ཨ་མ།

ཉིན་མཚན་དུས་དྲུག་ཀུན་ཏུ་སེམས་ཁོང་ན་བརྟན་པར་གནས་པའི་ཨ་མ་ལགས།ཁྱེད་ཀྱིས།མི་ཚེའི་སྐྱིད་སྡུག་གི་གཏམ་རྒྱུད་ཡོད་ཚད་ཐོད་ལ་བཅིངས་ནས་ཀྱག་ཀྱོག་གི་རྐང་ལམ་འགྲིམས།གྲི་དངོ་དང་མདུང་རྩེ་རུ་ཁྱོད་ཀྱི་ལས་དབང་འཁྲི་ཞིང་།དགོད་སྒྲ་དང་ངུད་མོའི་གསེང་ནའང་ཁྱེད་ཀྱི་འཚོ་བ་ཡོད།ཨ་མ་ལགས།

ཁྱོད་ཀྱིས།ཇི་སྲིད་བར་སྒྲུབ་མོས་པའི་ཐུགས་བརྩེ་ནི་ལུས་ཟུངས་གསོ་བའི་ཁྲག་དྲོན་ལྟར།དུས་དེ་ནས་བཟང་ངའི་ཚེ་སྲོག་གི་ཁ་ཕྱོགས་དམ་པོར་བསྲུངས།

ཨ་མ་ལགས།ཁྱོད་ནི།ངའི་ཤ་ཁྲག་གི་ཕུང་བོ་སྩོལ་པའི་མ་ཡུལ་ཡིན་ལ།ངའི་སྣོད་བཅུད་ལ་མཛེས་སྡུག་སྩོལ་བའི་ལྷ་མོ་ཡང་ཡིན།ཁྱོད་ཀྱི་འཛུམ་བག་དང་དགོད་སྒྲ་སྙན་མོ་ལོ་ཟླའི་འགྲོས་དང་བསྟུན་ནས་ངལ་དུབ་ཀྱིས་རྒས་ཤིང་།འཇམ་གཉེན་གྱི་སྐྲ་ལོ་རེ་རེ་ཁ་བ་ལྟར་དཀར་ཞིང་ངོ་གདོང་གི་གཉེར་རིས་རེ་རེ་ཡང་རི་སུལ་བཞིན་མང་ལ་གྲོག་རོང་བཞིན་ཟབ།དུས་དེར།ཨ་མ་ལགས།ངས་ཁྱེད་ལ་ཡང་ཡང་ལྟ་འདོད་ཅིང་།“ཨ་མ།” ཞེས་ཡང་ཡང་འབོད་འདོད།

དྲོད་འཇམ་གྱི་རང་ཁྱིམ་རུམ་ནས་དུས་རབས་ཤིག་གི་དཀྱོགས་མཚམས་ལ་ཐོན་དུས།ཨ་མ་ལགས།རྒ་སྡུག་གནར་གཅོད་བཙན་པོས་ཁྱེད་ཀྱི་ཡན་ལག་དམ་པོར་བཅིངས་པས།ངའི་འཚོ་བའང་དེ་དང་ལྷན་དུ་ཉམ་ཐག་གི་འཇིག་རྟེན་ཞིག་ཏུ་ལུས།

གཙང་པོ་དང་ཆུ་མིག་ཡོད་ཚད་མིག་ཆུར་འབབ་པའི་ལོ་ཟླའི་ནང་།ཁྱེད་ཀྱི་མི་ཚེའི་གཏམ་རྒྱུད་རིང་མོར་བཞི་ཤད་བྲིས་སོང་།

ཨ་མ་ལགས།དེ་ནི་ངའི་ཆེས་ཆེ་བའི་ཚེ་གཅིག་ལུས་གཅིག་གི་ཕམ་ཁ་དང་གྱོང་གུད་ཡིན།

ཨ་མ་ལགས།ཁྱེད་མེད་པའི་ལོ་ཟླའི་ཚོར་སྣང་དགུན་གཞུང་ལྟར་རིང་ཞིང་།རོལ་བཞིན་པའི་འཚོ་བའི་རྒྱབ་ལྗོངས་ཆབ་རོམ་ལས་འཁྱགས།ཨ་མ་ཡ།ཨ་མ།ངའི་རྟག་བརྟན་གྱི་ཚེ་སྲོག་དང་བདེ་སྐྱིད་ཀྱི་འཚོ་བ།ཡོད་ཚད་ཀྱི་ཆེད་དུ་ངས་ཁྱེད་ལ་མར་ཁུའི་མཆོད་མེ་ཞིག་འཇོག

རྩོམ་ཁུངས། རྩོམ་རིག་འདབས་བརྒྱའི་ཚལ་ཡངས །

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མ།

2009-10-14 འབུམ་བྱམས་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།