རི་མོ་མོ་ན་ལི་སྰ།དགེ་ཆོས་མ<<འདོད་པའི་བསྟན་བཅོས>>ཧྥིུ་རེའུ་རི་ཡི<<འདོད་པ་དང་དཔལ་ཡོན >>སོགས་ཀྱི་བུད་མེད་ཀྱི་མཛེས་པ་དང་ཡོན་ཏན་ལ་བསྟོད་གླུ་ལེན་ཞིང་།བུད་མེད་ཀྱི་ཐོབ་ཐང་རང་དབང་བརྩོན་ལེན་བྱེད་པའི་དྲང་བདེན་གྱི་སྐད་སྒྲ་དེ་ནམ་ཡང་འཇགས་མ་མྱོང་།

<<འདོད་པའི་བསྟན་བཅོས>>སུ།“འདོད་པའི་ཁམས་འདི་འདོད་པ་ཆགས་ས་སྟེ།།སྐྱེ་བོ་ཐམས་ཅད་འདོད་པ་དོན་དུ་གཉེར།།འདོད་པའི་ལོངས་སྤྱོད་ཀུན་གྱི་ཕུལ་བྱུང་བ།།ཕོ་མོ་གཉིས་སྦྱོར་འདོད་པའི་བདེ་བ་ཉིད།།བུད་མེད་མི་འདོད་སྐྱེ་བ་སུ་ཞིག་མཆིས།།སྐྱེས་བ་མི་འདོད་བུད་མེད་སུ་ཞིག་མཆིས།།ཕྱི་རོལ་བརྫུ་ཡི་ཁྱད་པར་མ་གཏོགས་པ།།ཐམས་ཅད་ཀུན་ཀྱང་འདི་ལ་དགའ་བར་ངེས།།”ཞེས་མི་ལ་ལྷད་སྐྱེས་སུ་མངའ་བའི་འདོད་པ་དེ་ལོངས་སུ་སྤྱད་ཚེ་ད་གཟོད་མཛེས་པའི་ཚ་ཤུགས་ལྷོག་ལྷོག་ཏུ་འགྱུར་བར་བསྟན་པ་དང་།ཡང་“གཟུགས་ཀྱི་ནང་ན་མཛེས་པའི་མཐར་ཐུག་པ།།སྐྱེས་པའི་མིག་ལ་བུད་མེད་གཟུགས་ཡིན་ཏེ།།འདི་ལས་ལྷག་པའི་མཛེས་པ་ངས་མ་མཐོང་།།སྒྲ་ཡི་ནང་ན་སྙན་པའི་མཐར་ཐུག་པ།།སྐྱེས་པའི་རྣ་བར་བུད་མེད་སྒྲ་ཡིན་ཅིང་།།བུད་མེད་རྣ་བར་སྐྱེས་པའི་སྒར་ཡིན་ཏེ།།འདི་ལས་ལྷག་པའི་སྙན་པ་གང་ཡང་མེད།།དེ་བཞིན་དྲི་དང་རོ་དང་རེག་བྱ་ཡི།།འདོད་ཡོན་ལྷག་མ་གསུམ་ལའང་སྦྱར་ཏེ་གསུང་།།”ཞེས་བུད་མེད་ཀྱི་མཛེས་པ་དང་མཛེས་པ་དེ་ཡིས་སྦྱིན་པའི་ལུས་སེམས་ཀྱི་བདེ་བ་དེ་བརྗོད་པ་རེད།འཇར་མན་གྱི་མཚན་ཉིད་རིག་པ་མཁན་ཁན་ཐི་ལགས་ལྟར་ན།མཛེས་པས་སྦྱིན་པའི་བདེ་བ་དེ་ནི་ཕན་གནོད་ཀྱི་འབྲེལ་བ་གང་ཡང་མེད་པའི་རང་དབང་གི་བདེ་བ་ཞིག་ཏུ་འདོད་པ་རེད།།དེས་ན“རང་དབང་གི་བདེ་བ”འདིས་འགྲོ་བ་མིའི་ཕུན་ཚོགས་འཚོ་བ་ལ་སྤྲོ་སྐྱིད་ཀྱི་ཁོར་ཡུག་ལེགས་པོ་ཇི་འདྲ་བསྐྲུན་ཡོད་པ་རེད་ཨང་།

བུད་མེད་ནི་འཇི་རྟེན་དང་ནམ་ཡང་ཁ་བྲལ་མི་རུང་ལ།ཏག་ཏག་བུད་མེད་རྣམས་ཡོད་པས་འཇི་རྟེན་གྱི་ལང་ཚོ་ལ་གསོན་ཤུགས་རབ་ཏུ་རྒྱས་ཤིང་།ལོ་རྒྱས་ཀྱི་ཤིང་རྟ་ཆེན་མོ་དེ་མདུན་ནས་་མདུན་དུ་བགྲོད་པར་བྱེད།<<འདོད་པའི་བསྟན་བཅོས>>ལས།“རང་གི་ལས་དོན་ཡུལ་གྱི་སྤྱི་དོན་དང་།།རྒྱལ་པོའི་རྒྱལ་སྲིད་སྤྲང་བོའི་འཚོ་ཐབས་སོགས།།ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང་།།མེད་དུ་མི་རུང་བ་ནི་བུད་མེད་ཡིན།།”ཞེས་དང་།“ཡངས་པའི་འཇིག་རྟེན་མྱ་ངན་ཐང་བཞིན་ཆེ།།ལས་མང་ཁུར་གྱིས་སྐྱེས་བུ་ངེས་པར་སྐྱོ།།དེ་ལ་དགའ་བའི་སྤྲོ་བ་སྦྱིན་ནུས་པའི།།རྩེད་གྲོགས་བུ་མོ་ལས་ཀྱི་སྤྲུལ་བ་འདྲ།།མཐོང་པས་ཡིད་དགའ་གཟུགས་ཀྱི་ལྷ་མོ་སྟེ།།རིགས་རྒྱུད་བཟང་བོ་བསྐྱེད་པའི་ཞིང་ས་ཡིན།།སྡུག་པའི་ནད་གཡོག་བྱེད་པའི་མ་མ་དང་།།སྐྱོ་བའི་སེམས་གསོ་གཏོང་བའི་སྙན་ངག་མཁན།།ཁྱིམ་གྱི་ལས་ཀུན་བྱེད་པའི་གཡོག་མོ་སྟེ།།ཚེ་གཅིག་རྩེ་དགའ་སྐྱོང་བའི་གྲོགས་མོ་ཉིད།།”ཅེས་གསུངས་པ་ཡང་བུད་མེད་ཀྱི་ཡོན་ཏན་དང་མཛེས་པ་ལ་ཚད་མཐོ་བའི་བསྔགས་བརྗོད་མཛད་པ་དང་།ཞོར་དུ“བུད་མེད་དག་ལ་ཉེས་པར་ལྟ”བ་རྣམས་ལ་དགག་པ་ནན་མོ་མཛད་ཡོད་པ་རེད།

འུ་ཅག་གི་འགྲོ་བ་མིའི་རིགས་ལ་སྤྲོ་སྣང་སྦྱིན་པའི“གཟུགས་ཀྱི་ལྷ་མོ”དང“སྙན་ངག་མ་”རྣམས་ཀྱི་དུས་རབས་ཉེར་གཅིག་པའི་ནང་དུ།“བུད་མེད་གསར་བ”ཞིག་གི་གཟུགས་བཟོ་དང་ལྡན་པའི་ངང་ནས་མིའི་རིགས་ལ་སྔར་ལས་ལྷག་པའི་བྱམས་བརྩེ་དང་། མཉེས་གཤིན། བརྩེ་དུང་བཅེས་ཀྱི་དྲོད་ཁོལ་བར་མེད་དུ་བསྩོལ་བར་ཤོག

<< མི་གཞིའི་སྙིང་སྟོབས >>ལས་བཤུས།

རྩོམ་ཁུངས། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

&lt;&lt; འདོད་པའི་བསྟན་བཅོས &gt;&gt;དང་བུད་མེད་ཀྱི་མཛེས་པ།

2009-10-16 མེ་ལྕེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།