རང་ཉིད་ལ་བལྟ་བ།

ཡར་རྒྱས་ནི་མིའི་རིགས་པ་ཞིག་སྟེ་མཛེས་པ་ཡལ་བའི་ཡར་རྒྱས་ནི་ཡར་རྒྱས་མིན་པར་ཕམ་ཁ་ཡིན་ནོ།།མིའི་ཡར་རྒྱས་ནི་མི་ཆོས་རིང་ལུགས་ཀྱི་ཡར་རྒྱས་ཏེ་འགྲོ་བ་མིའི་རིགས་ཀྱི་བརྩེ་སེམས་མིན་ནོ།།མིས་རང་ཉིད་ལ་ཕྱིའི་དཔལ་ཡོན་གྱིས་བྱི་དོར་བྱེད་བཞིན་ནང་བསམ་པའི་དཔལ་ཡོན་གྱི་ཐད་ནས་བྱི་དོར་བྱ་རྒྱུ་བརྗེད་དེ་དེའི་ཚབ་ཏུ་གསེར་དངུལ་གྱི་རྒྱན་ཆ་དང་ལོངས་སྤྱོད་ཀྱི་དགོད་སྒྲ་ཁོ་ནས་བསྐྱངས།དེ་བས་མི་མང་བོ་ཞིག་ནི་ཕྱིའི་ལུས་པོ་ཡིད་དུ་འོང་ནའང་ནང་བསམ་པ་ནི་ཆེས་སྐྱུག་བྲོ་བ་ཞིག་ཡིན་ནོ།།

བོང་བུས་གཟིག་ལྤགས་གྱོན་ནའང་དེའི་ཕུགས་ན་མི་ཡོད་ཅིང་གཟིག་ལྤགས་གྱོན་པའི་བོང་བུ་གཞན་གྱིས་བསད་ནའང་མི་དེ་རིགས་ཀྱིས་བདེན་དྲང་གི་བོང་བུ་མང་བོར་ད་དུང་གཟིག་ལྤགས་གཡོགས་བཞིན་འདུགསེང་གེ་འཇིགས་རྒྱུ་མེད་པའི་བླུན་པོ་ཞིག་ཡིན་ལ་སེང་གེའི་ཡ་ཐོད་གྱོན་པའི་མི་ནི་ངོ་ཚ་མེད་པའི་མཁས་པ་ཞིག་སྟེ།ཁྱིས་ཞེ་སྣང་གི་ཆོ་ངེ་འདོན་ཞིང་རྔ་མ་མེད་ནའང་བདག་པོ་བཙོང་བའི་འདྲེ་མིན་ལ་མིས་སྤྲེལ་ལད་བྱེད་ཅིང་འཛུམ་དཀར་སྟོན་ཤེས་ནའང་ངོ་ཚ་ཡོད་པའི་ཁྱི་མིན་ནོ།།

ཁོར་ཡུག་སྐྱེ་དངོས་ལ་གཏོར་བརླག་ཐེབས་པ་ནི་དུས་རབས་འདིའི་མིའི་བསམ་བློར་ཐན་ཆེན་པོ་ཞིག་ཐེབས་པས་ཡིན་ལ།ཉམ་ཆུང་གི་རི་དྭགས་མང་བོར་འཇིགས་དངངས་འབྱུང་བའང་མིའི་རིགས་ཀྱི་བསམ་བློ་ཆེས་འཇིགས་སུ་རུང་བ་ཞིག་ཏུ་གྱུར་པས་ཡིན་ནོ།།དེ་བས་ང་ཚོས་ཁོར་ཡུག་སྐྱེ་དངོས་སྲུང་སྐྱོང་གི་འབོད་སྐུལ་སྒྲོག་པའི་ཐོག་མར་མིའི་བསམ་བློ་སྲུང་སྐྱོང་འབོད་སྐུལ་སྒྲོག་དགོས་པ་ཡིནནོ།།

མིས་རྟག་ཏུ་གཞན་ལ་བལྟས་ནས་རང་ཉིད་བརྗེད་འགྲོ།དེ་བས་མིག་ལ་ས་རྡུལ་ཞིག་སོང་ན་ད་གཟོད་མིག་ཆུ་འདོན་བཞིན་འཕུར་དགོས་ནའང་ས་རྡུལ་སྔར་བཞིན་འཕུར་ཞིང་མིག་གིས་སྔར་བཞིན་རང་ཉིད་བརྗེད་འདུགརང་ཉིད་དྲན་པའི་སྐད་ཅིག་མར་ད་གཟོད་མིག་བཙུམ་ནས་རང་ཉིད་མུན་ནག་ཏུ་སྡོད་དགོས་བྱུང་།

ལྷ་མང་ས་ན་འདྲེའང་མང་སྟེ་འདྲེ་དང་ལྷ་ནི་མིའི་རྣམ་པ་འགྱུར་མ་འགྱུར་ཙམ་སྟེ་མགོ་རྟིང་ལོག་ནས་འཇིག་རྟེན་ལ་བལྟ་ན་དེ་ནིའདྲེ་ཡིན་ལ། རྒྱང་མཐོང་བཙུགས་ནས་འཇིག་རྟེན་ལ་བལྟ་ན་དེ་ནི་ལྷ་ཡིན་ནོ།།མིའི་སྐྱོན་ཆ་ནི་རང་ལ་སྐྱོན་ཡོད་པ་དེ་མ་ཡིན་པར་སྐྱོན་ཆ་ཁས་མི་ལེན་ཞིང་འགེབས་སྲུང་བྱེད་པ་དེ་ཡིན། དེ་བས་རྩོད་པ་མང་བོ་ཞིག་ནི་ཕན་ཚུན་གྱི་སྐྱོན་ཆ་ཆུང་ངུ་དག་ཆེ་རུ་བཏང་སྟེ་སྐྱོན་ཆ་ཆེན་པོ་ཞིག་འབྱུང་དུ་འཇུག་པ་དེ་ཡིན།མིའི་བཟང་ཆ་ནི་རང་ལ་བཟང་ཆ་ཡོད་པ་དེ་མ་ཡིན་པར་བཟང་ཆ་དར་སྤེལ་དུ་གཏོང་བ་དེ་ཡིན།ཞི་བདེའི་ཆེད་དུ་དམག་འཁྲུག་མི་རྒྱག་ཀ་མེད་ཡིན་ལ་དམག་འཁྲུག་གི་ཁྲོད་ནས་ཞི་བདེ་མི་གླེང་ཀ་མེད་ཡིན་ནོ།། ཞི་བདེ་དང་དམག་འཁྲུག་ནི་བདེན་དྲང་དང་ནོར་འཁྲུལ་གྱི་གནད་དོན་ཡིན་ལ་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་བར་གྱི་འཐབ་རྩོད་ཀྱང་ཡིན་ནོ།།ཞི་བདེ་ནི་གནས་ལུགས་གླེང་བའི་སྡར་མ་ཞིག་མིན་ལ་དམག་འཁྲུག་ནི་བདེན་དོན་རྩོད་པའི་དཔའ་བོ་ཞིག་དེ་བས་ཀྱང་ཡིན་མི་སྲིད་དོ།།

ད་ལྟ་མི་ལ་དགོས་པ་ནི་གནད་དོན་མ་ཡིན་པར་གནས་ལུགས་ཡིན་ལ། གནས་ལུགས་མཁོ་བ་ནི་ཁྲིམས་ལུགས་མ་ཡིན་པར་བརྩེ་བ་ཡིན་ནོ།། ད་ལྟའི་འཇིག་རྟེན་ནི་ཁྲིམས་ལུགས་མང་ཡང་བརྩེ་བ་མེད་པའི་གྲོང་ཁྱེར་ཞིག་ཡིན་ལ་ཀུན་སྤྱོད་ཀྱི་གནས་ལུགས་ཤོར་བའི་འཇིག་རྟེན་འདིར་མཁོ་བ་ནི་མེ་སྒོར་མ་ཡིན་པར་བདེན་དྲང་ཡིན་ནོ།།མི་ཚེའི་འཇིགས་པ་ནི་དམྱལ་བ་ཡིན་ཏེ་དམྱལ་བ་ན་བདེན་དྲང་གི་ཚངས་ཐིག་ཡོད་པས་སུས་ཀྱང་གཡོ་སྒྱུ་བྱ་མི་ཐུབ་པའི་ཕྱིར་རོ།།ཡིན་ནའང་མི་ཆེས་འཇིགས་དགོས་པ་ནི་དམྱལ་བ་མ་ཡིན་པར་གཡོ་སྒྱུ་ཡིན་ཏེ།དེས་མི་གཞན་མགོ་སྐོར་གཏོང་བའི་ཞོར་ལ་རང་ཉིད་ཀྱིས་རང་ཉིད་མགོ་སྐོར་གཏོང་བ་དེ་ཡིན་ནོ།།

མིར་མཁོ་བ་ནི་བདེན་པ་ཡིན་ལ་མིས་རེ་བ་ནི་བདེན་དྲང་གི་འཐབ་རྩོད་ཡིན་མོད་མི་འདི་དག་གིས་ནམ་ཡང་ཀུན་སྤྱོད་དང་བདེན་དྲང་ལ་འཐབ་རྩོད་བྱེད་ཅིང་།མིའི་རྒྱལ་ཁ་རེ་རེ་ནི་རིན་ཐང་བྲལ་བའི་ཀུན་སྤྱོད་དང་བདེན་དྲང་ཤོར་བའི་ཕམ་ཁ་རེ་ཡིན་ཏེ་མདོར་ན་ང་ཚོས་ནམ་ཡང་ཕམ་ཁ་བསྙེག་གྱིན་འདུག

གཞན་གྱི་བཟང་ཆ་རེ་རེ་རང་སྟེང་དུ་ལེན་པ་ནི་རང་ཉིད་ཡར་རྒྱས་སུ་འགྲོ་བའི་རྟགས་ཡིན་ལ་རང་གི་སྐྱོན་ཆ་རེ་རེ་བསལ་བ་ནི་རང་ཉིད་རྗེས་སུ་མི་ལུས་པའི་རྨང་གཞི་ཡིན་ནོ།།གལ་ཏེ་རང་ཉིད་ཀྱི་འབྱུང་འགྱུར་མི་བསམ་ན་གཞན་སྐྱོན་གྱི་གླེང་སྟེར་རང་གི་བཟང་ཆ་སྒྲོགས་ཤིག

མི་ལ་མཁོ་བ་ནི་བསླབ་བྱ་མ་ཡིན་པར་བསླབ་བྱའི་ཉམས་ལེན་ཡིམ་ལ་སློབ་སྟོན་པར་དབུལ་བ་ནིགཞན་ལ་སྟོན་རྒྱུའི་བསླབ་བྱ་མ་ཡིན་པར་རང་གི་བརྩི་རྒྱུའི་བསླབ་བྱ་ཡིན་ནོ།།མིས་གསེར་དངུལ་གྱིས་ཕྱིའི་དགོས་མཁོ་སྐོང་ཐུབ་པ་ཙམ་སྟེ་རང་ཉིད་ཀྱིས་རང་ཉིད་སྐྱོབ་རང་གི་དབུ་སྐྲས་བཏུམ་པའི་གསེར་གྱི་གཏེར་ཁ་དེ་བསློག་དགོས་ལ་རང་ཉིད་ཀྱིས་རང་ཉིད་ཕམ་པར་བཟོ་དགོས་ན་རང་ཉིད་བསྐྱུར་ནས་རང་ཉིད་ཀྱི་ཆེད་དུ་བརྩོན་དགོས།མིས་སང་ཉིན་ལ་རེ་བཞིན་དེ་རིང་གི་རང་ཉིད་ཤོར་བཅུག་པ་ཡིན་ནའང་།ཤོར་བ་ནི་དེ་རིང་མ་ཡིན་པར་སང་ཉིན ་ནོ།། མིའི་རེ་སྨོན་སང་ཉིན་འགྲུབ་པ་ཞིག་ཡིན་པས་གལ་ཏེ་ཁྱེད་ཀྱིས་རང་གི་རེ་སྨོན་འགྲུབ་དགོས་ན་དེ་རིང་ནས་མགོ་རྩོམས་ཤིག རང་གི་རེ་སྨོན་འགྲུབ་མི་དགོས་ན་སང་ཉིན་ནས་མགོ་རྩོམས་ཤིག

རྩོམ་ཁུངས། རྒྱ་གྲོལ།རྩོམ་རིག་འདབས་བརྒྱའི་ཚལ་ཡངས །

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་ཉིད་ལ་བལྟ་བ།

2009-10-11 རྒྱ་གྲོལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།