ཞོགས་དུང་དོང་སྤྲུགས་ཐལ་བའི་རྡུལ་དུ་འཐག་པ།

       ཉེ་ཆར་བོད་ཀྱི་སྙན་ངག་པ་གྲགས་ཆེན་སྐུ་ཞབས་སྐྱབས་ཆེན་བདེ་གྲོལ་ལགས་ཀྱིས་དྲ་ཚིགས་ཐོག་ཏུ་མི་རྣམས་ཧ་ལས་ཤིང་ཧོན་འཐོར་དགོས་པའི་དགག་རྩོམ་ཐུང་ཐུང་ཞིག་སྤེལ་ཡོད། དགག་རྩོམ་དེ་ནི་ལྡོང་ཡོན་ཏན་རྒྱ་མཚོའི་བསམ་གཞིག་བརྩེགས་མ་ཞེས་པའི་སྡིགས་རྩོམ་སྐད་གྲགས་ཅན་དེའི་རྩོམ་སྟངས་ཉིད་རྨང་གཞིར་བཞག་པའི་སྟེང་དུ། དགོན་སྡེའི་དགེ་བཤེས་རྣམ་པས་གཙོས་པའི་སངས་རྒྱས་ཀྱི་བསྟན་སྲུང་ཚོས་ཞོགས་དུང་སོགས་ལ་ཧམ་པ་དང་ཐུབ་ཚོད་བཏང་བའི་བརྗོད་ཚིག་རྩུབ་མོ་ཁ་ཅིག་ཁ་གསབ་བརྒྱབ་སྟེ་ལས་སྣོན་གནང་བ་ཞིག་རེད་འདུག །དེ་ཡང་དཔེར་ན་དགེ་རྒན་ཆེན་མོ་དོར་ཞི་ཚང་གིས། དེང་སང་རང་རེའི་ན་གཞོན་སྐོར་ཞིག་གིས་རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་གདུག་པ་ཅན་དེ་ལ་ཚན་རིག་གི་ཕྱི་ཐུམ་ཞིག་བརྒྱབ་སྟེ་སྤྱི་ཚོགས་ཐོག་ཏུ་འཚོང་འགྲེམ་བྱེད་བཞིན་ཡོད་པས་ཀུན་གྱིས་དོགས་ཟོན་བྱ་དགོས་ཞེས་དང༌། རྒྱ་སེར་གྱི་ཡུལ་གྲུ་ཁག་གིས་སྔ་རབས་ཤིག་ནས་གད་སྙིགས་ཁྲོད་དུ་གཡུགས་ཟིན་པའི་རྙ་རྙིང་ཁག་ལ་ནོར་བུ་རྩ་ཆེན་དུ་བརྩིས་ནས་ནང་འདྲེན་བྱེད་མཁན་གྱི་རྐྱལ་སྟོང་ཚོ་ཞེས་དང༌། བླ་རུང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས། ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་བརྗོད་པའི་དེབ་ཆུང་ཞིག་ལས་གཅིག་ནས་བརྒྱ་ཡི་བར་དུ་བགྲང་བའི་གྲངས་འདྲེན་ཁ་ཅིག་དཔེ་བཤུས་བྱས་ཏེ་འདི་དག་རང་རེའི་བག་ཆགས་རྙིང་པ་ཡིན་ཞེས་བརྗོད་པར་འདུག་ཅེས་ཞོགས་དུང་སོགས་ལ་ཆོས་ཀྱི་རྣམ་གྲངས་མ་གཏོགས་སངས་རྒྱས་ཆོས་ལུགས་ཀྱི་ཤེས་བྱ་གང་ཡང་མེད་པའི་བསྟིང་ཚིག་གནང་བ་དང༌། དགེ་བཤེས་མུན་འཇོམས་སྒྲོན་མེས། རང་གིས་མ་འཇོན་རྒུད་པའི་ཉེས་དམིགས་ཀུན། །ཆོས་རྒྱལ་དབུ་ལ་དཀྲི་བ་བཞད་གད་གནས། ཞེས་དང༌། རྨེ་བ་བསྟན་འཛིན་རྒྱ་མཚོ་ཡིན་ནམ་གཅིག་གིས། གནའ་མཁར་ཟི་ལིང་གཡས་གཡོན་མ་གཏོགས་འགྲོ་མ་མྱོང་ཞིང༌། ཉི་ཟླ་རི་བོའི་ཡར་མར་ཙམ་ལས་མཐོང་མ་མྱོང་བའི་མི་ཁྱོད་ཚོས་འཛམ་གླིང་དང༌། འཇིག་རྟེན་གྱི་གནས་ལུགས་འཆད་ཁུལ་བྱེད་པ་སྙིང་རེ་རྗེ་ཞེས་དང༌། ཨ་རིར་བཞུགས་ཡོད་པའི་མཁས་པ་ཤེས་རབ་དར་རྒྱས་ལགས་ཀྱིས། ཁྱོད་ཚོས་རང་གི་ཕ་མ་དང༌། རང་གི་མེས་པོ་ཚོ་ལ་སྐྱོན་བརྗོད་དང་དམའ་འབེབས་བྱས་པ་ཧ་ཅང་ཚབས་ཆེ་ཞིང་ཐལ་དྲགས་པ་དེ་འདྲ་ནི་སེམས་མེད་ཁྲེལ་འདས་ཀྱི་བྱེད་སྟངས་འབའ་ཞིག་རེད་ཅེས་དང༌། རྗེས་དཀར་ཨོ་བརྩོན་པས། སྟོང་གསོབ་ཁ་ཡི་དབུ་བ་གཞན་གྱི་དོན། །དོན་དངོས་སེམས་ཀྱི་གཏད་སོ་རང་གི་དོན། །དོན་མེད་བསྟན་པར་གཤེ་བ་སྨྱོན་པའི་ཚུལ། །ཞེས་ཞོགས་དུང་སོགས་ལ་རྒྱལ་འཚོང་པ་དང་ཆབ་སྲིད་ཀྱི་ཉེས་མིང་བཀལ་བ་དང༌། ད་དུང་ཨ་ལགས་དོར་ཞིས། རྨ་ཆུ་བསམ་གཏན་ཟེར་བ་ཞིག་ལ་དམྱལ་བའི་ཟངས་མོ་ཆེས་འཇིགས་སྣང་བསྐུལ་བ་ཡན་ཆད་མདོག་ཡལ་ཀྱང་བྲོ་བ་མ་ཡལ་བར་བྲིས་འདུག་པ་འདི་ལྟར་རེད། གོང་དུ་ལུང་འདྲེན་བྱས་པ་དེ་ཚོ་ཚིག་ཇི་ལྟ་བ་བཞིན་མ་དྲན་ཀྱང་དོན་དེ་ག་རང་དུ་ཡོད་ཅིང༌། དེ་ཚོ་ཧམ་པ་དང་ཐུབ་ཚོད་ཡིན་པའི་ཚུལ་ནི་སྐབས་གཞན་ཞིག་ཏུ་ངོ་སྤྲོད་ཞུ་ཆོག །ཚིག་འཛིན་རྒྱུ་ཅན་དང་དོན་གོ་རྒྱུ་ཅན་གྱི་སྐད་ཆ་ནི། ཁྱོད་ཚོས་རིག་རྩལ་བསྐྱར་དར་དང༌། མི་གཞི་བཅིངས་འགྲོལ་སོགས་གཏམ་ཆེན་པོ་དག་ཁ་ལ་ལེན་ཞིང༌། ནུབ་གླིང་གི་རིག་གནས་འཆད་ཁུལ་བྱེད་མོད་གནད་འགག་གི་སྐབས་སུ་དེ་ལའང་གོ་བ་ལོན་གྱིན་མེད་ཅེས་དང༌། ཁྱོད་ཚོས་ངས་སངས་རྒྱས་ཆོས་ལུགས་མི་ཤེས་མོད་དེ་ལ་དགག་པ་གཏོང་རྒྱུ་ཡིན་ཟེར་གྱིན་འདུག་ཅེས་དང༌། ཁྱོད་ཚོས་ཆབ་སྲིད་ནས་རྩོམ་རིག་གི་བར་གང་སར་ལག་སྙོབ་བྱེད་ཅིང་མི་གཞན་པའི་རང་དབང་རྡོག་རོལ་ཏུ་གཏོང་བཞིན་འདུག་ཅེས་པ་འདི་གསུམ་ཁོ་ན་ཡིན་མོད། བརྟགས་ཤིང་དཔྱད་ན་འདི་དག་ཀྱང་ཆུ་ཆོད་པ་དང་མཐའ་འགྲོ་བའི་སྐད་ཆ་ཡེ་ནས་མིན་ཏེ། སྤྱི་ཚོགས་ཧྲིལ་པོ་ལྷ་དང་ལྷ་ཆོས་ཀྱི་བག་ཆགས་ཀྱིས་དབང་དུ་བསྒྱུར་ནས་མི་དང་མི་ཆོས་ཀྱི་ངོ་བོ་རྩད་ནས་བོར་བའི་ད་ལྟའི་ང་ཚོའི་གནས་སྟངས་ནི་དུས་རབས་བར་མའི་ཡོ་རོབ་གླིང་གི་གནས་སྟངས་དང་ཤིན་ཏུ་མཚུངས་པས་རིག་རྩལ་བསྐྱར་དར་དང༌། མི་གཞི་བཅིངས་འགྲོལ་སོགས་གླེང་བ་སྐབས་སུ་བབ་ཅིང་གནད་དུ་ཁེལ་ཡོད་སྟབས་དེར་ཟུར་ཟ་རྒྱུ་མེད།གནད་དོན་དེ་དང་འབྲེལ་བའི་ནུབ་གླིང་རིག་གནས་འཆད་སྐབས་གནད་འགག་གང་ཞིག་གི་ཐད་ནས་གོ་བ་ཇི་ལྟར་ལོག་འདུག་མཛུབ་མོ་འཛུག་དགོས་ཀྱི་རང་གར་ཁ་སློ་བཏང་བས་ཅི་ཞིག་ཕན། ངས་སངས་རྒྱས་ཆོས་ལུགས་མི་ཤེས་མོད་དེ་ལ་དགག་པ་གཏོང་རྒྱུ་ཡིན་ཟེར་བ་བཞད་གད་དང་ངོ་ཚ་ཡིན་པ་བདེན་དུ་ཆུགས། འོ་ན་ངས་སངས་རྒྱས་ཆོས་ལུགས་མི་ཤེས་མོད་དེ་ལ་དད་པ་འཇོག་རྒྱུ་ཟེར་བའང་བཞད་གད་དང་ངོ་ཚ་ཅི་ལ་མིན། མི་ཤེས་བཞིན་དུ་དད་པ་བྱེད་པ་གཟི་བརྗིད་དང༌། མི་ཤེས་བཞིན་དུ་དགག་པ་གཏོང་བ་ཉོན་མོངས་ཡིན་པའི་གཏན་འབེབས་སུ་ཞིག་གིས་བྱས། ཡང་ན་ཞོགས་དུང་སོགས་ཀྱིས་སངས་རྒྱས་ཆོས་ལུགས་མི་ཤེས་མོད། སྐྱབས་ཆེན་སོགས་ཀྱིས་སངས་རྒྱས་ཆོས་ལུགས་ཤེས་བཞིན་ཡོད་ཅེས་གསུང་རྒྱུ་ཡིན་ནམ། ཡིན་ན་ཞོགས་དུང་སོགས་ཀྱིས་མཇལ་མ་མྱོང་ཞིང་རྟོགས་མ་ཐུབ་པའི་སངས་རྒྱས་ཀྱི་དགོངས་པ་གང་ཞིག་ཁྱེད་སྐྱབས་ཆེན་སོགས་ཀྱིས་རྟོགས་ཡོད་གསུང་དགོས་སོ། །ཞོགས་དུང་སོགས་ཀྱི་ལག་པ་དེ་ཆབ་སྲིད། སྤྱི་ཚོགས། དཔལ་འབྱོར། སློབ་གསོ། རྩོམ་རིག་སོགས་གང་སར་སྙོབ་ཅིང་རྐྱོང་བ་ལ་ཁག་མེད་དེ། ང་ཚོའི་ཆབ་སྲིད་ནས་ང་ཚོའི་རྩོམ་རིག་གི་བར་གྱི་ང་ཚོའི་ཡོད་ཚད་གཡང་ཁར་འཕྱན་པའི་བྱིས་པ་བསམ་མེད་ཅིག་དང་འདྲ་བར་ཛ་དྲག་ཅིང་ཡ་ང་དགོས་པ་ཞིག་ཏུ་གྱུར་ཡོད་པ་འདི་མཐོང་བཞིན་དུ་སྣང་མེད་དུ་བསྐྱུར་ཏེ། གུ་དོག་པའི་ཆེད་ལས་ཤིག་ལ་མགོ་འཁོར་ནས་འདུག་མ་བཟོད་པར་རི་ལས་འགྲིལ་ན་ས་སྦར་རྡོ་སྦར་གྱི་དཔེ་བཞིན་གང་ས་གང་དུ་ཤི་འཇུ་རོ་འཐམ་བྱེད་དགོས་ཆགས་པ་མ་གཏོགས། ང་ཚོའི་རྫོགས་ལྡན་ཕུན་ཚོགས་ཀྱི་གནས་ཤིག་ལ་ཁོ་ཚོས་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་བཅངས་ཏེ་ཁ་ལག་སྡོད་མ་ཚུགས་པ་མིན་ལ། རང་ཉིད་ཀུན་བྱེད་དང༌། ཀུན་མཁྱེན། ཀུན་ཐུབ་ཅིག་ཏུ་རློམ་ནས་སྣང་སྲིད་ཡོངས་ལ་མངའ་དབང་བསྒྱུར་འདོད་ཀྱི་ཧམ་ཤ་ལངས་པ་དེ་བས་ཀྱང་མིན། ཞོགས་དུང་སོགས་ཀྱི་རང་དབང་གིས་གཞན་སུ་ཞིག་གི་ཁྲིམས་མཐུན་གྱི་ཁེ་དབང་ལ་ཕོག་ཐུག་བཏང་བྱུང་ཞེས་སྐུ་ཉིད་ལ་ཁ་ཐུག་གི་དྲི་བ་ཞིག་ཞུས་ན་དྲིས་ལན་ཚིག་ཕྱེད་ཙམ་ཡང་ཞལ་སྒོ་ནས་འཐོན་ཐུབ་རྒྱུ་མ་རེད་སྙམ། དེ་མིན་རྐྱལ་སྟོང༌། མགོ་རྒྱལ། ཇག་པ། དགྲ་བོ། ཧྥ་ཤི་སི། ཁྱི་ཕྲུག །བྱི་ཕྲུག་སོགས་ནི་རྩོམ་པ་པོས་བྲིས་ཚར་འདུག་པ་ལ་ཐབས་ཤེས་མེད་ཀྱང༌། ཀློག་པ་པོ་ཚོས་མ་བཀླགས་ན་ཡག་ཤོས་ཡིན་ཚོད་རེད། རྒྱ་ནང་དུ་སོང་ཞིག །ནུབ་ཕྱོགས་སུ་འཕུར་ཅིག །ཚན་རིག་སློབས་ཤིག །རྡུལ་མཚོན་བཟོས་ཤིག་སོགས་ཀྱང་ཁ་འཁྱམ་བླས་པ་ཙམ་མ་གཏོགས་རྒྱུ་མཚན་གཞན་པ་མི་འདུག་པས་དཔྱད་པ་བརྗོད་རིན་མེད། དུང་ཞེན་ཇི་ལྟར་ཤུགས་ཆེ་ན། གནས་ལུགས་ལ་ནི་དེ་ལྟར་གནོད། ཅེས་པའི་མཇུག་མཐའི་འདུལ་གཏམ་འདི་ནི་སྐེ་ཁྱེར་ནས་ཞགས་པ་ཉོ་བ་ཞེས་པ་དེ་ཡིན་ཏེ། གནས་ལུགས་ཀྱི་ངོས་ནས་འགྲེལ་བཤད་བློ་ཡིད་བདེ་བ་ཞིག་བྱ་རྒྱུ་མེད་བཞིན་དུ། ཕ་མེས་ཡང་མེས་ནས་དད་པ་དང་ཡིད་ཆེས་བྱས་པའི་ཆོས་ལུགས་ཡིན་པ་དང༌། མི་ལོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པའི་རང་རེའི་མི་རིགས་ཀྱི་རིག་གཞུང་ཡིན་པ་དང༌། རང་ཉིད་མི་ཡུལ་འདིར་སླེབ་པའི་ཉིན་མོ་ནས་བཟུང་སྟེ་འདྲེས་ཤིང་འགྲོགས་པའི་སྲོལ་ལུགས་ཡིན་པ་སོགས་སྐྱོ་མ་སྔ་བཙན་གཅིག་པུ་རྟགས་སུ་བཀོད་དེ། ཕན་གནོད་ཐོབ་ཤོར་ལ་མི་བལྟ་བར་ཨུ་ཚུགས་མཁྲེགས་འཛིན་བྱེད་པོ་དག་ལ། དུང་ཞེན་ཇི་ལྟར་ཤུགས་ཆེ་ན། ཞེས་བརྗོད་ཚེ་འོས་ཤིང་འཚམ་པ་མ་གཏོགས། ཡབ་ཆོས་ཡུམ་ཆོས་སོགས་ཇི་ལྟར་ཆེ་ལ་གཉན་པ་ཞིག་ཡིན་རུང་ཕན་མེད་གནོད་པའི་རྒྱུ་རུ་སོང་ཚེ་དོང་དུ་སྤྲུག་དགོས་ཀྱི། ཞེན་ཆགས་སེམས་ལུས་བྱ་མི་རུང་ཞེས་བསྒྲགས་གཏམ་སྤེལ་མཁན་དག་ལ་དུང་ཞེན་ཇི་ལྟར་ཤུགས་ཆེ་ན། ཞེས་པའི་འདུལ་གཏམ་འདི་བཙན་གྱིས་སྦྱར་ཡང་མི་འབྱོར་བ་རྡོ་ལ་ཤིང་གི་ལྷན་པ་ལྟར་ཡིན་པས་སོ། །དགག་ཡིག་རང་གི་མཇུག་བྱང་དུ་གསལ་བ་ལྟར། བསམ་གཞིག་གནད་དུ་སྨིན་པ་ཞིག་མ་བྱས་པར་དབུགས་ཐེངས་གཅིག་རང་ལ་བྲིས་ཤིང་གྲུབ་པར་བྱས་པས། མྱུར་མགྱོགས་ཅན་ལ་འོ་མ་མེད་ཅེས་པ་ལྟར་དགྲ་གྲོགས་གང་ཡིན་ངོས་མ་ཟིན་པའི་འདུལ་གཏམ་ཁྱད་མཚར་འདི་འདྲ་སྤེལ་འདུག་པ་མ་ཟད། བདེན་ལུགས་དང་རྒྱུ་མཚན་ཕྲན་ཙམ་ཡང་ཤོད་མ་ཐུབ་པ་ལ་བལྟས་ན་གྲ་བསྒྲིགས་མེད་པར་གྱ་ཚོམ་དུ་བྲིས་པ་ཞིག་དང༌། མི་གཞན་པའི་ཁ་ཟེགས་ཁོ་ན་བསྡུས་འདུག་པ་ལ་བལྟས་ན་གདེང་ཚོད་མེད་པར་ཕྱོགས་རྒྱུག་གིས་བྲིས་པ་ཞིག་ཀྱང་རེད་འདུག །ད་དུང་མགོ་བརྗོད་ལ་བལྟས་ན་ཀུན་སློང་ཡག་པོ་ཞིག་ཀྱང་བཅངས་མེད་པ་མཐོང་ཐུབ་སྟེ། ཞོགས་དུང་སོགས་ཀྱིས་མི་རབས་གསུམ་པར་སྐྱོན་བརྗོད་བྱས་པའི་འཁོན་འཛིན་གྱིས་ཞོགས་དུང་སོགས་ལ་སྐྱོན་འདོགས་བྱས་པའི་ཁྱི་ཁ་ཁྱིས་འཐབ་ཀྱི་ངན་ཇུས་ཙམ་ལས་ཞོགས་དུང་སོགས་ཀྱི་གཞི་རྩའི་ལངས་ཕྱོགས་དང་ལྟ་གྲུབ་ལ་སྐྱོན་ཆ་མཐོང་ནས་སྐྱོན་བརྗོད་བྱས་པ་མིན་པའི་ཚུལ་གསལ་པོར་བསྟན་འདུག་པས་སོ། །དེས་ན་ལྟ་རིན་དང་གླེང་ཉན་ཅི་ཡང་མེད་པའི་རྩོམ་ཉོག་འདི་འདྲ་བོད་པའི་རིག་གནས་པའི་གྲལ་མགོ་ན་ཡོད་པའི་སྐུ་ཞབས་སྐྱབས་ཆེན་བདེ་གྲོལ་ལགས་ཀྱི་ཐུགས་སེམས་ནང་གི་སྐད་ཆ་ཡིན་མི་སྲིད་ཅིང༌། དེ་ལྟ་ནའང་སྐུ་ཞབས་ཁོང་ལ་སྐད་ཆ་འདི་འདྲ་ཞིག་འཆད་དགོས་པའི་གལ་འགག་གང་ཞིག་ལ་ཐུག་ཡོད་པའི་ཚུལ་བཅས་ནི་དུས་ཚོད་བྱུང་ན་རྗེས་སུ་གླེང་བར་བྱའོ། །ཞེས་པའང་ཚ་བ་མདའ་སྨྱུག་ཏུ་འབོད་པ་ལྕེ་ལ་གསང་སྔགས་རིགས་སྔགས་གཟུངས་སྔགས་གསུམ་ཆར་གྱི་རྣོ་གྲུབ་པ་དེས་༢༠༠༧/༩/༢༡ཉིན་སྡོད་ཁང་དུ་བྲིས་ཤིང་དྲ་ཁང་ནས་སྤེལ། །
 
རྩོམ་ཁུངས། ཚ་བ་སྒང་བའི་པོད་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཞོགས་དུང་དོང་སྤྲུགས་ཐལ་བའི་རྡུལ་དུ་འཐག་པ།

2009-10-16 ཚ་བ་མདའ་སྨྱུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།