རེ་སྒུག

དགེ་འདུན་ལྷུན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-14

སྟོན་རླུང་གིས་སྡོང་ལོ་སེར་པོ་གང་འདོད་དུ་གཏོར་ཅིང་ཡང་ནས་ཡང་དུ་སྒོ་དང་དྲ་མའི་མཚམས་སུ་ཤུགས་གླུ་ལེན་པ་ནི།མི་ཧྲེང་ཞིག་ལ་རང་གི་གྲོགས་པོ་དྲན་དུ་འཇུག་པའི་བརྡ་འཕྲིན་གཏོང་བ་དང་མཚུངས།སྤྱིར་འཇིག་རྟེན་གྱི་ཆོས་ཉིད་དང་སྒོས་མི་ཧྲེང་ངའི་ཐོད་པའི་རི་མོ་བྱེ་ཐང་ལ་ཕབ་པའི་རྐང་རྗེས་དང་འདྲ་བར་གཅིག་ཏུ་གནས་ཐབས་བྲལ།

      དགུ་ཀླུང་སྔོན་མོའི་འཁྱུག་འགྲོས་ནི་སུ་ཞིག་གི་སྨྲེང་བ་གླུ་རུ་གྱེར་ནས་བྱང་ལ་སྐྱོད་པའི་གཡུ་འབྲུག་བཞིན།ང་དང་རྒྱང་ཐག་རིང་བའི་གྲོགས་པོ་ལགས་ཀྱི་ཕྱག་བརྡ་གཏོང་བའི་རྣམ་འགྱུར་དང་མཚུངས་པས།ངའི་ལུས་ཀྱི་བ་སྤུའི་ཟེ་བ།དཔྲལ་བའི་མིག ཁོག་གི་སྙིང་ངམ་ད་དུང་རི་ར་བ།གནས་མལ་ཁང་ཁྱིམ་དང་བཅས་པ་ཡོད་ཚད་ཅི་ཞིག་ལ་མཁོ།

      འདུ་འཛི་དང་ཟིང་ཆ་རྒོད་པའི་འཇིག་རྟེན།ཆོས་པ་ཚོས་གང་སྣང་ལ་སྙིང་བོ་མེད་པར་མཐོང་ནས་རི་ཁྲོད་ལ་ཆས་སོང་།འཇིག་རྟེན་པ་ཚོས་སྐྱིད་མི་རྟག་རྫ་མགོའི་ཟིལ་བ་འདྲ་ཟེར་བཞིན་སྐོར་བྲོ་ལྡིང་།ངས་འདས་ཟིན་པའི་གཏམ་རྒྱུད་ཀྱི་ཁྲོད་ནས་མེ་ཏོག་གི་ཞྭ་མོ་བསླེས་ཏེ་བསྒུགས།དོ་ནུབ་ཀྱི་ལྭ་སྒྲོན་ནི་ངའི་སྐྱོ་རོགས་ཡིན་ལ།དོ་ནུབ་ཀྱི་གཞས་ཆུང་ནི་ངའི་སྒུག་རོགས་ཡིན།

       གྲོགས་པོ་ལགས། འུ་གཉིས་བགྲོད་ལམ་མི་གཅིག་ཁ་ཁ།ཆ་ལུགས་མི་གཅིག་སོ་སོ་མིན།དཀྱིལ་འཁོར་གཅིག་གི་ལྷ་ཚོགས།བླ་མ་གཅིག་གི་སློབ་མ་ཡིན་པ་དྲན་ཐེངས་རེ་རེར།མིག་མཐའ་ཆུ་དང་ཡ་ཆུང་སྨྲེང་གིས་བཟུང་ནས་ངའི་ཕྱོགས་སུ་འོང་གིན་ཡོད་ངེས།ཁྱོད་འོང་སའི་ལམ་བར་དུ་ངས་རྡེའུ་དཀར་གྱི་ཚོམ་བུ་རེ་རེ་བཏབ་ཡོད་པ་མ་ནོར་ཤིག འུ་གཉིས་སྔོན་ཆད་སོང་མྱོང་བའི་རྩྭ་ཐང་དང་དགོན་སྡེ།ཆུ་བཞི་སྒང་དྲུག་གི་གནམ་སའི་འདྲེས་མཚམས་སུ་ཁྱོད་ཡོང་ཁར་མེ་ཏོག་གི་ཕྲེང་བ་རེ་རེ་དང་ཁ་གཡང་རེ་འབོད་ཀྱིན་ཤོག

        སྔོན་ཆད་ཡར་ལུང་ཕུག་ནས་མ་རྨོས་པའི་ལོ་ཏོག་འཁྲུངས་མྱོང་ཟེར།གཏམ་འདི་བདེན་ཀྱང་ཆོག་ལ་མ་བདེན་ཀྱང་ཆོག འུ་གཉིས་སོང་མྱོང་བའི་ཞིང་ཚིགས་ན་མ་རྨོས་པའི་ལོ་ཏོག་ཁྲི་འབུམ་རྟེན་འབྲེལ་དང་གནས་ལུགས་ཀྱིས་འཁྲུངས་ཡོད།གྲོགས་པོ་ལགས།ངས་བསྒུགས་བསྒུགས་པའི་མཐར་མར་ག་ཡོང་མེད་པའི་རེ་བ་ནི་མཚོ་ཁའི་སྤྲིན་པ་ཡིན་ལ།ཕྱི་མིག་ནི་འཚོ་བའི་འཇུ་ཐག་ཡིན་པ་ཤེས་ཡོད།ཁྱོད་རང་ལ་འཆར་གཞི་དང་འདུ་ཤེས་ཅི་ཡང་མེད་པར་མ་འདུག མི་ཚེ་ནི་ནམ་མཁའི་གློག་དང་འདྲ།རྐྱེན་ངན་ནི་སད་དང་སེར་བ་ཡིན།

རྩོམ་ཁུངས། རྩོམ་རིག་འདབས་བརྒྱའི་ཚལ་ཡངས །

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རེ་སྒུག

2009-10-14 དགེ་འདུན་ལྷུན་གྲུབ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།