ཚེ་སྲོག་གི་འཁུན་སྒྲ།

གཟུངས་ཕྱུག་སྐྱིད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-16

གནའ་སྔོ་མོ་ཞིག་སྟེ་མིའི་འགྲོ་བ་མ་ཆགས་པའི་ཡར་སྔོན་ནས་བཟུང་།ངས་ལྗང་མདོག་གི་ལང་ཚོ་ནས་མི་ཡུལ་ལ་འབྱོར་ཕྱུག་བསྐྲུན་པས།བདག་གི་ཚེ་སྲོག་སྟོབས་འབྱོར་དང་གཟི་བརྗིད་ཀྱིས་འཚོ་ལ།ཕུགས་བསམ་དྲོད་ཁོལ་དང་འོད་སྣང་གིས་ཕྱུག་ཡོད།ས་མཐོའི་གྲང་རླུང་གིས་འགྲམ་ལྕག་གཞུས་པ་གྲངས་ལས་འདས་ཀྱང་།ངས་ཉམ་ང་དང་ཡིད་ཕམ་གྱི་སེམས་པ་གཏན་ནས་བཟུང་མ་མྱོང་།དེ་ལྟར་སྟོབས་ཆེན་གྱི་ལུས་ཕུང་ཆེན་པོ་གུར་དུ་ཕུབ་སྟེ་ཉམ་ཆུང་གི་གཅེས་སྲོག་གྲངས་མེད་བྱམས་པས་བསྐྱངས་མྱོང་ལ།ཚ་བ་མེ་ལྟར་འབར་བའི་དམའ་ཤོད་ཐང་གཞུང་དུ་ཡང་།ཟུངས་ཁྲག་གི་རྒྱུ་བ་ཆུ་རུ་དྲངས་ཏེ་རིགས་དྲུག་གི་ཚ་གདུང་བསིལ་བས་སེལ་མྱོང་།ད་དུང་ཁོའི་གྲང་རླུང་གི་ཧབ་ཆ་ག་སར་མཆེད་དུས་ཀྱང་།དཔའ་ངར་གྱི་ལག་ཟུང་གྱེན་ལ་བསྒྲེངས་ཏེ་ཐལ་རྡུལ་གྱི་གཤེད་མ་བསྒྲལ་མྱོང་། ད་དུང་ངས་དབྱར་གྱི་ཉི་འོད་ཀྱི་ཚ་དྲོད་ལོ་མས་བསྒྲིབས་ཏེ་མིའི་རིགས་ལ་གྲིབ་བསིལ་ཡང་སྦྱིན་ན་འདོད།

ཨོ།ང་ནི་གདོད་མ་ནས་སྐྱེས་སྟོབས་འབར་བའི་སྐྱེ་དངོས་ཀྱི་མེས་པོ་སྟེ།གཞན་དོན་དུ་འཚོ་བའི་སེམས་དཔའ་ཡིན།ས་ཆེན་སྒེག་མོས་ང་ལ་འཚར་སྡུག་གི་མཆོར་ལྭ་བཀླུབས་ཏེ་ལང་ཚོ་ལ་བཀྲག་མདངས་དང་འཚོ་བ་ལ་སྟོབས་ཤུགས་བསྣན།སྐྱེ་དངོས་དང་སྲོག་ཆགས་གྲངས་མེད་ཀྱིས་ངའི་ཕ་གཞིས་དང་གནའ་མཁར་གཡར་ནས་ཚེ་སྲོག་ལ་འཇིགས་མི་སྲིད་པའི་བཙན་རྫོང་བཟུང་།མཁའ་ལྡིང་དབ་ཆགས་ཚོགས་ཀྱིས་ཀྱང་ངའི་བག་ཕེབས་དང་མཛེས་སྡུག་གི་གླིང་ག་བསྙེགས་ནས་གྲེ་འགྱུར་གྱི་གླུ་དབྱངས་རང་དབང་གིས་བླངས་མྱོང་། དེ་ནི་ཇི་འདྲའི་གཞན་ཕན་རང་སྐྱིད་ཀྱི་འཚོ་བ་ཞིག་རེད་ཨང་། ཡིན་ནའང་ད་ལྟ་ཅི་ཞིག་ལ།མི་འདི་ཚོས་ངའི་ཕ་མཁར་དང་བཙན་རྫོང་ཞིག་ནས་མདའ་གྲི་ཡི་སོ་ཁ་གང་ལ་གཏད། ཧམ་སེམས་དང་འདོད་ངན་གྱི་ལག་པ་བརྐྱངས་ཏེ།ངའི་བུ་རྒྱུད་ཚོའི་ཕ་གཞིས་དྲོན་མོར་གཏོར་ཞིག་བཏང་། ད་དུང་གྲོང་ཁྱེར་ནས་འོང་བའི་གདོན་འདྲེ་སྟེ་མེ་མདའ་དང་འཕྲུལ་འཁོར་གྱི་སྡུར་སྒྲ་དྲག་པོས།ངའི་བག་ཕེབས་དཀྲོགས་ཤིང་ཟུངས་ཁྲག་གཞིབས་པས།བདག་གི་ཕང་བ་ན་བདེ་སྣང་གིས་ཡན་པའི་རི་དྭགས་གྲངས་མེད་ཅིག་གཅེས་སྲོག་ཤོར་བའི་སྐྲག་སྣང་གིས་གཅུན།

ངའི་སྙིང་ཉེ་བའི་གྲོགས་པོ་སྟེ།བྲེ་སར་འབྲོང་།དམར་ཡག་སྟག ཁ་དཀར་རྐྱང་།ཤྭ་བ་ར་རིང་།དགོ་བ་འཕོངས་དཀར་སོགས་སྔ་མོ་ནས་འདྲིས་ཤིང་བརྩེ་བའི་སྲོག་ཆགས་གྲངས་མེད་ཅིག་གིས་ཀྱང་ངའི་ཟུངས་ཟད་པའི་བཞིན་མདངས་དང་མཐའ་འཁོར་གྱི་འཕུང་དཀྲུགས་མཐོང་ཏེ་སྐྱོ་གདུང་གི་ཕྱི་མིག་དམར་པོ་ཞིག་བཞག་ནས་རྒྱང་དུ་ཡལ།ཐ་ན་ལོ་འདི་དག་ལ་ངའི་བར་སྣང་ནས་ཆར་རྒྱུན་གྱི་བཏུང་བ་དུས་ལྟར་མི་འབབ་ལ།དཔྱིད་ཀྱི་བདག་མོས་ཀྱང་སྔོན་ལྟར་མཆོར་འདོད་ཀྱི་གོས་རྒྱན་སྤྲས་ཏེ་ངའི་མཐའ་འཁོར་ལ་གཅེས་སྤྲས་དང་བྱི་དོར་མི་བྱེད་པར་ཅི་ཞིག་ལ་འཛེམ་དོག་བྱེད་པ་ལྟར་རྒྱང་དུ་བཀྱེད་འདུག བྱ་ཁུག་གིས་ཀྱང་སྙན་འགྱུར་འབུམ་གྱིས་ཕྱུག་པའི་འཕྲིན་པ་ཡོང་བར་རེ།ཐ་ན་ངའི་འཁོར་གྱི་རྩྭ་ཕྲན་དང་མེ་ཏོག་ལ་སོགས་པའི་སྐྱེ་དངོས་མང་བོ་ཞིག་གིས་ཀྱང་སྔོན་ལྟར་འགྲན་རྩོད་ཀྱིས་རང་རང་གི་ལང་ཚོའི་བཀྲག་མདངས་དང་ཀུན་ཕན་གྱི་བྱེད་ནུས་སོགས་མིའི་རིགས་ལ་ལེགས་སྐྱེས་སུ་མི་འབུལ་བར།ཅི་ཞིག་ལ་ཡིད་ཐང་ཆད་པ་ལྟར་སྐྱ་མདོག་གི་བཞིན་རས་བྲང་ལ་སྨདའདུག

ཀྱེ་མ་ཡར་བལྟས་ན་ཨ་སྔོན་སྟོང་སང་ངེ་།མར་གཟིགས་ན་དོག་མོ་སྐྱ་ཐིང་ངེ་།ངའི་བར་སྣང་དང་ས་གཞི་འདི་ལྟར་ཧ་ཅང་དབུལ་བས།ཁེར་རྐྱང་དུ་ལུས་པའི་སྐྲག་སྣང་ཞིག་གིས་ངའི་བཞིན་གྱི་ལང་ཚོ་དང་ཚེ་སྲོག་གི་འཚོ་བཅུད།ཟུངས་ཁྲག་གི་རྒྱུ་བ་ཡོད་ཚད་ཉིན་རེ་ནས་ཉིན་རེར་ཇེ་ཞན་དུ་འགྲོ་བཞིན་གདའ། དེ་ལྟ་ནའང་མི་ཡུལ་གྱི་འཕུང་དཀྲུགས་ནག་པོས།ད་དུང་མུ་མཐུད་ནས་འཇིགས་རུང་གི་གདོང་མཐུག་པོ་ཞིག་གྱོན་ནས།ད་དུང་མུ་མཐུད་ནས་འཇིགས་རུང་གི་གདོང་འབག་མཐུག་པོ་ཞིག་གྱོན་ནས།གདུག་རྩུབ་ཀྱི་མདའ་གྲི་རྣོན་པོ་ཞིག་བཟུང་ནས།ངའི་ཁོར་ཡུག་དང་མཐའ་འཁོར་ལ་འུར་སྒྲ་དང་ཡང་ཡང་བསྐྱལ་ཞིང་།ངའི་ལུས་ཕུང་ལ་རྨས་སྐྱོན་ཚབས་ཆེན་བཟོས་སོང་།ངོ་མ་བླང་དོར་གྱི་དབྱེ་འབྱེད་མི་ཤེས་པའི་མགོ་ནག་བླུན་པོ་འདི་ཚོས། ངའི་བག་ཕེབས་ཀྱི་ཁོར་ཡུག་ལ་འདི་ལྟར་འཐབ་ར་བཟུང་ན།ཁེར་རྐྱང་དང་དབུལ་ཕོངས་ཀྱི་ངས།གང་ཞིག་ལ་ཐར་ལམ་འཚོལ་ལམ།

རྩོམ་ཁུངས། རྩོམ་རིག་འདབ་བརྒྱའི་ཚལ་ཡངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་སྲོག་གི་འཁུན་སྒྲ།

2009-10-16 གཟུངས་ཕྱུག་སྐྱིད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།