བརྩེ་འདང་གི་མཚོ་མོ་བསྐྱིལ་སའི་ཕ་ས།

མགོ་ལོག་ཀུན་དགའ་ཚངས་དབྱངས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-14

                                                                                            1

རྩེ་མོ་གངས་དཀར་གྱི་ལ་ཐོད་ཤེལ་གྱི་མཆོད་སྡོང་ལྟར་དྭངས་ཤིང་གསལ་བ།བར་དུ་གཡུ་མདོག་གི་རྫ་བྲག་ཚང་ཚིང་འཁྲུངས་པའི་ནགས་ཚལ་ལྟར་རབ་ཏུ་འཛིངས་པ།མཐའ་ན་སྔོ་ལྗང་གི་ནེའུ་གསིང་གོས་ལྗང་ཐང་ལ་བཏང་བ་ལྟར་འཇམ་ཞིང་བསིལ་བ།ད་དུང་ལྷུང་ལྷུང་དལ་གྱིས་འབབ་པའི་རྦབ་ཆུ་དང་ལྟེང་ཀཆུ་ཕྲན་དང་ཆུ་ཀློང་།མཚོ་དང་མཚོའུ་སོགས་རང་བྱུང་གི་ཡུལ་ལྗོངས་ཉམས་སུ་དགའ་བ་མཐོང་བ་ཙམ་གྱིས་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པ།ཕྱི་ལྟར་ན་མདོ་སྨད་ཀྱི་ཡུལ་སྐྱོང་ཆེན་པོ་སྟེ།ས་བརྒྱད་པ་ཐོབ་པའི་སེམས་དཔའ་ཟོ་དོར་གྱི་ཚུལ་བཟུང་བ་གཉན་པོ་གཡུ་རྩེའི་གནས་མཆོགནང་ལྟར་ན་འཇམ་དཔལ་སྐུ།པདྨ་གསུང་།ཡང་དག་ཐུགས་སོགས་འཇིག་རྟེན་ལས་འདས་པའི་སྡེ་ལྔ་དང་མ་མོ་རྦོད་གཏོང་།དམོད་པ་དྲག་སྔགས།འཇིག་རྟེན་མཆོད་བསྟོད་སོགས་འཇིག་རྟེན་པའི་སྡེ་གསུམ་སྟེ་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཆེན་པོ།གནས་འདི་ན་རང་བྱུང་གི་ཁམས་ཆེན་པོའི་ངོ་མཚར་མཚོ་ལྟར་གཏིང་ཟབ་ལ་རི་བོ་བཞིན་བརྟན་བརྗིད་ཆེ་བ་ཞིག་རེད་ཨང་།དེའི་རྐྱེན་གྱིས་གནས་འདི་ནི་ངའི་དུང་སེམས་ཀྱི་མཚོ་མོ་བསྐྱིལ་སའི་ཞིང་ཁམས་ཡིན་ལ་མནར་གཅོད་ཀྱི་མཚོན་འཁོར་སྙིང་ལ་བསྐོར་བའི་ལན་ཆགས་ཀྱི་དམྱལ་ཁམས་ཀྱང་ཡིན།ངོ་མ་ཡིན།ངས་ཕ་ཡུལ་ལ་བཅངས་པའི་བརྩེ་དུངས་དང་།ཕ་ཡུལ་གྱི་ཆེད་དུ་མྱང་བའི་མནར་གཅོད།ཐམས་ཅད་ཉིན་རེ་ལས་ཉིན་རེར་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ།གཏིང་ཇེ་ཟབ་ཀྱི་དབང་གིས་སྐབས་རེར་ངས་ཁེར་རྐྱང་གི་འཚོ་བའི་ཁྲོད་བསམ་གཞིགས་ཀྱི་ཚ་ཐབ་གོར་མོར་སྟོང་འདང་གི་མེ་ལྕེ་སྦར་ཐེངས་རེ་རེར།ཅི་ཡང་མེད་པའི་ཐབ་ཚང་དེར་རོ་བརྒྱ་ལྡན་པའི་ཞལ་ཟས་ཤིག་གི་དྲི་ཞིམ་འཐུལ་ཞིང་དྲི་ཞིམ་དེས་འུ་ཅག་ཚང་མ་སྤྲོ་བའི་འཛུམ་མདངས་གྲོལ་དུ་བཅུག་ལ།ལན་རེར་རེ་ཆད་ཀྱི་ཤུགས་རིང་ཁྲོད་ཤ་ཞེན་གྱི་གྲོག་རོང་ཆེན་པོར་འཇིགས་རུང་གི་ཤྭ་འོད་བརྡོལ་ཏེ།ཞི་བདེ་དང་བག་ཡངས་སོགས་སྐད་ཅིག་སྐད་ཅིག་ལ་དུམ་བུར་བཟོས་པ་ལྟ་བུའི་སྣང་བ་ཞིག་གིས་འཇིག་སྣང་ཚད་མེད།སྐྱོ་སྣང་ཚད་མེད།མྱ་ངན་ཚད་མེད་སོགས་ཀྱིས་མིག་ནས་མཆི་མ་བརྡོལ་བ་དང་ལག་པས་དཔྲལ་བ་བསྐྱོར་བ་སོགས་ཀྱི་ངང་ཚུལ་ཡང་བསྐྱར་མྱོང་།དྲང་བརྗོད་བྱས་ན་འདི་ཚོ་ཚང་མ་ཕ་ཡུལ་བཅངས་པའི་ཞེན་པ་སླད་མེད་ཡིན།

                                                                                              2

ང་རང་ད་ལྟ་བུད་སོང་།འདི་ལྟར་བུད་སོང་བ་ཡང་ཁྱོད་ཀྱི་ཆེད་དམ་མིན་ན་རང་དོན་རྐྱང་བ་ཞིག་གི་ཕྱིར།གང་ལྟར་ཁ་བ་མང་བའི་དུས་ཚིགས་དེ་སླེབས་པས་གནས་ཡུལ་འདིར་གྲང་ངར་ཧ་ཅང་ཆེ།དེའི་ཕྱིར་ང་རང་སྡོད་མི་འདོད་ལ་གདོད་མའི་བཙན་ས་ཞིག་ཟིན་ན་ཁྱོད་ཀྱང་ང་རང་བཞིན་བག་ཡངས་ཀྱིས་འཚོ་ཆོག་ཆོག་ཡིན་པས་རང་གི་བདེ་སྐྱིད་རང་གིས་འཚོལ་རྒྱུ་ལས་གདོད་མའི་ཉལ་ས་དྲོན་པོར་འཁྲུལ་སྣང་གི་རྨི་ལམ་གླེང་བཞིན་གཉིད་དུ་ཡུར་ན།སྐྱབས་བསླུ་མེད་ཅིག་གི་དངོས་གྲུབ་དང་ལྷ་སྟོབས་ཆེན་ཞིག་གི་བྱིན་རླབས་ཡོད་སྙམ་པ་ནི།དཔེར་ན་སོས་ཀར་རྨོ་འདེབས་མ་བྱས་པར་སྟོན་གྱི་དུས་སུ་ལོ་ཏོག་ལེན་དགོས་སྙམ་པའི་སྟོང་འདང་ལས་མ་འདས།ང་ཚོ་ཆོས་པ་རྣལ་མ་ཞིག་གི་ངོས་ནས་བཤད་ན་རྒྱུ་འབྲས་བསླུ་མེད་ལ་ངེས་ཤིང་གཏིང་ཚུགས་པ་ཞིག་དགོས་སམ་མི་དགོས།དགོས་ན་རྒྱུ་མེད་པའི་འབྲས་བུ་ཞིག་འབྱུང་སྙམ་པའང་ནོར་འཁྲུལ་ཞིག་རེད་ལ།ཆོས་ལྡན་བོད་ཀྱི་རྒྱལ་ཁམས་ཞེས་ཞི་བདེ་ཡི་བསྟི་གནས་ཆེན་པོ་འདིར་དེང་དུས་ང་དང་ང་ལྟ་བུའི་ཕལ་མོ་ཆེ་མང་བ་ཞིག་གིས་ཆོས་པའི་མིང་བྱང་སྟོང་བ་ཞིག་ཐོད་པར་བཅིང་བ་ལས་དོན་དམ་པར་བརྗོད་ན་ཆོས་པའི་བྱ་བཞག་རྣམ་དག་ཅིག་སྒྲུབ་པ་ཧ་ཅང་ཁག་པོ་རེད།རང་སེམས་གོར་མོས་ཞིབ་དཔྱོད་རེ་བྱས་ན་རང་ལུས་ཤི་བོ་འདི་མི་རྟོགས་རྒྱུ་ཅི་ཡང་མེད།དྲང་བོར་བརྗོད་ན་ཕམ་ཁ་ཟ་བའི་མཆེ་སྡེར་ཞིག་མ་རེད་དམ།ང་ཚོར་གཞན་ལ་ངན་བརྗོད་ཀྱི་ལྗགས་ལྕེ་ལྡན་པ་ལས་མཆེ་སྡེར་ཞིག་མ་རེད་དམ། ང་ཚོར་གཞན་ལ་ངན་བརྗོད་ཀྱི་ལྗགས་ལྕེ་ལྡན་པ་ལས་རང་མཚང་རང་གིས་འབྲུ་བའི་སྤོབས་པ་མེད། ང་ཚོར་ནུས་ལྡན་དང་མཐོན་པོར་ཕྲག་དོག་གིས་གཉའ་གནོན་བྱེད་པ་ལས་སྔོན་ཐོན་གྱི་བཞུགས་གྲལ་བསྙེགས་པའི་འགྲན་རྩོད་ཀྱི་གོམ་འགྲོས་མེད།ང་ཚོར་མནོག་ཆུང་གི་ལས་བྱར་མགོ་བོ་གདུགས་ལྟར་འཁོར་བ་ལས་ཚན་རིག་གི་གླིང་གར་དཔུང་འཇུག་བྱེད་པའི་གསར་བཏོད་ཀྱི་རང་བཞིན་མེད། ང་ཚོར་གདོད་མའི་སྤྱི་ཚོགས་ཀྱི་འགྲོའི་སྟངས་ལ་གོམ་འགྲོས་གཤིབ་པ་ལས་སྤྱི་ཚོགས་གསར་བའི་ལེགས་ཆ་རྣམས་ནང་འདྲེན་གྱི་བློ་གྲོས་ཆུང་བས་རྗེས་ལུས་ཞེས་པའི་ཐ་སྙད་ཐབས་རྡུགས་དེ་ཡང་ང་ཚོར་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཡོང་བ་རེད་ལགས།

                                                                                             3

ཕ་ཡུལ་ལགས་བརྩེ་འདང་གི་མཚོ་མོ་འཁྱིལ་སའི་ཕ་ཡུལ།རྒྱང་གཟིགས་ཤིག་བྱོས་དང་།གཞན་སྡེ་ཚོས་འཕྲུལ་གྱི་བྱ་བ་བསྡད་དེ་ཟླ་བའི་གོ་ལར་འཕུར་རྩལ་ངོམ་ཞིང་རི་དང་བྲག་ལ་བུ་ག་བརྟོལ་ཏེ་ལོ་ལམ་ཉིན་གྱིས་གཅོད་པའི་ངོ་མཚར་བསྐྲུན་འདུག་ལ་རི་ཆུ་འབུམ་ཕྲག་གི་ཕ་རོལ་གྱི་གསང་བ་ཡོད་ཚད་སྐད་ཅིག་ལ་རྗེན་འཆར་དུ་སྟོན་པའི་རྫས་འཕྲུལ་སྣ་ཚོགས།ད་དུང་རང་གིས་གང་ཞིག་བསྒྲུབས་བསམ་ན་སོར་མོས་སྟངས་སྟབས་བསྒྱུར་བ་ཙམ་གྱིས་ཀྱང་དེ་ཉིད་ཅི་དགར་འགྲུབ་པས།སྨྲ་བསམ་བརྗོད་ལས་འདས་པའི་ཚན་རིག་རྫས་སྦྱོར་གྱི་ནུས་པ་དུ་མ་རང་གི་བྲན་དུ་བཀོལ་ཏེ་སྔོན་མ་བྱུང་བའི་བདེ་སྐྱིད་གསར་བ་ཞིག་ལོངས་སུ་སྤྱོད་པའི་སྐབས་འདིར།ལྟོ་འགྲེངས་པ་དང་རྒྱབ་དྲོ་བ་ཙམ་གྱིས་ཡིད་ཚིམས་ཀྱི་འཛུམ་མདངས་སྟོན་ཞིང་།ཉི་མའི་གློག་སྒྲོན་དང་སྒྲ་ཕབ་འཁོར་ལོ་དར་བ་ཙམ་གྱིས་ཡར་རྒྱས་ཀྱི་གཏམ་སྙན་གླེང་བ་སོགས་ནི།མེད་པ་ཡོད་དུ་འཛིན་པའི་ལོག་རྟོག་ཁོ་ན་ཞིག་དང་མོ་གཤམ་གྱིས་བུ་བརྗོད་པའི་སྟོང་ལབ་ཉག་ཅིག་ལས་མ་འདས

ཁྱོད་རང་ཁྱོད་ཀྱི་ཆེད་དུ་བྲེལ་ཞིང་རྒྱུག་ལ་ང་ཡང་བདག་གི་སླད་དུ་འདུར་ཞིང་རྒྱུག་པས་འཚོ་གནས་དོན་གཉེར་གྱི་འདུན་པ་ཆེ་ས་འདི་ན་བདེ་བ་དང་བག་ཡངས་ཀྱིས་སྡོད་མཁན་སུ་ཞིག་སྲིད།བདེ་བའི་ཕྱིར་སྡུག་བསྔལ་དོན་གཉེར་མཁན་དང་སྡུག་བསྔལ་གྱིས་གདུང་བ་དང་བླང་བྱེད་མཁན་གྱི་ལམ་ལོག་པའང་ནམ་མཁའི་སྐར་ཚོགས་ལྟར་གྲངས་མང་ལ་ས་ཡི་རྩི་ཐོག་བཞིན་ཅི་འདྲའི་སྐྱེ་སྟོབས་འཕེལ་བ་ཞིག་རེད་ཨང་།བདེ་བའི་ཕྱིར་སྡུག་བསྔལ་དང་བླང་མཁན་གྱི་བླུན་པོ་ཚོའང་དོན་ངོ་མ་འདི་བདེ་སྐྱིད་ཀྱི་ལས་དོན་མེད་པ་རེད་དམ།འཚོ་གནས་པ་ལ་འཚོ་བ་འདི་དོན་གཉེར་གྱི་ལམ་བུ་ཞིག་དང་ཕྱི་མ་དོན་གཉེར་མཁན་ལ་མཐར་ཐུག་གི་དམིགས་ཡུལ་སྙེག་ས་ཞིག་ཡོད་པ་ལས་ཉ་ཉུང་མཉམ་བསྲེས་ཀྱི་བྱ་ཚུལ་སྔོན་བཞིན་བསྐྱང་ན་ཐོབ་དགོས་པ་གང་ཞིག་ཤོར་འགྲོ་བ་དང་རྙེད་མི་འདོད་པ་གང་ཞིག་ངང་གིས་འབྱུང་བས།དཔྱོད་ལྡན་ཚོས་འཆད་པ་ནང་བཞིན་འད་ཕྱི་གཉིས་ཀྱི་ལམ་བུ་མི་ནོར་བ་སུ་ལའང་གལ་འགངས་མི་ཆེ།

                                                                                                     4

ཕ་ཁྱིམ་གྲུ་བཞི་ལས་རྣ་བ་ཕྱི་ལ་བླག་ཅིང་སྤྱན་གྱི་རྒྱལ་མོས་རྒྱང་གཟིགས་རེ་བྱོས་དང་དམ་པ་ཆོས་ཀྱི་ཉམས་ལེན་འདི་འདྲ་ཞིག་མིན་ལ་འཚོ་བའི་བདེ་སྐྱིད་དོན་དུ་གཉེར་བའང་དེ་འདྲ་ཞིག་མིན་པས་རང་ལ་དཔྱད སྟོབས་ཀྱི་བློ་མེད་ཀྱང་དཔྱོད་ལྡན་ཚོས་བཏོད་པའི་ལམ་བུར་ཞུགས་ཆོག་ཆོག་རེད། ང་ཚོས་ངག་ཏུ་དམ་ཆོས་བཟླས་པ་ལས་སྙིང་ནས་ལྷ་ཆོས་བྱེད་ཀྱིན་ཨེ་ཡོད།ང་ཚོར་སྟོབས་ཆ་ཆེ་བ་གང་ཞིག་ལ་བྲེལ་འཚུབ་ཀྱིས་ཁ་གསབ་བྱ་རྒྱུ་ལས་ཐམས་ཅད་རྙིང་བ་ཡོད་ཚད་ཤི་འཐམས་རོ་འཐམས་བྱས་ནས་སྡོད་རྒྱུ་ཡིན་ན་སྔོན་ཐོན་ཏེ་འོད་སྟོང་རབ་ཏུ་འབར་བའི་དུས་རབས་ཉེར་གཅིག་གི་མདུན་གྲལ་ཆོད་རྒྱུའང་ངོ་མ་ཁག་པོ་ཡིན་རྒྱུ་རེད། ད་ལྟའི་མི་རིགས་འདིའི་ངོ་ནས་བཤད་ན་ང་ཚོ་ལ་སྟོང་ཆ་ཆེ་བ་དེ་རིགས་གཏན་མིན་པས་ཁྱོད་ཚོ་མི་རིགས་བསམ་པའི་ཤ་ཞེན་ཅན་ཞིག་དང་དེང་རབས་ཀྱི་སྤྱི་ཚོགས་ལ་བློ་དཀྱེལ་རྒྱ་ཆེ་བའི་བློ་ལྡན་ཞིག་ཡིན་ན་དུས་རབས་ཀྱི་འགྲོས་དང་མཐུན་པའི་མེད་མི་རུང་གི་རིག་པ་སྟེ།ཆབ་སྲིད་པ།ཚོང་ལས་རིག་པ།ཁྲིམས་ལུགས་རིག་པ།སྒྱུ་རྩལ་རིག་པ།སློབ་གསོ་རིག་པ།བཟོ་ལས་རིག་པ།ཟློས་གར་རིག་པ།གློག་ཀླད་རིག་པ་སོགས་ཀྱི་ཆ་ཕྲན་བུ་རེ་ཡང་བོད་ཡིག་ཏུ་བསྒྱུར་ཐུབ་ན་ངོ་མ་ཤེས་ལྡན་པ་རྣམས་ནས་ཀྱང་མི་རིགས་འདིའི་བདེ་སྡུག་ལ་ཐུགས་ཁུར་ཟབ་བཞེས་གནང་སྟེ་བྱ་བཞག་སྣ་ཚོགས་ཤིག་ལ་དཔུང་འཇུག་བྱས་ཤིང་གྲུབ་འབྲས་ཀྱང་མི་དམན་པ་ཞིག་བླང་དང་ལེན་བཞིན་ཡོད་པ་ལ “ སྐལ་མེད་སར་སྐེ་བསྲིང་མ་ཡོང་ ”ཞེས་པའི་བསླབ་བྱ་དོན་ལྡན་ཞིག་གསུངས་འདུག་མོད།བུས་འཁོར་བ་མ་ཟིན་ན་ཕ་མི་རྒྱུག་ཐབས་མེད་ཡིན་པའི་སྣང་ཚུལ་ཅིག་བྱུང་འདུག

                                                                                                       5

མཇུག་མཐར་རང་གི་བསམ་ཚུལ་ལྟར་རེ་འདུན་རེ་གཉིས་ལས་དབང་གཅིག་པའི་ཆོས་གྲོགས་ཚོར་ཞུ་ན་ཆེ་དབུ་དཀར་དང་ཆུང་བྱིས་པ་ཡན་ཆོད་ཀྱིས“བརྒྱ་ཐེག་གིས་བརྒྱ་དང་བཅུ་ཐེག་གིས་བཅུ”ཞེས་པའི་དཔེ་བཞིན།ཁ་བ་མང་ཞིང་གྲང་ངར་ཆེ་བའི་ཡུལ་གྲུ་འདིར་རང་ཉིད་ཀྱི་ལྟེ་ཁྲག་འཐོར་བ་ནས་ཡུལ་གྲུ་འདིའི་བདེ་སྡུག་ལ་བསམ་བློ་གཏོང་དགོས་པ་དང་བསམ་བློ་གཏོང་བས་མི་ཚད་དེ་དག་གི་ཆེད་ཁ་སེམས་གཉིས་མེད་ཀྱིས་འབད་པ་རྣལ་མ་ཞིག་བྱ་དགོས།འདི་ནི་ཁྲེལ་གཞུང་ཡོད་ལ་བདག་ལས་གཞན་གཅེས་ཀྱི་ལྷག་བསམ་ལྡན་པའི་མི་བཟང་བོ་ཞིག་གི་འགྲོ་སྟངས་ཡིན་ལ་ང་ཚོ་ཚང་མ་མི་བཟང་བོ་ཞིག་གི་འགྲོ་སྟངས་ལ་ཐུགས་དགྱེས་པ་མིན་ནམ།ངས་མ་མཐར་བྱ་བཞག་ཆུང་ཆུང་ཞིག་གི་སྟེང་ནས་བརྗོད་ན་གྲོང་ཁྱེར་དང་གྲོང་བརྡལ་ན་བཞུགས་པའི་ལས་བྱེད་པ་གཞིར་ཞོག་ཐ་ན་དེ་དང་ཉེ་བའི་ཞིང་འབྲོག་ཚུན་ཆོད་ནས་ཀྱང་བོད་སྐད་རྣལ་མ་ཞིག་ཤོད་ཐུབ་ཀྱི་མེད་ལ་རང་གིས་བཤད་པའི་སྐད་ཆ་དེ་ཉིད་མི་རིགས་གང་གི་སྐད་ཡིག་ཡིན་པའང་ཤེས་ཀྱི་མེད་པའི་ཚོད་དུ་འདུག སྐད་དང་ཡི་གེ་ནི་མི་རིགས་རང་གི་རིག་གནས་ཀྱི་རྨང་གཞི་ཡིན་པས་རྨང་གཞི་དེ་ཉིད་ལེགས་པོ་ཞིག་མེད་ཕྱིན་སྲོལ་རྒྱུན་རིག་གནས་བརྒྱུད་འཛིན་བྱེད་རྒྱུ་ཟེར་བའང་རྫུན་དུ་གྱུར་པ་མ་རེད་དམ།ང་ཚོས་སྔོན་ཆད་བགྲོད་ཟིན་པའི་ལམ་ཕྲན་ལ་ཕྱི་མིག་ཅིག་འཕངས་ཏེ་གང་ཞིག་ལེགས་པའི་ཆ་དང་གང་ཞིག་ཞན་པའི་ཆ།ཞན་ཆ་དང་ལེགས་ཆ་གཉིས་ཀྱིས་ཕན་གནོད་གང་ཞིག་བསྐྲུན་ཚུལ་ལ་དབྱེ་འབྱེད་གསལ་བོ་བྱས་ཤིང་འབྱུང་འགྱུར་གྱི་འགྲོ་ཕྱོགས་ལ་དཔྱད་ཞིབ་རྣམ་དག་དང་བརྩོན་པ་ཆེར་བསྐྱེད་ཀྱིས།མི་རིང་བར་གླུ་བའི་གྲལ་ནས་གླུ་ལེན་ཐུབ་པ་དང་བྲོ་བའི་གྲལ་ནས་བྲོ་རྡུང་ཤེས་པ་ཞིག་ཏུ་འགྱུར་བ་གལ་འགངས་ཆེ་བ་ལས།ད་སྔོན་གྱི་འགྲོ་སྟངས་ལྟར་མ་མཐའ་གཞན་གྱིས་བསྐྲུན་པའི་དངོས་རྫས་ཕྲན་ཙམ་ཡང་བཀོལ་ཤེས་ཀྱིན་མེད་ན་སྔོན་ཐོན་ཟེར་བའི་སྟོང་ལབ་དེ་ཡང་རང་གིས་རང་ཉིད་མགོ་སྐོར་གཏོང་བའི་བཟི་གཏམ་ཞིག་མ་རེད་དམ།གང་ལྟར་མུན་པ་ཆེ་ན་སྒྲོན་མེ་འཚོལ་རྒྱུ་དང་ཚ་བས་གདུང་ན་བསིལ་གྲིབ་བསྟེན་རྒྱུ་ནི་ཁ་ཚ་དགོས་གཏུག་གི་བྱ་བ་རླབས་ཆེན་ཞིག་ཡིན་པས་ང་ཚོས་ཀྱང་གཞན་ཚོ་ལྟར་“ཨ་བྲ་མདའ་ཆག་གིས་མདའ་དང་།སྲེ་མོ་མདུང་ཆག་གིས་མདུང་།”བཞིན་རང་རང་ས་ནས་ཧུར་བརྩོན་ཆེར་བསྐྱེད་དང་འབད་པ་བརྒྱ་ཕྲག་གིས་དུས་རབས་གསར་བའི་བདེ་སྐྱིད་གསར་བ་བསུས་ཏེ་མི་རབས་གཞུག་མ་འཛམ་བུ་གླིང་གི་སྔོན་ཐོན་མི་རིགས་ཀྱི་གྲལ་དུ་བཙུད་པ་ནི་འུ་ཅག་ལ་དུས་རབས་ཀྱིས་སྤྲད་པའི་བླ་ན་མེད་པའི་འོས་འགན་ཉག་ཅིག་ཡིན་པས་བུ་རྒོད་ཚོ།བུ་རྒོད་ན་ཕམ་ཁ་རྒྱལ་ཁར་བཏང་བའི་གཏམ་རྒྱུད་བསྐྱང་དགོས་ཡ།

རྩོམ་ཁུངས། རྩོམ་རིག་འདབས་བརྒྱའི་ཚལ་ཡངས །

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་འདང་གི་མཚོ་མོ་བསྐྱིལ་སའི་ཕ་ས།

2009-10-14 མགོ་ལོག་ཀུན་དགའ་ཚངས་དབྱངས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།