བོད་སྐད་ཀྱི་འཇིག་ཉེན་ལས་སློབ་ཆེན་དག་གི་བོད་རིག་པའི་ཚན་ཁག་གི་སྐོར།

           སྤྱིར་སློབ་གྲྭ་ཆེན་མོ་ནི་མཐོ་རིམ་ཤེས་ལྡན་མི་སྣ་བསྐྱེད་བསྲིང་བྱ་བའི་རིག་གནས་སློབ་གསོའི་རྟེན་གཞི་གལ་ཆེན་ཞིག་ཡིན་ཙ་ན།མི་རིགས་སློབ་ཆེན་དག་གི་བོད་སྐད་ཡིག་སློབ་གླིང་དག་ལའང་འདིའི་ཐད་ཀྱི་འོས་འགན་ལྕི་བ་སྨོས་ཅི་དགོས།དེས་ན།ང་ཚོས་ཤེས་གསལ་ལྟར།བོད་སྐད་ཡིག་རིག་གནས་སློབ་གླིང་ཞེས་པའི་ཚན་ཁག་གི་མིང་ཟུར་ལས་ཀྱང་དེ་ཉིད་ཀྱི་ངོ་བོ་དང་ཁྱད་ཆོས་གཅིག་སྡུད་ཀྱིས་མཐོང་ཐུབ་པ་སྟེ།དེ་ནི་བོད་ཀྱི་རིག་གནས་དང་སྐད་བརྡ།ལོ་རྒྱུས་སོགས་བརྒྱུད་སྒྲོག་དང་ཁྱབ་བརྡལ་དུ་གཏོང་བའམ་ཞིབ་འཇུག་རང་བཞིན་གྱིས་སློབ་སྦྱོང་བྱ་སའི་བོད་རིག་པའི་སྡེ་ཚན་གལ་ཆེན་ཞིག་ཡིན་པ་མཁྱེན་གསལ་ལྟར།ཡིན་ཡང་ཡིད་སྐྱོ་བ་ཞིག་ལ།འདི་ལྟའི་མཐོ་རིམ་བོད་རིག་པའི་ཚན་ཁག་ལ་དངོས་སུ་ཞུགས་ན།ཚོར་བ་ནི་མངར་སྐྱུར་གཉིས་ཀ་འབྱུང་ལ།སྐབས་བབ་ཀྱི་སྐྱུར་ཚུལ་མདོ་ཙམ་གླེང་ན།བོད་པའི་སྐད་ཡིག་གི་བཀོལ་སྤྱོད་རང་བཞིན་ཡིན།དེ་ཡང་ཐོག་མའི་སྐྱུར་རོ་དེ་ནི་དགེ་རྒན་རྣམ་པས་བྱིན་པ་སྟེ།སྤྱིར་བཏང་དུ་སློབ་ཆེན་སོ་སོའི་བོད་སྐད་ཡིག་ཚན་ཁག་གི་དགེ་རྒན་རྣམ་པའི་ཤེས་ཡོན་གྱི་ཆུ་ཚད་ནི་ནམ་མཁའི་མཐའ་ལྟར་འཇལ་དཀའ་ནའང་།ཁོང་རྣམ་པའི་ཁྲོད་ནས་མང་ཆེ་ཤས་ཀྱིས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དང་ཐ་ན་བོད་སྐད་ཡིག་སློབ་ཁྲིད་ཀྱི་སྐབས་སུའང་སྐད་རིགས་ཕུང་སུམ་པ་(ད་ལྟ་བོད་ཁུལ་གྱི་ས་གནས་སོ་སོར་རྒྱུག་ཆེ་བའི་བོད་སྐད་ཀྱི་ནང་དུ་རྒྱ་སྐད་བསྲེས་ཏེ་བཤད་པའི་སྐད་ཆ་སྟེ།རྒྱ་མིན་བོད་མིན་གྱི་སྐད་རིགས་ཡན་གར་བ་དེ་ལ་བཤད་པ་ཡིན།)འཆད་པ་ནི་ཧ་ཅང་མི་ལེགས་པར་འདོད།བོད་རིགས་མང་ཚོགས་ཡོངས་ཀྱི་ཏོག་ལྟར་གྱུར་པའི་མཐོ་རིམ་ཤེས་ལྡན་མི་སྣ་དག་གིས་ཁ་ནས་མི་རིགས་ཀྱི་དར་རྒུད་གླེང་ཞོར་མི་ཤིག་གི་བླ་སྲོག་ཏུ་གྱུར་པའི་སྐད་ཆ་ཕུང་སུམ་པ་ཞིག་ཏུ་བསྒྱུར་ནས་བཤད་ན།དངོས་ནས་ཉན་མཁན་གྱི་སློབ་གཉེར་བ་ཞིག་ལ་མཚོན་ན་སེམས་སྐྱིད་པོ་ཞིག་ག་ལ་ཡིན་སྲིད།དེ་བཞིན་དགེ་རྒན་ལ་ལས་རང་ཉིད་ཀྱི་བུ་དང་བུ་མོ་ཆུང་དུས་ནས་རྒྱའི་སློབ་གྲྭར་བསྐྱལ་བའི་སྣང་ཚུལ་འདིའང་དེ་འདྲའི་ལེགས་པར་མ་མཐོང་སྟེ།དེ་ནི་མཐར་གཏུགས་ན་བོད་ཀྱི་རིག་གནས་གཙོ་གཉེར་བ་དག་གིས་བོད་སྐད་སྨྲ་མཁན་ཇེ་ཉུང་དུ་གཏོང་བའི་བྱ་སྤྱོད་དངོས་མ་ཞིག་གོ།གཞན་ཡང་ཚན་ཁག་རང་བཞིན་གྱི་ཡིག་ཆ་ཆེ་ཆུང་ཅི་རིགས་བོད་ཡིག་གི་ལམ་ནས་འབྲི་བ་ནི་ཧ་ཅང་དཀོན་ལ།ཐ་ན་སློབ་མ་ཚོས་སྡེ་ཁག་ལ་རེ་འདུན་ཞུ་ཡིག་སོགས་རྒྱུན་སྤྱོད་ཡིག་རིགས་གང་རུང་ཞིག་འབྲི་ནའང་རྒྱ་ཡིག་གི་འབྲི་དགོས་པའི་བསམ་ཚུལ་སྟོན།དྲང་མོར་བཤད་ན།ང་ཚོས་བོད་ཡིག་སྦྱོང་བ་ནི་འདི་ལྟའི་རྒྱུན་སྤྱོད་ཀྱི་ཡིག་ཆ་ཙམ་འབྲི་བར་ཡང་རྔོ་མི་ཐོགས་ན་དེ་སྦྱང་ནས་ཅི་བྱ།བོད་ཡིག་ཚན་ཁག་ནི་བོད་ཡིག་སྦྱོང་ས་ཞིག་ལས་བོད་ཡིག་བཀོལ་སྤྱོད་བྱེད་ས་ཞིག་ཡིན་པའི་ཚོར་སྣང་ཡེ་ནས་མི་སྟེར་བ་ནི་དོན་དངོས་སུ་ཞིག་ལན་པ་ཡིན།རང་རྒྱལ་གྱི་མི་རིགས་སྐད་ཡིག་བྱ་བའི་བཅའ་ཁྲིམས་ཁག་ཏུ་མི་རིགས་ས་ཆར་མི་རིགས་རང་གི་སྐད་ཆ་དང་ཡི་གེ་བཀོལ་སྤྱོད་བྱེད་རྒྱུའི་བདག་དབང་སྤྲད་ཡོད་བཞིན་དུ།ང་ཚོ་མཐོ་རིམ་བོད་སྐད་ཡིག་ཚན་ཁག་དག་གིས་མགོ་ནས་ལམ་ལུགས་དེ་ལག་བསྟར་མ་བྱས་ན།གཞི་རིམ་གྱི་མི་དམངས་མང་ཚོགས་ལ་ཁག་ཅི་ཡོད།བློ་མཐུན་སི་ཏ་ལིན་གྱིས་གསུངས་པ་ལྟར་མི་རིགས་ཤིག་གི་ཁྱད་ཆོས་བཞི་ལས་སྐད་ཆ་ནི་བླ་སྲོག་ཏུ་གྱུར་པ་ཡིན་ན།ང་ཚོས་བླ་སྲོག་དེ་བཏང་སྟེ་བེམ་རོ་ཙམ་ལ་འཐམས་ན་དགོས་པ་ཅི་ཡོད།སློབ་ཆེན་ལ་ལས་བོད་ཡིག་ཚན་ཁག་ལ་མཚོན་ན།བོད་ཀྱི་རིག་གནས་དར་སྤེལ་དང་ཞིབ་འཇུག་གི་ཐད་ནས་ཕྱག་རྗེས་ཟབ་ན་ཐང་མོད།བོད་ཡིག་བཀོལ་སྤྱོད་ཀྱི་ཐད་ནས་བལྟས་ན་ངོ་མ་ཡིད་མུག་པ་ཞིག་རེད།བོད་རིགས་སློབ་མའི་བོད་ཡིག་གི་ཁྲིད་གཞི་མང་ཆེ་ཤས་རྒྱ་ཡིག་གི་ལམ་ནས་བྲིས་པའི་དཔེ་དེབ་དག་ཡིན་པ་མ་ཟད།རྒྱུགས་གཞི་ཐམས་ཅད་ཀྱང་རྒྱ་ཡིག་གི་ལམ་ནས་འབྲི་བ་སྟེ།བོད་རིག་པའི་ཞིབ་འཇུག་སློབ་མ་བསྡུ་བའི་བོད་ཡིག་ལོ་རྒྱུས་སོགས་ཀྱི་རྒྱུགས་ཚིག་དག་ཀྱང་རྒྱ་ཡིག་གིས་བྲིས་འདུག་པས།དེ་མཐོང་བ་ཙམ་གྱིས་སེམས་གཏིང་ནས་ཨ་ཁ་ཞེས་པའི་དབུགས་རིང་ཞིག་རང་དབང་མེད་པར་ཕྱུང་།ད་དུང་རྒྱུགས་ཚིག་ལ་ལའི་ཟུར་དུ་用藏文答ཞེས་བྲིས་པར་གཞིགས་ན།ཕལ་ཆེར་རྒྱུགས་ཚིག་འབྲི་མཁན་གྱི་དགེ་རྒན་དེ་ཉིད་བོད་ཡིག་མི་ཤེས་པའི་རྒྱ་རིགས་ཤིག་ཡིན་ནམ།ཡང་ན་བསྡུ་བྱའི་སློབ་མ་དེ་དག་རྒྱ་རིགས་ཡིན་ཞེས་པའི་དོགས་སྣང་བཅོས་མིན་དུ་སྟེར།དེའི་ཕྱིར་བོད་ཡིག་གི་རྨང་གཞི་བཟང་བའི་སློབ་མ་ཁག་ཅིག་ལ་མཚོན་ན་རྒྱུགས་རའི་ནང་དཀའ་ཁག་མང་པོར་འཕྲད་པ་སྟེ།གཅིག་ནས་ལྟོས་བཅོས་ཀྱིས་རྒྱ་ཡིག་གི་རྨང་གཞི་ཅུང་ཞན་པས་རང་གི་སེམས་ལ་འཆར་བ་ཇི་བཞིན་རྒྱུགས་ཤོག་ཏུ་ཕབ་མ་ཐུབ་པ་དང་།གཉིས་ནས་སློབ་གྲྭ་སྔོན་མར་ལོ་རྒྱུས་དང་རིག་གནས་སོགས་བོད་ཡིག་གི་ལམ་ནས་སྦྱངས་རྐྱེན།རྒྱ་ཡིག་གི་ལམ་ནས་བྲིས་པའི་རྒྱུགས་ཚིག་ཁྲོད་ཀྱི་ཐ་སྙད་ལ་ལའི་གོ་བ་མི་ལོན་པ་སོགས་ཀྱིས་ཕམ་ཁ་མྱོང་བའི་གནས་ཚུལ་ཀྱང་གང་མང་རེད།དེས་ན་བོད་རིག་པའི་སྡེ་ཁག་དེ་དག་གིས་བོད་རིགས་སློབ་མ་རྣམས་ལ་དེ་ལྟའི་དགོས་མེད་ཀྱི་གེགས་རྡོ་ལམ་དཀྱིལ་དུ་འཇོག་པའི་རྒྱུ་མཚན་གསལ་པོ་ཞིག་མི་རྟོགས་ཀྱང་།གང་དེས་བོད་རིག་པའི་སྒོ་ངའི་ནང་གི་མངར་ཆ་སྟེ་བོད་ཀྱི་ལོ་རྒྱུས་དང་རིག་གནས་ལ་དུང་ཞིང་།མངར་ཆ་དེ་ཉིད་ལེགས་པར་བསྐྲུན་པའི་སྒོང་ཤུན་ཏེ།བོད་ཀྱི་སྐད་ཡིག་ལ་དོ་སྣང་མི་བྱེད་པའི་བྱ་སྤྱོད་དེར་ངོ་མ་ཡིད་སྐྱོའོ། །དེ་བཞིན་སྐྱུར་རོ་གཉིས་པ་གནང་མཁན་ནི་ཉེ་འགྲམ་གྱི་སློབ་གྲོགས་དག་ཡིན་པ་སྨོས་ཅི་དགོས།གོང་སྨྲས་ལྟར་སྒོ་ངའི་ནང་སྙིང་ལ་དུང་ཞིང་།སྒོང་ཤུན་ནི་དངོས་ནས་དོན་དངོས་ཀྱི་སྒོང་ཤུན་ལྟར་དོ་སྣང་མི་བྱེད་པའི་ཁོར་ཡུག་དག་ན་འཚར་ལོངས་བྱུང་བཞིན་པའི་བོད་རིགས་ན་གཞོན་རྣམས་ནི་རྔ་ཇི་ལྟར་རྡུང་ན་བྲོ་དེ་ལྟར་འཁྲབ་པའི་དཔེ་ལས་མ་འདས་ཏེ།དུས་རྒྱུན་གྱི་འཚོ་བའི་ཁྲོད་ཕན་ཚུན་ལ་བསམ་བློ་བརྗེ་རེས་བྱ་བའི་ལག་ཆ་ནི་སྐད་རིགས་ཕུང་སུམ་པའམ་རྒྱ་སྐད་ཡིན་ལ།བོད་སྐད་རྐྱང་བའི་ལམ་ནས་ཁ་བརྡ་བྱེད་ཐུབ་མཁན་ནི་ཉིན་མོའི་སྐར་མ་བཞིན་དཀོན།དེ་ལས་ཀྱང་ངུ་བྲོ་བ་ཞིག་ལ།སློབ་གྲོགས་མང་ཆེ་ཤས་ལ་མཚོན་ན།སློབ་ཆེན་དུ་ཉི་མ་ཕུད་ཙམ་བྱས་ཏེ་མཐར་ཕྱིན་རྗེས་བྱ་བ་ལེགས་པོ་ཞིག་འཚོལ་རྒྱུའི་ཐད་ལ་སེམས་ཁུར་ལྕི་བ་ལས།རང་ཉིད་ནི་བོད་རིགས་སློབ་མ་ཞིག་ཡིན་པས་ཆ་ནས་འོས་འགན་ག་འདྲ་ཡོད་པ་དང་།བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་གནས་བབ་ཇི་འདྲ་ཡིན་པ།རང་དང་རང་གི་ཉེ་འཁོར་གྱི་དགེ་སློབ་ཚོས་བཤད་པའི་སྐད་ཆ་སོགས་ཀྱི་ཐད་ལ་དོ་སྣང་སྤུ་ཙམ་ཡང་བྱེད་ཀྱིན་མེད།བྱ་སྤྱོད་དེའི་རིགས་ནི་ངོ་མ་མི་ལེགས་པར་འདོད་པ་སྟེ།ང་ཚོ་དགེ་སློབ་སུ་ཡིན་རུང་རང་ཉིད་ཀྱི་འཚོ་སྡོད་ཐད་ལ་སེམས་ཁུར་ཅི་ཡང་མེད་པ་ཞིག་གཏན་ནས་མེད་མོད།ང་ཚོས་རང་ཉིད་ཅི་ཞིག་ཡིན་པ་དང་།འོས་འགན་ག་འདྲ་ཡོད་པ་སོགས་ཀྱི་ཐད་ལ་ངེས་པར་དུ་བསམ་བློ་བཏང་སྟེ།མ་འོངས་པའི་བོད་རིགས་སྤྱིའི་འཚོ་སྡོད་ཀྱི་ཐད་ལ་སེམས་ཁུར་བྱ་རྒྱུ་ནི་དེ་ལས་ཀྱང་གཙོ་བར་འདོད་དོ།ཡང་གཅིག་བཤད་ན།ང་ཚོ་ནི་བོད་མི་སྤྱིའི་ཐད་ནས་གླེང་ན་ཅུང་ཚབ་མཚོན་རང་བཞིན་གྱི་སྣེ་འདྲེན་པ་དག་ཡིན་པས་མིག་དཔེ་གཞན་སྟོན་གྱི་ནུས་པ་འདོན་པ་ལས།ཆུར་སྣ་གར་ཁྲིད་ཀྱི་བརྟུལ་ཞུགས་བཟུང་སྟེ་ཉི་མ་འཁྱོལ་ཐབས་ཙམ་བྱས་ན།གཞི་རིམ་ས་ཁུལ་གྱི་མི་དམངས་མང་ཚོགས་ལ་ལྟ་ཅི།དེ་བས་བོད་ཀྱི་ཤེས་ལྡན་མི་སྣར་རློམ་པའི་ང་ཚོ་མཐོ་རིམ་བོད་རིག་པའི་ཚན་ཁག་དག་གི་དགེ་སློབ་ཡོངས་ཀྱིས་སློབ་ཁྲིད་ཀྱི་སྒྲིག་གཞི་དང་།སྐད་ཡིག་གི་བཀོལ་སྤྱོད།མི་རིགས་ཀྱི་ཁྱད་ཆོས།རིག་གནས་དང་ལོ་རྒྱུས་སོགས་ཕྱོགས་གང་ཐད་ལ་མནོ་བསམ་བསྐྱེད་དེ།  མི་རིགས་འདི་ཉིད་ཀྱི་དར་རྒུད་ལ་མཐོང་ཆེན་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་ལས་ཤིག་ཡིན་ལ།ལྷག་པར་དུ་མི་རིགས་ཤིག་གི་བླ་སྲོག་ཏུ་གྱུར་པའི་སྐད་ཡིག་གི་བཀོལ་སྤྱོད་ལ་དོ་སྣང་ལེགས་པོ་བྱ་དགོས་ཞེས་གལ་བོ་ཆེ་ལ་ནན་གྱིས་ཞུ་འདོད་པ་དེའོ།

རྩོམ་ཁུངས། ཧི་གཟུགས་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་སྐད་ཀྱི་འཇིག་ཉེན་ལས་སློབ་ཆེན་དག་གི་བོད་རིག་པའི་ཚན་ཁག་གི་སྐོར།

2009-10-10 སྐལ་རྒྱམ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།